མདོ་ལ་རིང་མོའི་ལྗོངས་བཀོད་ལྟ་ན་སྡུག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    སྟོན་མགོ་ཚུགས་དུས། ཨ་སྔོན་དང་སྤྲིན་དཀར་གྱི་འོག་ཏུ་མདོ་ལ་རིང་མོའི་ས་གདན་ཐང་ལ་བཏིངས་འདྲའི་རྩྭ་ཐང་དེ་གནམ་སའི་མཚམས་སུ་བསྲིངས་ཡོད་པ་དང་། ནོར་ལུག་གི་ཁྱུ་ཚོགས་ཀྱིས་དཀྱིལ་ལ་ཕྲ་རྒྱན་བཏབ་ཡོད། རྒྱང་རིང་གི་རི་བོ་གངས་དཀར་གྱིས་བཀླུབས་ཏེ་མཁའ་དབྱིངས་སུ་ཀྲོང་ངེར་འགྱིང་ཡོད་ཅིང་། གནམ་སའི་བར་མཚམས་ན་རྫི་གླུ་ལྷང་ལྷང་གྲགམདོ་ལ་རིང་མོ་ནི་རང་རྒྱལ་གྱི་འཁྱགས་རོམ་དང་ཆུ་ཁུངས་གསོག་སྐྱིལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཞིག་ཡིན་པས“ཀྲུང་གོའི་བརླན་སའི་གླིང་ཕྲན”ཞེས་པའི་མཚན་སྙན་ཡོད་པ་དང་། མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གཅིག་ཏུ་སྦྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ“ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་དང་རྨ་ནུབ་ཁྱམས་རིང་གསོ་སྐྱོང་བྱེད་པའི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་ཀྱི་བྱ་སྤྱོད་ཧུར་ཐག་སྒོས་སྤེལ་ནས།རྒྱལ་ཁབ་ཀྱི་གཙོ་ཆེའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་པར་སྐུལ་འདེད་བཏང་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་དུམ་ཁུལ)གི་ཐོན་ཁུངས་ཆ་རྐྱེན་ལ་གཞིགས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བསམ་ཕྱོགས་ལ་ཞིབ་འཇུག་དང་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་བྱེད་པའི་བརྗོད་གཞིར་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས་ལན་བཏབ་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།2019ལོ་ནས་བཟུང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་སྔ་རྗེས་སུ་ཀྲུང་གོ་ཚན་རིག་ཁང་དང་། པེ་ཅིན་ནགས་ལས་སློབ་ཆེན། པེ་ཅིན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་སློབ་ཆེན་སོགས་ཚན་ཞིབ་ལས་ཁུངས22ཀྱི་ཚན་ཞིབ་ཚོགས་པ34དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྲུང་སྐྱོབ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་གཞི་གྲངས་ཆེན་མོ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས། རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་ཁུངས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས། གླིང་ཁུལ་གྱིས་ལས་ཁུངས་མང་པོ་ཞིག་གི་ཆེད་མཁས་པ་དང་མཉམ་འབྲེལ་སྒོས་གསའ་དང་། རྩྭ་གཡི། ཁྲུང་ཁྲུང་སྐེ་ནག་སོགས་དཀོན་གྲས་སྲོག་ཆགས་དཀྱིལ་སྙིང་དུ་འཛིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཞིབ་འཇུག་བྱ་བ་སྤེལ་ཞིང་། སྔ་རྗེས་སུ་གསའ5དང་། རྩྭ་གཡི10། ཁྲུང་ཁྲུང་སྐེ་ནག38བཅས་ལ་སྲུང་སྐར་རྗེས་འདེད་ཡོ་བྱད་བཏགས་རྗེས་ཕྱིར་རང་བྱུང་ཁམས་སུ་བཏང་།

    སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་གྱི་ལོ་ངོ5ཡི་རིང་ལ་བསྟུད་མར་གསའ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་ཤིང་། མཚོ་སྔོན་དུམ་སྦྲེལ་ཁུལ་དུ་རིམ་རྩིས་བྱས་ན་པར་ཆས2000ལྷག་བཀོད་སྒྲིག་བྱས་ཡོད་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སྟོང་སྨི་གྲུ་བཞི་མ7000བར་རྒྱ་བསྐྱེད་ལ། གསའ་ཡི་པར་དང་བརྙན་ཟློས5500ལྷག་ལག་ཏུ་སོན་པ་དང་། ཁྱབ་ཁུལ95གཏན་འཁེལ་བྱས་ཡོད། མ་དཔེ་སྔོན་དཔག་གི་ཐབས་ལམ་སྤྱད་ནས་མཐོང་བ་ལྟར་ན་གསའ་ཡི་འཚོ་གནས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4172ལ་སླེབས་ཡོད།

    2022ལོའི་ལོ་མཇུག་བར། ཆི་ལིན་རྫོང་ཁོངས་སུ་གསའ63དང་། ཐེམ་ཆེན་རྫོང་ཁོངས་སུ་གསའ119། མིན་ཡོན་རྫོང་ཁོངས་སུ་གསའ24བཅས་ལ་དབྱེ་འབྱེད་ཐུབ་ཡོད། གསའ་དང་། རྩྭ་གཡི། གཡི། ས་རྟ་གྲོ་ལི་བཅས་སོ་སོ་གྲངས་ལྔའམ་ཡང་ན་དེའི་ཡན་བརྙན་མིག་གཅིག་ཏུ་མངོན་ལ། འཕར་བས་ཕྲུ་གུ་གསོ་བ་སོགས་ཀྱི་གཟུགས་རིས་ཀྱང་བརྙན་ལེན་ཐུབ་ཡོད། འབུ་སྲིན་རིགས་གསར་པ14དང་། ཀྲུང་གོའི་ཟིན་ཐོ་གསར་པ10། མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་གསར་པ228རྙེད་པ། མདོ་ལ་རིང་མོའི་འདབ་ཆགས་རིགས9ཡི་ཟིན་ཐོ་གསར་པ་བཀོད་པ་བཅས་ཀྱི་སྟེང་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་གང་ལེགས་ཀྱིས་མཚོན་ཡོད། །