【主题教育】(藏汉双语)习近平对宣传思想文化工作作出重要指示

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-17   རྩོམ་ཁུངས།    拉萨市藏语委办

༄༅། །ཞི་ཅིན་ཕིང་ནས་བསམ་བློ་རིག་གནས་དྲིལ་བསྒྲགས་
ཐད་མཛུབ་སྟོན་གལ་ཆེན་གནང་བ།
习近平对宣传思想文化工作作出重要指示

        中共中央总书记、国家主席、中央军委主席习近平近日对宣传思想文化工作作出重要指示指出,宣传思想文化工作事关党的前途命运,事关国家长治久安,事关民族凝聚力和向心力,是一项极端重要的工作。党的十八大以来,党中央从全局和战略高度,对宣传思想文化工作作出系统谋划和部署,推动新时代宣传思想文化事业取得历史性成就,意识形态领域形势发生全局性、根本性转变,全党全国各族人民文化自信明显增强、精神面貌更加奋发昂扬。
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ནི་ཏང་གི་མདུན་ལམ་ལས་དབང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་རིགས་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གནས་བབ་ཧྲིལ་པོ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཐད་མ་ལག་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་བྱས་པས། དུས་རབས་གསར་པའི་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དུས་བབ་ཐད་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་བློ་སྤོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བསམ་པའི་ཉམས་སྣང་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བསྟན་འདུག


        习近平强调,新时代新征程,世界百年未有之大变局加速演进,中华民族伟大复兴进入关键时期,战略机遇和风险挑战并存,宣传思想文化工作面临新形势新任务,必须要有新气象新作为。要坚持以新时代中国特色社会主义思想为指导,全面贯彻党的二十大精神,聚焦用党的创新理论武装全党、教育人民这个首要政治任务,围绕在新的历史起点上继续推动文化繁荣、建设文化强国、建设中华民族现代文明这一新的文化使命,坚定文化自信,秉持开放包容,坚持守正创新,着力加强党对宣传思想文化工作的领导,着力建设具有强大凝聚力和引领力的社会主义意识形态,着力培育和践行社会主义核心价值观,着力提升新闻舆论传播力引导力影响力公信力,着力赓续中华文脉、推动中华优秀传统文化创造性转化和创新性发展,着力推动文化事业和文化产业繁荣发展,着力加强国际传播能力建设、促进文明交流互鉴,充分激发全民族文化创新创造活力,不断巩固全党全国各族人民团结奋斗的共同思想基础,不断提升国家文化软实力和中华文化影响力,为全面建设社会主义现代化国家、全面推进中华民族伟大复兴提供坚强思想保证、强大精神力量、有利文化条件。
        ཞི་ཅིན་ཕིང་གིས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར། འཛམ་གླིང་ལ་ལོ་བརྒྱའི་རིང་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འགྲོ་བཞིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སྐབས་སུ་སླེབས་པ། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་རྩོད་མཉམ་དུ་གནས་པ་བཅས་ཀྱིས། བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས། ངེས་པར་དུ་རྣམ་པ་གསར་པ་མངོན་པར་བྱེད་པ་དང་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་གི་གསར་གཏོད་རིག་པའི་གཞུང་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོད་པ་དང་། མི་དམངས་ལ་སློབ་གསོ་གཏོང་རྒྱུའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམ་པོར་གཞིགས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རིག་གནས་དར་རྒྱས་ལ་མུ་མཐུད་དེ་སྐུལ་འདེད་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་རིག་གནས་ཀྱི་ལས་འགན་གསར་པ་བཅས་ལ་གཞིགས་པ། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། སྒོ་དབྱེ་ཁོང་ཡངས་རྒྱུན་འཛིན་བྱེད་པ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཏང་གིས་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་ཐད་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་རྣམ་པ་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། གསར་འགྱུར་གླེང་ཕྱོགས་བརྒྱུད་སྤེལ་གྱི་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཡིད་རྟོན་ཐོབ་ཤུགས་བཅས་ཆེ་རུ་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་རྒྱུན་སྐྱོང་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་དཔལ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་ཧུར་ཐག་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་ནང་རྐྱེན་དངོས་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་པའི་འགན་ལེན་དང་། ཤུགས་དང་ལྡན་པའི་བསམ་པའི་སྟོབས་ཤུགས། ཕན་ཡོད་ཀྱི་རིག་གནས་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

