རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། སྟོན་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སྟོན་ཚུགས་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་བཅུ་གསུམ་པ་ཡིན་ལ། སྟོན་འགོ་ཚུགས་པའི་དུས་ཚིགས་ཀྱང་ཡིན། རྒྱ་སྐད་ནང་དུ“立”ཟེར་བ་ནི་འགོ་ཚུགས་པའི་དོན་ཡིན་པ་དང་།  “秋"ཟེར་བ་ནི་ལོ་ཏོག་སྨིན་པའི་དོན་ཡིན།  སྟོན་ཚུགས་དུས་ཚིགས་སླེབས་པ་དང་ཆབ་གཅིག་ཏུ་གནམ་གཤིས་རིམ་བཞིན་ཇེ་བསིལ་དུ་ཕྱིན་པ་དང་། ཞིང་པ་རྣམས་ཀྱིས་རྒྱུན་དུ་སྟོན་འགོ་ཚུགས་རྗེས་དབྱར་ཁའི་ལོ་ཏོག་གི་འབྲས་བུ་བསྡུ་བ་མ་ཟད་སྟོན་ཁའི་ཞིང་ལས་བྱ་འགུལ་ཀྱང་སྤེལ་བ་རེད། སྟོན་ཚུགས་ནི་དུས་ཚིགས་གལ་ཆེན་ཞིག་ཡིན་པས། དེ་ཡིས་ལོ་ལེགས་དང་རང་བྱུང་ཁམས་ཀྱི་གཅེས་སྤྲས་དང་སྨོན་ལམ་མཚོན་གྱི་ཡོད།