《བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》ལ་བྱ་དགའ་ཨང3པ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-22   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

    ཉེ་ཆར། རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་གཙོ་སྒྲུབ་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་བོད་ལྗོངས་ལྷ་ས་རུ་གཟབ་རྒྱས་ངང་འཚོགས།

    ཚོགས་ཐོག་ཏུ་པེ་ཅིང་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་དཔེ་སྐྲུན་ཁང9དང་། ཞིན་ཧྭ་དཔེ་ཚོང་ཁང་དང་ལྷ་སའི་དམངས་གཉེར་དཔེ་ཚོང་ཁང་གི་འཐུས་ཚབ་སོགས་ཚོགས་ཞུགས་བྱས་ཡོད་ཅིང་། ཚོགས་ཞུགས་པ་ཡོངས་ཀྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་བོད་ཡིག་དཔེ་ཆའི་དཔེ་སྐྲུན་འགྲེམ་སྤེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་བྱར་བཟུང་ནས་བགྲོ་གླེང་ཞིབ་མོ་བྱས་ཏེ། 2018ལོ་ནས་དཔེ་སྐྲུན་བགྱིས་པའི་བོད་ཡིག་དཔེ་དེབ་ལ་དཔྱད་བསྡུར་དང་ཨང་རིམ་བསྒྲིགས། 


    ཐེངས་འདིའི་དཔྱད་བསྡུར་ཨང་བསྒྲིགས་ཁྲོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལས་དོན་ལྟེ་གནས་ཀྱིས་འཚོལ་སྒྲིག་བྱས་པའི《བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》ལ་ཕུལ་བྱུང་བོད་ཡིག་དཔེ་མཛོད་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག