བདེ་ཆེན་གྱིས་སྲིད་དོན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་བླངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་གྱི་སྲིད་དོན་ཞབས་ཞུ་དོ་དམ་གྱིས་སྤྱོད་ཚུལ་གསར་བརྗེར་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱས་པ་དང་།  རང་འགུལ་གྱིས་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་“སྲིད་དོན་ཞབས་ཞུ་+”ལས་དོན་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བ།  2023ལོའི་ལོ་སྟོད་དུ།  ཁུལ་ཡོངས་ཀྱིས་མངག་གཏོང་དོན་ཚན་4604དང་ལེན་བྱས་པ་དང་།  དྲ་ཐོག་ནས་སྒྲུབ་ཐུབ་ཚད་99.72%ཟིན་ཡོད་པ་དང་། གོ་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་ཚད་93.61%ཟིན་ཡོད་པ་རེད།


    “སྲིད་དོན་ཞབས་ཞུ+ཏང་འཛུགས་སྐྱོང་”རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ།  ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཀྱིས་སྲིད་དོན་ཞབས་ཞུའི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་ལ་དམ་པོ་དམིགས་ནས། མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཏང་ཡོན་དང་བླངས་ཞབས་ཞུ་དང་སྲིད་དོན་ཞབས་ཞུའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།  ཁུལ་རིམ་པའི་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱིས་ཏང་གཤིས་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བའི་སྟེགས་བུ་སྐྲུན་ཏེ།  ཏང་ཡོན་དཔེ་སྟོན་ལས་གནས་བཀོད་སྒྲིག་བྱས་པ་དང་བདེ་ཆེན་ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཏང་ཀྲི་པུའི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་དང་བདེ་ཆེན་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་དམངས་ཕན་ཞབས་ཞུ་རུ་ཁག་བཙུགས་པ་བརྒྱུད་ཕྱོགས་ཡོངས་ནས་སྲིད་དོན་ཞབས་ཞུའི་སྤྱོད་ཚུལ་འཛུགས་སྐྱོང་དང་ནུས་ཕྱོད་འཛུགས་སྐྱོང་དང་དེ་བཞིན་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ནུས་པ་དང་ཆུ་ཚད་མཐོར་འདེགས་པ་དང་།  ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་སྲིད་དོན་ཞབས་ཞུའི་ཆུ་ཚད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་ནུས་མཐོར་འདེགས་པ། 


    “སྲིད་དོན་ཞབས་ཞུ+མི་རིགས་མཐུན་སྒྲིལ”རྒྱུན་ཆད་མེད་པར་དྲག་ཏུ་བཏང་བ།  ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས།  སྣོད་བཅུད།  མཐའ་མཚམས་བརྟན་ལྷིང་བཅས་དོན་ཚན་ཆེན་པོ་བཞི་ལ་དམ་པོ་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ལ་གཅིག་བསྡུས་བྱས་ནས།  མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་ཁག་གསར་འཛུགས་དང་། གྲངས་ཉུང་མི་རིགས་ཞབས་ཞུའི་སྒེའུ་ཁུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་བར་ཁྱངས་བཀོད་སྒྲིག  སྒེའུ་ཁུང་གིས་མི་རིགས་སྐད་བརྡའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ཞེས་པའི་གསལ་སྟོན་བྱང་བུ་བཞག་པ་བརྒྱུད།  སྲིད་དོན་ཞབས་ཞུའི་དངོས་གཞིའི་ཚོམས་ཆེན་གྱིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་ཁེབས་རྒྱ་དང་དཔེ་སྟོན་གྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།  དུས་རབས་གསར་པའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སེམས་ནང་ཟུག་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་པའི་ཁྲིད་སྟོན་བྱས་པ།


    “སྲིད་དོན་ཞབས་ཞུ་+བདེ་ཆེན་དཔྱད་མོལ་”རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ།  བདེ་ཆེན་ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཀྱིས་སྤྱོད་ཚུལ་གྱི་དཔྱད་མོལ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དཔྱད་མོལ་ལྷུ་ཚིགས་སྟབས་བདེ་རུ་བཏང་ནས་མང་ཚོགས་དང་ཁེ་ལས་ཀྱིས་རང་འགུལ་ངང་དཔྱད་མོལ་བྱ་རྒྱུར་སྐུལ་སློང་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་ལྟ་སྐུལ་མ་ལག་འཛུགས་པ་དང་།    སྲིད་དོན་ཞབས་ཞུའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ།  “བདེ་ཆེན་གྱི་དཔྱད་མོལ་”སྐར་ཁུང་བཙུགས་ནས་དངོས་གཞིའི་ཚོམས་ཆེན་གྱི་སྐར་ཁུང་ལས་དོན་མི་སྣའི་འགན་འཁྲི་འཁུར་སེམས་དང་། ཞབས་ཞུའི་ཕན་ནུས། སྤྱོད་ཚུལ་གྱི་གཟུགས་བརྙན་སོགས་ཀྱི་ཐད་རྒྱུན་རྣམ་ཅན་གྱི་དཔྱད་མོལ་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།