སྐར་ལྔའི་དར་དམར་གང་འདྲ་བྱས་ནས་རྒྱལ་དར་ལ་གཏན་འཁེལ་བ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-02   རྩོམ་ཁུངས།    中央广播电视总台藏语

      སྐར་ལྔའི་དར་དམར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན།

     1949ལོའི་ཟླ་6ཚེས་15ཉིན། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་པའི་གྲ་སྒྲིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་པེ་ཕིང་གི་ཀྲུང་ནན་ཧའེ་རུ་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པའི་གྲ་སྒྲིག་ལས་དོན་ཁག་གང་མགྱོགས་ལེགས་སྒྲུབ་ཡོང་ཆེད། ཚོགས་འདུའི་ཐོག་མའོ་ཙེ་ཏུང་སོགས་མི་21ལས་གྲུབ་པའི་གྲ་སྒྲིག་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་བཙུགས་པ་དང་། མའོ་ཙེ་ཏུང་གིས་ཀྲུའུ་རེན་གནང་བའི་འོག་ཚོགས་ཆུང་6བཙུགས་ཡོད།  སློབ་གསོ་བ་གྲགས་ཅན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་གསར་གཏོད་པ་གཙོ་བོ་མྰ་ཤུས་ལུན་གྱིས་ཙུའུ་ཀྲང་གནང་བའི་ཚོགས་ཆུང་དྲུག་པས་ཀྲུང་གོ་གསར་པའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ཀྱི་ཇུས་གཞི་བཟོ་འགོད་ཀྱི་འགན་འཁུར་ཡོད། ཚོགས་ཆུང་དྲུག་པའི་ཁོངས་མི་ཀུའོ་མོ་རོ་སོགས་ཀྱིས《རྒྱལ་དར་དང་རྒྱལ་རྟགས་ཀྱི་དཔེ་རིས་དང་རྒྱལ་གླུའི་གླུ་ཚིག་དང་དབྱངས་རྟའི་གསལ་བརྡའི་མ་ཟིན》གྱི་འཆར་ཟིན་བཀོད་པ་རེད།

     གསལ་བརྡ་སྤེལ་རྗེས་ཤང་ཀང་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གནས་ཚུལ་བརྒྱུད་གཏོང་བྱས་པས། གསར་འགྱུར་དེ་མྱུར་དུ་ས་ཕྱོགས་གང་སར་ཁྱབ་ཡོད། ཧྲང་ཧའེ་དེང་རབས་དཔལ་འབྱོར་གསར་འགྱུར་ཁང་དུ་ཕྱག་ལས་གནང་བཞིན་པའི་ལས་མི་ཞིག་མ་གཞི་མཛེས་རྩལ་ཇུས་འགོད་ཀྱི་ལས་ལ་གཞོལ་གྱི་མེད་མོད། ཡིན་ཡང་ཀྲུང་གོ་གསར་པ་དབུ་བརྙེས་གྲབས་ཡོད་པའི་དགའ་སྣང་ཞིག་གིས་ཁོང་ལ་རྒྱལ་ཁབ་ལ་དགའ་ཞེན་ཆེན་བའི་སྤྲོ་སེམས་ཆེན་པོའི་ཐོག་ནས་ཀྲུང་གོ་གསར་པའི་རྒྱལ་དར་ཇུས་འགོད་ཀྱི་ལས་ཀའི་ནང་ཞུགས་རྒྱུར་སྐུལ་མ་ཐེབས་པ་དང་། ཁོང་གི་མཚན་ལ་ཙེང་ལེན་སུང་ཟེར།

     ཙིང་ཀྲེ་དབྱིས།(ཙེང་ལེན་སུང་གི་ཚ་བོ)ཀྲུའུ་ཞི་མའོ་ཙེ་ཏུང་གི་ཆེད་རྩོམ་ཞིག་གི་ནང་དུ་གྲལ་རིམ་བཞི་གསུངས་ཡོད་པས།(ཙེང་ལེན་སུང་གིས་ཀྱང)གྲལ་རིམ་བཞི་པོ་དེ་སྐར་མ་བཞི་ཡིས་མཚོན་ཐུབ་མིན་ལ་བསམ་བློ་བཏང་ཡོད་དེ། སྐར་མ་ཆེ་བས་ཀྲུང་གོ་གུང་ཁྲན་ཏང་མཚོན་པ་དང་། སྐར་མ་ཆུང་བ་བཞི་ཡིས་གྲལ་རིམ་བཞི་མཚོན་པར་བྱས་ཡོད་ཅེས་གསུངས།

     སྐར་མ་ལྔ་ཡི་གསར་གཏོད་འདུ་ཤེས་ཡོད་པའི་རྗེས་སྤྱིའི་ཇུས་འགོད་གནང་འགོ་བརྩམས་ཡོད། ཁོང་གིས་སྐར་མ་ཆུང་ཆུང་རེ་རེའི་ཟུར་གཅིག་སྐར་མ་ཆེ་བའི་ལྟེ་བར་གཏད་ནས། མི་དམངས་དུང་ཕྱུར་མང་པོའི་སེམས་པ་གུང་ཁྲན་ཏང་ལ་ཕྱོགས་པ་མཚོན་པར་གནང་ཡོད།

     ཀྲུང་དབྱང་ཡིག་ཚགས་ཁང་དུ་རྒྱལ་དར་གྱི་རི་མོའི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཉར་ཚགས་བྱས་ཡོད་པ་དང་། དེ་ནི་སྐབས་དེར་ཚོགས་ཆུང་དྲུག་པ་དང་རིགས་གཅིག་མཁས་པས་གྲོས་བསྡུར་ཡང་ཡང་གནང་མཐར་རི་མོ་3000ལྷག་གི་ནང་ནས་བདམས་པའི་རྒྱལ་དར་གྱི་རི་མོའི་ཇུས་འགོད་38ཀྱི་དཔྱད་གཞིའི་དེབ་དེ་ཡིན། ཇུས་འགོད་ཤོག་ལྷེ་རེ་རེའི་ནང་རྒྱལ་ཡོངས་མི་དམངས་དང་ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླས་སྲིད་དབང་གསར་པར་བཅངས་པའི་རེ་སྒུག་འདུས་ཡོད།

     1949ལོའི་ཟླ་9ཚེས་27ཉིན། ཀྲོའུ་ཨེན་ལའེ་ཡིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོའི་ལག་བསྟར་ཀྲུའུ་ཞིའི་འགན་བཞེས་ཤིང་། གྲོས་ཚོགས་གཙོ་སྐྱོང་གནང་ནས་སྐར་ལྔའི་དར་དམར་དེ་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དུ་གཏན་འཁེལ་རྒྱུར་གྲོས་འཆམ་བྱུང་ཡོད།

    (ཀྲོའུ་ཙུང་ལིས) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན་པ་དང་། དེས་ཀྲུང་གོའི་གསར་བརྗེའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་ཡོད་ཅེས་གསུངས།

    1949ལོའི་ཟླ་10ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པའི་ཐོག རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། གནམ་ས་གཡོ་བའི་རྟེན་འབྲེལ་ཤོག་སྦག་གི་སྒྲ་དང་བརྗིད་ཉམས་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་འགྲོགས་ནས། ཀྲུའུ་ཞི་མའོ་ཙེ་ཏུང་གིས་རྒྱལ་དར་བསྒྲེངས་པའི་གློག་སྒོ་མནན་ཏེ་སྐུ་ངོ་མས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ཀྲུང་གོ་གསར་པའི་སྐར་ལྔའི་དར་དམར་དང་པོ་དེ་བསྒྲེངས་པ་རེད།