བདེ་ཆེན་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཉིན་མོའི་སྤྱི་མཆོད་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས་30ཉིན། བདེ་ཆེན་ཁུལ་གྱི་2023ལོའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཉིན་མོའི་སྤྱི་མཆོད་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་འོ་གླིང་དུ་བརྗིད་ཉམས་ལྡན་པའི་ངང་སྤེལ་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་སྤྱི་མཆོད་བྱེད་སྒོར་ཞུགས་པ་དང་མཆོད་ཡིག་སྒྲོག་སྦྱང་བྱས་པ་རེད།

    དུས་ཚོད་9ཐོག སྤྱི་མཆོད་བྱེད་སྒོ་འགོ་ཚུགས་པ་དང་། ཚོགས་ར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་དེ་རྗེས་ཚོགས་ར་ཡོངས་སུ་གུས་སྟབས་ཀྱིས་ལངས་ནས་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
    ཀྲང་ཝེ་ཏུང་གིས་བདེ་ཆེན་གྱི་ལོ66རིང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་ཕུལ་བྱུང་བུ་ཕྲུག་གྲངས་ལས་འདས་པ་ཞིག་གིས་བདེ་ཆེན་གྱི་བྱ་གཞག་ཁག་གི་ཆེད་དུ་སྔོན་འགྱེལ་རྗེས་མཐུད་དང་ཁྲག་བཏོན་སྲོག་འདོར་བྱས་པས་ད་ཆའི་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་དང་བདེ་སྐྱིད་འཚོ་བ་ནི་སྔོན་གཤེགས་དཔའ་བོ་ཚོས་ཁྲག་དྲོན་གྱིས་བརྗེས་པ་ཞིག་ཡིན་པ་ང་ཚོས་བརྗེད་མི་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན། ང་ཚོས་ངེས་པར་དུ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དམར་པོའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྔོན་གཤེགས་དཔའ་བོར་བརྩི་མཐོང་དང་། སྔོན་གཤེགས་དཔའ་བོར་དྲན་གསོ། སྔོན་གཤེགས་དཔའ་བོར་སློབ་སྦྱོང་། སྔོན་གཤེགས་དཔའ་བོར་སྲུང་སྐྱོབ། སྔོན་གཤེགས་དཔའ་བོར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་སྐྲུན་དགོས་ཞེས་བཤད།

图片

    བྱེད་སྒོའི་ཁྲོད་ལོ་ཆུང་གདོང་ལེན་རུ་ཁག་གིས་《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་ཕུལ་བ་དང་། བྱེད་སྒོའི་ནང་ཞུགས་པའི་ལས་རིགས་ཁག་གི་འཐུས་མིས་རིམ་པ་བཞིན་དྲན་གསོའི་རྡོ་རིང་མདུན་དུ་མཇལ་བ་དང་འབྲེལ་མེ་ཏོག་ཀྱང་ཕུལ་བ་རེད།

图片

    རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཡུས་ཡུང་ཧོང་། དབྱང་ཅི་ཝེན། ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཨུ། དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི་དང་། བཅའ་སྡོད་དམག་དཔུང་གི་འཐུས་མི། མེ་གསོད་མེ་འགོག་སྡེ་ཁག་གི་འཐུས་མི། སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པའི་འཐུས་མི། གྲོང་ཁུལ་གྱི་དགེ་སློབ་ཀྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད།