རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་13ཉིན་2023ལོའི་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་དུས་ཆེན་གྱི“ཚོང་ལས་རིག་གནས་ཡུལ་སྐོར”མཉམ་འདྲེས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིམ་སྤེལ་བྱེད་སྒོ་དང་སྐབས་བརྒྱད་པའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཚོགས་འདུ་མི་རིགས་རིག་གནས་ཐང་ཆེན་དུ་འཚོགས།
འགོ་ཚུགས་མཛད་སྒོའི་ཐོག《རྨི་ལམ་ཁྲོད་ཀྱི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ》ཞེས་པའི་མི་རིགས་གླུ་གར་གྱི་སྙན་ངག་ཟློས་གར་ཐོག་མ་འཁྲབ་འགོ་ཚུགས་པ་རེད། སྙན་ངག་ཟློས་གར་འདི་《དག་ཞིང་》དང་《དར་རྒྱས་》《ཕུགས་འདུན》《འཆམ་མཐུན》བཅས་ལེའུ་ལྔ་ཡིས་གྲུབ་ལ། ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་དང་བག་ཕེབས་ཀྱི་ཉམས་འགྱུར། ཕུན་སུམ་ཚོགས་པའི་བརྩེ་བ་བཅས་ཀྱི་ཐོག་ནས། མཐའ་མཚམས་ཀྱི་བུ་ཕྲུག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”གཏོད་པར་གྲུབ་འབྲས་རེ་རེ་བཞིན་ངོ་སྤྲོད་བྱས་ལ། དུས་རབས་གསར་པའི་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཞི་མཐུན་མཉམ་གནས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་སྟེ་བདེ་ཆེན་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མཉམ་དུ་གཏོད།
ཐང་ཆེན་གྱི་གཞོགས་གཉིས་སུ་ཐོན་རྫས་འགྲེམས་ཚོང་སྟེགས་བུ་སྣ་ཚོགས་ཡོད་པ་དང་། ཤིང་ཆས་དང་མི་རིགས་ཀྱི་གྱོན་གོས། ཆང་དམར་སོགས་བཟའ་བཅའ་སྣ་ཚོགས་ཀྱིས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་འདུག་ལ། ཐེངས་འདིའི་འགྲེམས་ཚོང་ཚོགས་འདུར་ཁུལ་ནང་ནས་ཡོང་བའི་ཁེ་ལས་བ་དང་ཚོང་བ་30དང་ཡུས་ཤིས། ཆུས་ཅིན།པའོ་ཧྲན་སོགས་ཁུལ་གྲོང་ཁྱེར་6གི་ཚོང་པའི་ཁེ་ལས་27ཚོང་འགུག་བྱས་ཡོད་དེ། ཁྱོན་འགྲེམས་ཚོང་ནང་ཞུགས་པའི་དུས་ཚོད་ཟླ་9ཚེས་16ཉིན་བར་བཤམ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་རིགས་མཐུན་སྒྲིལ་དུས་ཆེན་རིང་།“ཚོང་པའི་རིག་གནས་ཡུལ་སྐོར་”མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རིམ་སྤེལ་བྱེད་སྒོ་དེས་རིག་གནས་དང་འཁྲབ་སྟོན། འགྲེམས་སྟོན་སོགས་ཀྱི་ལས་རྣམ་ཚོང་ལས་ཁྱབ་ཁོངས་ནང་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མི་རིགས་ཀྱི་རིག་གནས་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་དང་ཕྱི་ཕྱོགས་ཀྱི་ཐོན་རྫས་མཉམ་འདྲེས་བྲིན་ཚོང་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི་”སྤུས་རྟགས་ཀྱི་མཚན་ཉིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི་” མཚན་སྙན་བདག་སྲུང་ཡག་པོ་བྱེད་བཞིན་ཡོད།