ཁུན་མིང་དུ་བདེ་ཆེན་གྱི་གླུ་གར་སྙན་ངག་ཟློས་གར་ཞིག་འཁྲབ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ




    ཟླ་10ཚེས་11ཉིན། སྐབས་བཅུ་བདུན་པའི་ཡུན་ནན་ཞིང་ཆེན་གྱི་ཟློས་གར་གསར་པའི(དུས་ཆེན)རྣམ་གྲངས་འགྲེམས་སྟོན་ཕྱོགས་ཡོངས་ནས་སྤེལ་ཞིང་། ཉིན་དེར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་འཁྲབ་སྟོན་བྱས་པའི་གླུ་གར་སྙན་ངག་《རྨི་ལམ་གྱི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ》ཞེས་པ་ཁུན་མིང་ཟློས་གར་ཁང་དུ་འཁྲབ་སྟོན་བྱས།

    འཁྲབ་ཚན་དེའི་ནང་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། སྒྱུ་རྩལ་བ་རྣམ་པས་བདེ་ཆེན་ཁུལ་གྱི་ཐུན་མོང་མ་ཡིན་པའི་མི་རིགས་མང་བའི་སྣ་མང་རིག་གནས་མཚོན་པར་བྱས་པ་དང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཧུར་བརྩོན་རྒྱལ་སྐྱོང་དང་དཀའ་སྤྱད་ལས་གཏོད་བྱས་ཏེ། བདེ་ཆེན་འདི་ཉིད་“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིག་དཔེ”དང་“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”བསྐྲུན་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད། 

    འཁྲབ་ཚན་དེ《དག་ཞིང》དང་།《དར་རྒྱས》《རེ་བ》 《ཕུགས་འདུན་ 》《འཆམ་མཐུན》བཅས་སྐར་མ་60ཙམ་ཡོད་པ་རེད།