        习近平强调,各级党委(党组)要把做好宣传思想文化工作作为重大政治责任扛在肩上,确保党中央关于文化建设的决策部署落到实处。各级宣传文化部门要强化政治担当,勇于改革创新,敢于善于斗争,不断开创新时代宣传思想文化工作新局面。
        ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་བསམ་བློ་དང་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ལེགས་པར་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཕྲག་སྟེང་དུ་འཁུར་བ་དང་། ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་ཐད་གནང་བའི་བཀོད་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་དང་བྱེད་ཕོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཐད་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

        全国宣传思想文化工作会议10月7日至8日在京召开。会上传达了习近平重要指示。中共中央政治局常委、中央书记处书记蔡奇出席会议并讲话。
        རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་གྲོགས་ཚོགས་དེ་ཟླ་10ཚེས་7ནས་8ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

        会议指出,习近平总书记的重要指示高屋建瓴、精辟深邃,具有很强的政治性、思想性、指导性,为进一步做好宣传思想文化工作指明了方向,必须深入学习领会、坚决贯彻落实。
        会议认为,党的十八大以来,宣传思想文化工作之所以取得历史性成就,最根本就在于有习近平总书记领航掌舵,有习近平新时代中国特色社会主义思想科学指引。习近平总书记在新时代文化建设方面的新思想新观点新论断,内涵十分丰富、论述极为深刻,是新时代党领导文化建设实践经验的理论总结,丰富和发展了马克思主义文化理论,构成了习近平新时代中国特色社会主义思想的文化篇,形成了习近平文化思想。
        གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་གནད་སྨིན་གཏིང་ཟབ་པ་ཞིག་ཡིན་པ་དང་། དེར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཞིང་། བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་སྔར་བས་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་མཛད་ཡོད་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བསམ་བློ་དང་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་དོན་དེ་མཐར་གཏུག་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བས་རེད། དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་དང་རྒྱས་བཤད་ཤིན་ཏུ་གཏིང་ཟབ་པ་ཞིག་ཡིན་པས། དེ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་གི་ལག་ལེན་ལ་འགོ་ཁྲིད་བྱེད་པའི་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་བསྡོམས་ཤིག་དང་། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཇེ་ལེགས་སུ་བཏང་བ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཀྱི་ལེའུ་གྲུབ་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཆགས་ཡོད་པའི་ངོས་འཛིན་བྱས་ཡོད།

        会议提出,习近平文化思想既有文化理论观点上的创新和突破,又有文化工作布局上的部署要求,明体达用、体用贯通,明确了新时代文化建设的路线图和任务书,标志着我们党对中国特色社会主义文化建设规律的认识达到了新高度,表明我们党的历史自信、文化自信达到了新高度,并在我国社会主义文化建设中展现出了强大伟力,为做好新时代新征程宣传思想文化工作、担负起新的文化使命提供了强大思想武器和科学行动指南。习近平文化思想是一个不断展开的、开放式的思想体系,必将随着实践深入不断丰富发展。要深刻领悟“两个确立”的决定性意义,增强“四个意识”、坚定“四个自信”、做到“两个维护”,持续加强对习近平文化思想的学习、研究、阐释,并自觉贯彻落实到宣传思想文化工作各方面和全过程。
        གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་ཐད་ཀྱི་གསར་གཏོད་དང་འགག་གཏོར་ཡོད་ལ། རིག་གནས་ལས་དོན་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་དང་བླང་བྱ་ཡང་ཡོད་པས། ལུང་དོན་དོན་བཅོས་ཟུང་འབྲེལ་དམ་ཚགས་བྱེད། གཟུགས་ཉིད་བྱེད་ལས་ཁོང་དུ་ཆུད་པར་བྱེད། དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་ལམ་ཐིག་འཆར་འགོད་དང་ལས་འགན་ཡི་གེ་ཁ་གསལ་ལ་གོ་བདེ་བའི་ཐོག་ནས་བཏོན་ཡོད། དེའི་ཐོག་ནས་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་ལ་ཤེས་རྟོགས་བྱ་རྒྱུ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་ལ། རང་རེའི་ཏང་གི་ལོ་རྒྱུས་ཀྱི་བློ་སྤོབས་དང་རིག་གནས་ཀྱི་བློ་སྤོབས་ཀྱང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་ཡང་མཚོན་པ་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་བརྗིད་ཆེའི་སྟོབས་ཤུགས་གང་ལེགས་མངོན་ཡོད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་བསམ་བློ་དང་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་བར་བསམ་པའི་གོ་མཚོན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་དང་སྒོ་དབྱེ་རྣམ་པའི་དགོངས་པའི་མ་ལག་ཅིག་ཡིན་པས། ལག་ལེན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་ངེས་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་ཐུབ་པ”བཅས་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་འབྲེལ། བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བསྟན་ཡོད། 

