རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9པའི་ཚེས་19ཉིན་ཡུན་ནན་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་(རང་སྐྱོང་ལྗོངས)གསུམ་གྱི་ཉེ་འབྲེལ་རྫོང(གྲོང་ཁྱེར)གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དཔེ་སྟོན་ཁུལ་གྱི་མཉམ་འབྲེལ་ཚོགས་འདུ་སྐབས་དང་པོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉེ་འགྲམ་ས་ཁུལ་གྱི་འཇོལ་རྫོང་དང་སྡེ་རོང་རྫོང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་། མུ་ལི་རྫོང་། སྨར་ཁམས་རྫོང་བཅས་རྫོང(གྲོང་ཁྱེར)བརྒྱད་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་རྫོང(གྲོང་ཁྱེར)བརྒྱད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་ལས་དོན་ཁག་ལ་ཉམས་མྱོང་སྤེལ་རེས་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཚོགས་འདུའི་ཐོག་ད་དུང“ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་མུ་འབྲེལ་རྫོང(གྲོང་ཁྱེར)གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་གཏོད་པའི་གྲོས་མཐུན་ཡང་བཞག་པ་རེད།
ཐུན་མོང་ཐོག་ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་(ཁུལ)མུ་འབྲེལ་རྫོང་(གྲོང་ཁྱེར་)གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ལ་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་དང་། རྫོང(གྲོང་ཁྱེར)བཅས་བརྒྱད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་དང་མཐའ་མཚམས་བརྟན་གཏོང་བཅས་ཀྱི་དོན་ཆེན་བཞིའི་གལ་ཆེའི་འདྲེན་རྟེན་ཟམ་མི་ཆད་པར་དམ་འཛིན་བྱས་ནས་རྫོང(གྲོང་ཁྱེར)བརྒྱད་ཀྱིས་མཉམ་འགུལ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་གཏོད་པར་བརྟེན་ཏེ་མཐའ་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། མཉམ་ཤི་མཉམ་གནས། ལས་དབང་གཅིག་མཐུན་འདུས་གྲུབ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་རྫོང(གྲོང་ཁྱེར)བརྒྱད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། རྩིས་སྤྲོད་རྩིས་ལེན་ས་ཁུལ་གྱི་འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་སེལ་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ལེགས་སུ་བཏང་སྟེ་མི་རིགས་དང་ཆོས་ལུགས། སྤྱི་ཚོགས་བཅས་འཆམ་མཐུན་ཡོང་བར་རྨང་གཞི་བརྟན་པོ་བཏིང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འགྱུར་བ་མེད་པ་བཅས་ལ་ཕན་འབྲས་ཡོད།
གོམ་སྟབས་རྗེས་མར་རྫོང(གྲོང་ཁྱེར)བརྒྱད་ཀྱིས“མཉམ་སྐྲུན་ལྔ་དང་སྐུལ་འདེད་ལྔ”དམ་འཛིན་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་དང་། “ས་ཁོངས་མཉམ་འགུལ་དང་། རྒྱུན་རྣམ་མཉམ་རོགས། ཆ་འཕྲིན་སྤེལ་རེས། གཞོགས་འདེགས་དམ་ཟབ”བཅས་ལས་ཀའི་རྩ་དོན་དུ་བྱས་ཏེ“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་པའི”གཙོ་རྐང་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དཔལ་འབྱོར་ཐད་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་དང་། སྤྱི་ཚོགས་ཐོག་ཕན་ཚུན་མཉམ་འདྲེས་ཡོང་བ། རིག་གནས་ཐད་ཐུན་མོང་ཐོག་ཡག་པོ་ཡོང་བ། བཅོས་སྐྱོང་ཐད་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་རྫོང(གྲོང་ཁྱེར)བརྒྱད་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུ་དང་ས་ཁོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྣོད་བཅུད་ཤེས་དཔལ། མཐའ་མཚམས་འཆམ་མཐུན། ཆོས་ལུགས་མཐུན་འགྲིག སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།