“རྒྱུད་གཅིག་ལམ་གཅིག”གི་གཡུར་ཟའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-17   རྩོམ་ཁུངས།    中国西藏网藏文版

        ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངསCGTNཡིས་ཀྲུང་གོ་མི་དམངས་སློབ་ཆེན་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་རྒྱལ་སྤྱིའི་ཁྱབ་སྤེལ་ཞིབ་འཇུག་ཁང་གིས་ཉིན་ཤས་གོང་གོ་ལ་ཧྲིལ་པོར་ཡོངས་བསྒྲགས་བྱས་པའི་འདྲི་ཤོག་བརྟག་དཔྱད་མཇུག་འབྲས་ཤིག་ལས་མངོན་པར། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན93.8%གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་བཅུའི་ནང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད།

        བརྟག་དཔྱད་བྱེད་རིང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན་92.2%ཡིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་ངོས་འཛིན་བྱེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་བཅུའི་རིང་། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་བྱས་པ་དེས་དམངས་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན86.9%ཡིས་རང་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་ཕན་པ་ཐོབ་པའི་ངོས་འཛིན་བྱེད་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན84.9%ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་མྱུར་པོ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།

        “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག“ཕན་ཐོགས་ལ་དངོས་ཡོད”ཀྱི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་རེ་རེ་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དངོས་སུ་སྦྱིན་ཡོད་ལ། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན85%ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་རྒྱལ་ཁབ་དེའི་མི་དམངས་ཀྱི་འཚོ་བ་ལེགས་སུ་ཏན་ཏིག་ཕྱིན་པའི་ངོས་འཛིན་བྱེད་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན85%ཡིས“རྒྱུད་གཅིག་ལམ་གཅིག”བརྒྱུད་དམངས་ཚོགས་ལ་ཕྱི་ཕྱོགས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གོ་སྐབས་དེ་བས་མང་བ་ཐོབ་པའི་ངོས་འཛིན་བྱེད།  མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན83.5%དང་། 74.8%དང་། 73.8%བཅས་ཁག་སོ་སོས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། དབུལ་པོ་ཉུང་དུ་གཏོང་བ་བཅས་ཀྱི་ནུས་པར་ཁས་བླངས། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན86.5%ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“མི་དམངས་ལྟེ་བར་འཛིན་པའི”འདུ་ཤེས་ཚད་མཐོའི་གཅིག་མཐུན་བྱུང་ནས། གོ་ལ་ཧྲིལ་པོའི་དམངས་ཚོགས་ལ་ཕན་པ་སྐྲུན་པའི་རེ་འདོད་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

        བརྟག་དཔྱད་བྱེད་རིང་། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་བུ་ལོན་ཆག་ཡང་དང་རྩ་ཆག་ཏུ་གཏོང་བའི་བྱེད་སྟངས་ལ་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་བྱས་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན83%ཡིས་བྱེད་སྟངས་དེ་ལས་ཀྲུང་གོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་ཡོད་ལ། འཕེལ་རྒྱས་འགྲོ་དལ་བའི་ས་ཁུལ་འཕེལ་རྒྱས་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བའི་ངོས་འཛིན་བྱེད་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན85%ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མཉམ་ལས་གཉིས་ཁེའི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས། རང་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་ཀྲུང་གོ་དང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མཉམ་སྐྲུན་རྒྱལ་ཁབ་ཀྱི་བཅར་འདྲི་དང་ལེན་བྱེད་མཁན84%ཡིས“རྒྱུད་གཅིག་ལམ་གཅིག”གི་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྒྲིག་ལམ་གསར་པའི་ནང་གནས་དགོས་མཁོ་དང་ཚད་མཐོའི་གཅིག་མཐུན་བྱུང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་དམངས་འདོད་བརྟག་དཔྱད་དེ་རྒྱལ་ཁབ35ཡི་བཅར་འདྲི་དང་ལེན་བྱེད་མཁན3857ལ་ཕྱོགས་པའི་ནང་། སར་པི་ཡ་དང་། ཧང་ག་རི། ལྷོ་ཨ་ཧྥེ་རི་ཁ། ཨ་ཀེན་ཐིན། སོ་ཏི་ཨ་རབ། ནི་ཀྲེ་རི་ཡ། པར་ཙིར་སོགས་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཚུད་ཡོད།