ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུ་ཕྱིར་སྤོ་བྱེད་མང་ཤོས་དུས་ལ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-01   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ལོ་རེའི་སྤྱི་ཟླ་5པ་ནས་7པའི་བར། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་ཤིན་ཅང་ཨའར་ཅིན་ཧྲན། བོད་ཀྱི་བྱང་ཐང་བཅས་ཀྱི་གཙོད་མོ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུ་ཉེ་འགྲམ་དུ་གནས་སྤོ་བྱེད་ཅིང་། གཙོད་ཕྲུག་བཙས་རྗེས་སླར་ཡང་གཙོད་ཕྲུག་ཁྲིད་ནས་དེ་སྔའི་འཚོ་གནས་ཁུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད། 

    སྤྱི་ཟླ་7པའི་ཟླ་སྨད་དུ་སླེབས་སྐབས། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུ་འགྲམ་དུ་གཙོད་ཕྲུག་བཙས་རྗེས། གཙོད་མོ་རྣམས་ནས་གཙོད་ཕྲུག་ཁྲིད་དེ་སྔར་གྱི་འཚོ་གནས་ཁུལ་དུ་ལོག་གི་ཡོད། དེའི་ནང་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁུལ་ནས་ཡོང་བའི་གཙོད་རྣམས་གཅིག་རྗེས་གཉིས་མཐུད་ངང་མཚོ་བོད་གཞུང་ལམ་བརྒྱུད་དེ་འཚོ་གནས་ཁུལ་དུ་བསྐྱོད་ཀྱི་ཡོད། 

     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཙང་གསུམ་ཆུ་འགོའི་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། མིག་སྔར་གཙོད་300ལྷག་ཙམ་མཚོ་བོད་གཞུང་ལམ་བརྒྱུད་ཡོད་པ་དང་། གཙོད་ཕྱིར་སྤོ་བྱེད་མང་བའི་དུས་སུ་སླེབས་ཡོད་པ་རེད།