        会议强调,要紧紧围绕学习贯彻习近平文化思想,围绕贯彻党的二十大关于文化建设的战略部署,切实增强做好新时代新征程宣传思想文化工作的责任感使命感,推动各项工作落地见效。坚持不懈用习近平新时代中国特色社会主义思想凝心铸魂,在真学真懂真信真用、深化内化转化上下功夫。巩固壮大奋进新时代的主流思想舆论,以强信心为重点加强正面宣传,提高舆论引导能力。广泛践行社会主义核心价值观,改进创新精神文明建设工作。促进文化事业和文化产业繁荣发展,推动中华优秀传统文化保护传承。加强和改进对外宣传工作,增强中华文明传播力影响力。坚决有效防范化解意识形态风险,敢于亮剑、敢于斗争。加强党对宣传思想文化工作的全面领导,落实政治责任,勇于改革创新,强化法治保障,建强干部人才队伍,为担负起新的文化使命提供坚强政治保证。要以钉钉子精神把各项任务要求落到实处,不断增强工作能力本领,提高工作质量效能,在建设社会主义文化强国、建设中华民族现代文明的奋斗和实践中展现新气象新作为。
        གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་གཞིགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིག་གནས་འཛུགས་སྐྱོང་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་གཞིགས་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སེམས་གོང་བུར་འགྲིལ་རྒྱུའི་ཐད་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱེད་དགོས་པ་དང་། ངོ་མ་སྦྱོང་བ་དང་། ངོ་མ་ཤེས་པ། ངོ་མ་ཡིད་ཆེས་པ། ངོ་མ་སྤྱོད་པ་བཅས་བྱེད་པ་དང་། ཟབ་གཏོང་དང་། ནང་སྒྱུར། དངོས་སྒྱུར་བཅས་ཀྱི་ཐད་ལ་ཤུགས་རྒྱག་དགོས། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་དང་། སེམས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་ལེགས་བཅོས་དང་གསར་གཏོད་བྱ་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱབ་སྤེལ་བྱེད་ནུས་དང་བག་ཆགས་འཇོག་ནུས་ཇེ་ཆེར་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་མཐའ་གཅིག་ཏུ་འགོག་སེལ་ཡག་པོ་བྱེད་པ་དང་། དེའི་ཐད་རལ་གྲི་བཤམས་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དགོས། ཏང་གིས་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ལས་ཀའི་ནུས་པ་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་གི་འབད་འཐབ་དང་ལག་ལེན་ཁྲོད་ཉམས་སྣང་གསར་པ་མངོན་པར་བྱེད་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་སྟོན་གནང་འདུག

        中共中央政治局委员、中央宣传部部长李书磊作工作布置。中央网信办、人民日报社、中央广播电视总台、国务院国资委、北京市委宣传部、四川省委宣传部负责同志作交流发言。铁凝、谌贻琴出席会议。
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ལས་དོན་བཀོད་སྒྲིག་གནང་ཡོད།  ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོ་ལྷན་ཁང་། པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་ནས་སྤེལ་རེས་གཏམ་བཤད་གནང་ཡོད།  ཐིའེ་ཉིང་དང་། ཧྲེན་དབྱི་ཆིན་གྲོས་ཚོགས་ལ་ཞུགས་ཡོད།

        中央宣传思想文化工作领导小组成员,各省区市和计划单列市、新疆生产建设兵团、中央宣传文化系统各单位,中央和国家机关有关部门、有关人民团体,中央管理的金融机构、部分企业、高校,中央军委机关有关部门负责同志等参加会议。
        ཀྲུང་དབྱང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་འཆར་གཞི་ཟུར་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་གི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པ།  ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་། ཁེ་ལས་དང་མཐོ་སློབ་ཁག་གཅིག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།