《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-16   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གནས་ཚད་གསར་པ་གཏོད་དགོས》ཞེས་པ་འགོད་སྤེལ་བྱས་ཡོད།

        རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གནས་ཚད་གསར་པ་གཏོད་པའི་ལས་འགན་གལ་ཆེན་བཏོན་ཡོད་པ་དང་། དེ་ནི་དེང་རབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པ་ནན་བཤད་བྱས་ཡོད། ང་ཚོས་བརྗོད་གཞི་འདིར་གཞིགས་ནས་མཉམ་སྡེབ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་གནས་ཡུལ་དང་། ཁ་ཕྱོགས། བྱེད་ཐབས་བཅས་གཏན་འཁེལ་སྔར་ལས་ལྷག་པར་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་གྲུབ་འབྲས་སྔར་བས་གཡུར་དུ་ཟ་བ་ཐོབ་པ་བྱ་རྒྱུ་དེ་ཡིན་ཞེས་ནན་སྟོན་བྱས་ཡོད།

        རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག “ཟུང་འབྲེལ་གཉིས”དང“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”སོགས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱ་ཐབས་བཏོན་པ་མ་ཟད་རྒྱས་བཤད་ཀྱང་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།

       རྩོམ་ཡིག་ནང་། ཐོག་མཐའ་བར་གསུམ་དུ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བླ་སྲོག་དང་རྩ་བ་བརྟན་སྲུང་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བརྗོད་གཞི་གལ་ཆེན་འདི་རང་གིས། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་དང་རྩ་བ་འདི་གཏན་ནས་འདོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་འདི་གཏན་ནས་འདོར་མི་རུང་བ་གཏན་འཁེལ་ཡོད། བླ་སྲོག་དང་རྩ་བ་འདི་བརྟན་སྲུང་བྱ་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་དེའང་བླ་སྲོག་དང་རྩ་བ་འདི་བརྟན་སྲུང་སྔར་ལས་ལྷག་པར་བྱེད་ཆེད་ཡིན་ཞེས་བསྟན་ཡོད།

       རྩོམ་ཡིག་ནང་། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ལན་འདེབས་དགོས། རིགས་པའི་གཞུང་ལུགས་ཀྱི་འཕུར་མཆོང་ནི་མཐར་གཏུགས་ནས་བཤད་ན་ལག་ལེན་དངོས་ཀྱི་གནད་དོན་ལ་ལན་འདེབས་རྒྱུ་དང་ལག་ལེན་དངོས་ཀྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུའི་ཐོག་ནས་མཚོན་དགོས། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་དང་བྱེད་ཐབས་ནུས་ལྡན་ཁྱོན་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་བཏོན་ནས། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་དང་ལྡན་ལ་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་དུ་འཇུག་དགོས་ཞེས་བསྟན་ཡོད། 

       རྩོམ་ཡིག་ནང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིགས་གཞུང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་དུ་གཏོང་བ་དང་འབྲེལ་རྒྱུན་ཆད་མེད་པར་མ་ལག་ཅན་དང་རིགས་གཞུང་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པ་དང་། རང་རེའི་ཏང་གིས་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པའི་ཁྲོད་རྩ་བའི་རིགས་པའི་རིགས་གཞུང་གི་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་དང་འཆད་འགྲེལ་བྱེད་པ་དང་། ཕན་ཚུན་གྱི་ནང་གནས་འབྲེལ་བ་སྟངས་འཛིན་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་བས་ལེགས་པའི་ངང་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད།

       རྩོམ་ཡིག་ནང་། མི་དམངས་མང་ཚོགས་ཀྱི་གསར་གཏོད་ཁྲོད་ནས་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་བློ་གྲོས་བསྡུ་ལེན་བྱ་རྒྱུར་སྣང་ཆེན་བྱེད་དགོས། མི་དམངས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ལག་ལེན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འབྱུང་ཁུངས་རྫོགས་མཐའ་མེད་པ་ཞིག་རེད། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ནས་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་དམངས་དུང་ཕྱུར་མང་པོའི་སེམས་ལ་གཏིང་ཟབ་ཟུག་ཐུབ་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད་ཐུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་ཀྱི་བློ་ཁ་ཐོབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་སུ་འགྱུར་བར་ཤུགས་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།