བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་ལྗང་མཛེས་གནམ་ཐང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་།བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་སེམས་ནུས་གཅིག་སྒྲིལ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་སྣེ་ཁྲིད་དུ་བྱས་ནས་ལྗང་མཛེས་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད།

        ཤེས་གསལ་བྱུང་དོན།  ད་ལོའི་ལོ་འགོར། ལྗང་མཛེས་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་བརྗོད་དོན་གཙོ་བོར་བྱས་ཏེ་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་དཔྱད་ཞིབ་ཐེངས་མང་བྱས་རྗེས་མཐའ་མའི་ཇུས་གཞི་གྲུབ་སྟེ། མཁའ་འགྲུལ་ས་ཚིགས་"སྔོ་ལྗང"དང་།  ཁང་པའི་ནང་"མཛེས་པ"  སྔོ་ལྗང་ཕན་ཚུན་འཚམ་སྟེ་ཞི་མཐུན་མཉམ་གནས་བཅས་དམིགས་ཚད་དུ་བྱས་ཏེ་གནམ་ཐང་གི་སྒོ་ཁ་དང་། གནམ་ཐང་གི་རླངས་འཁོར་འཇོག་སའི་མཐའ་འཁོར་གྱི་སྔོ་ལྗང་ཁུལ། རླངས་འཁོར་འཇོག་གནས་ལོགས་འཇོག་ཁུལ། འཚོ་བའི་ཁུལ་གྱི་སྤྱི་པའི་གསང་སྤྱོད་ཀྱི་མདུན་རྒྱབ། འཕུར་སྐྱོད་ཁུལ་ནང་གི་གནམ་གྲུ་སྒུག་སའི་ཐོག་ཁང་གི་འགྲམ། གནམ་ཐང་གི་བྱང་ངོས་ཀྱི་ས་སྟོང་བཅས་སྔོ་ལྗང་གསབ་འདེབས་དང་གནས་སྤོ་སྒྱུར་བཀོད་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པའི་ཆ་ཤས་ཉམས་གསོ་གསར་སྒྱུར་བྱ་རྒྱུ།  གནམ་གྲུ་སྒུག་སའི་ཐོག་ཁང་ལ་ཁང་པའི་ནང་སྔོ་ལྗང་ཅན་དུ་འགྱུར་བའི་སྒྱུར་བཀོད་དང་མཛེས་ལྗོངས་རིམ་སྤོར་བྱས་ཏེ་རང་ངོས་ཀྱི་དོན་དངོས་དང་མཐུན་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་ལ་ས་ཁོངས་ཀྱི་རྩི་ཤིང་གི་ཡུལ་སྲོལ་གོམས་གཤིས་མངོན་པའི་གནམ་ཐང་སྔོ་ལྗང་ཅན་དུ་འགྱུར་བའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་པའི་འཆར་གཞི་འགོད་པ།  དུས་མཚུངས་སུ། གནམ་ཐང་གིས་གནམ་གྲུ་སྒུག་སའི་ཚོམས་ཆེན་ནང་བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་དང་"མངོན་མིན་རིག་གནས་ཤུལ་བཞག་"འགྲེམས་སྟོན་ཁུལ་བཙུགས་ནས་གངས་ལྗོངས་ས་མཐོའི་ཡུལ་སྲོལ་གོམས་གཤིས་དང་དར་རྒྱས་ཆེ་བའི་མཛེས་ལྗོངས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྩིས་ཡོད་པ་དང་འབྲེལ་ཉི་ཤར་རྫ་ནག་དང་། སྲོལ་རྒྱུན་བོད་སྨན། ཐང་ག  བོད་སྤོས། ཤིང་ཕོར་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་དངོས་རྫས་འཇོག་རྩིས་ཡོད།  གནམ་ཐང་གི་ཕྱི་ཕྱོགས་སྐར་ཁུང་དེར་བརྟེན་ནས་བདེ་ཆེན་ས་མཐོའི་སྣ་མང་ཕུན་སུམ་ཚོགས་པ་དང་ནང་དོན་གཏིང་ཟབ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་མངོན་པ་དང་ཕྱུག་པོ་ཆགས་ནས་གྲུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་མངོན་པ་བྱས་ཏེ་བོད་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་གང་ལེགས་མངོན་པ་དང་བདེ་ཆེན་ཁུལ་གྱི་གཟུགས་བརྙན་ཡག་པོ་བཏོད་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་བརྒྱུད་སྤེལ་ལ་རོགས་རམ་བྱས་ནས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།

        ཉེ་བའི་ལོ་ཤས་རིང་།   བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་ཐོན་ཁུངས་གྲོན་ཆུང་དང་། ཁོར་ཡུག་མཛའ་མཐུན། ཐཱན་ཉུང་བཙོག་འབུད་ཉུང་གཏོང་། འཁོར་སྐྱོད་ལས་ཆོད་ཆེ་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་ས་མཐོའི་"མེ་ཏོག་ལྡུམ་རའི་གནམ་ཐང་"འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་ཆེད་ལས་ཀྱི་སྔོ་འགྱུར་ཀུང་སི་དང་མཉམ་ལས་བྱས་ནས་"མཛེས་སྡུག་ལྡན་པའི་གནམ་ཐང་གི་སྐྱེད་ཚལ་འཛུགས་སྐྲུན་མཐོར་གཏོང་"གི་རྣམ་གྲངས་རྒྱུན་མཐུད་ངང་སྤེལ་བ་དང་།  གནམ་ཐང་སྔོ་འགྱུར་འཛུགས་སྐྲུན་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ནས་བདེ་ཆེན་མཐོ་སྒང་གི་གདོད་མའི་ཤིང་རིགས་སྣ་མང་བཙུགས་ཡོད་པ་མ་ཟད། ཁོངས་མི་ཡོངས་སྒྲིག་འཛུགས་བྱས་ཏེ་ཐང་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས་"སྔོ་ལྗང་དང་། དཀར་ཆ་དོད་པ། དྭངས་གཙང་། མཛེས་པ་"བཅས་དམིགས་ཚད་དུ་བྱས་ཏེ་གད་སྙིགས་གཙང་འཕྱག་དང་། རྩྭ་ངན་གཙང་སེལ། ཕྱི་རོལ་གྱི་མཛེས་ལྗོངས་འོད་སྣང་ཅན་དུ་འགྱུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྔོ་ལྗང་ཅན་དང་མཛེས་བཟོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་གནམ་ཐང་གི་གཟུགས་བརྙན་ཡག་པོ་ཞིག་ཧུར་ཐག་བཏོད་དེ་"ལྗང་མཛེས་གནམ་ཐང་"འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཡོད།