མི་གང་དག་གིས་བ་དམ་ཟ་མི་རུང་ངམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-28   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

གཅིག  འཇུ་སྟོབས་ཞན་པའི་མི།  

གཅིག  འཇུ་སྟོབས་ཞན་འི་མི།  
བ་དམ་གྱི་ནང་དུ་ཞག་ཚིལ་འདུས་ཚད་མང་བས།  རྒྱུ་ཚད་དང་འཁྲུ་བཤལ་སོགས་ཡོད་པའི་ཕོ་རྒྱུའི་ནུས་པ་ཞན་མཁན་གྱིས་ཟོས་ན་ནད་བབ་ཇེ་ལྕིར་གཏོང་སྲིད།

གཉིས།  མཁྲིས་པ་བླངས་ཟིན་པའི་མི།  

བ་དམ་ནང་གི་ཞག་ཚིལ་དེ་མཁྲིས་ཁུ་ལ་བརྟེན་ནས་འཇུ་དགོས་པས།   ནད་པར་གཤགས་བཅོས་བྱས་ནས་མཁྲིས་པ་བླངས་ཡོད་ཚེ།  དེའི་མཁྲིས་ཁུ་གསོག་ཉར་བྱེད་པའི་ནུས་པ་ཤོར་ཡོད་སྟབས།  ནད་པ་དེ་རིགས་ཀྱིས་བ་དམ་ཟོས་ན་མ་ཞི་བའི་ནད་སློང་སླ་བ་ཡིན།

གསུམ།  ཁྲག་ཚིལ་མཐོ་བའི་མི།  

བ་དམ་གྱི་ནང་དུ་ཞག་ཚིལ་གྱི་འདུས་ཚད་མཐོ་སྟབས།  ཁྲག་ཚིལ་མཐོ་བའི་མིས་བ་དམ་ཟོས་ན་ཁྲག་ནང་གི་ཚིལ་རྒྱུ་ཇེ་མཐོར་སོང་སྟེ།  འཕར་རྩ་སྲ་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད།  སྙིང་ནད་སོགས་སློང་སླ་བ་ཡིན།