རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-18   རྩོམ་ཁུངས།    中国藏族网通
《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ》ཡི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་སྤེལ།
སྤྱི་ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔེ་སྐྲུན་འཆར་འགོད་རྣམ་གྲངས《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ》ཡི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཐེན་ཧྥུ་དཔེ་དེབ་འགྲེམ་སྟོན་སྟེང་དུ་གཟབ་རྒྱས་ངང་སྤེལ། ལས་གཞི་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་སྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་ཏེ་ཁམས་པའི་བརྙན་འཕྲིན་ཁང་གཉིས་ཀྱིས་ཐུན་མོང་ཐོག་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་བྱས་པའི་དཔེ་སྐྲུན་གཙོ་གནད་ལས་གཞི་ཡིན།
ཚོགས་ཐོག་ཏུ། སི་ཁྲོན་རྒྱང་སྒྲོང་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་མེང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི》གཙོ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་ཤིས་ཚིག་ཕུལ། ཁམས་པ་བརྙན་འཕྲིན་ཁང་གི་སྤྱིའི་ལྟ་སྐུལ་གཞོན་པ་ཟུར་བ་དང《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི》གཙོ་སྒྲིག་པ་ཡེ་ཤེས་རྡོ་རྗེས་ཀྱིས་ཚིག་མཛོད་ཀྱི་ཞིབ་ཕྲའི་སྒྲིག་རྩོམ་གནས་ཚུལ་བཤད། ཀྲུང་གོའི་དཔེ་སྐྲུན་ལས་ཀ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཀྲུང་གོ་ཞིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ། ཞིང་ཨུད་ཐབས་ཇུས་འདྲི་རྟོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། 《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི》རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྡོ་རྗེས་གཏམ་བཤད་གནང་། དེ་མིན་འགྲེམ་སྤེལ་མཛད་སྒོ་ཡི་གདན་ཞུའི་སྐུ་མགྲོན་ལ་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་བ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཟུར་བ་ནོར་བུ་རྒྱལ་མཚན། སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཞིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲོའུ་ཆིན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའུ་མེང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ཚན་རྩལ་དང་མི་རིགས་སྐད་ཡིག་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ལི་ཧྥ་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་ཞུགས་ཡོད། ཁམས་པ་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་འཆི་མེད་དབང་མོས་ཚོགས་འདུའི་མདོ་འཛིན་བྱས།
《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ》རུ་བོད་འབྲེལ་ས་ཁུལ་གྱི་ལས་རིགས་གང་མང་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་མ་ཟད་སློབ་སྦྱོང་ཁྲོད་ནམ་རྒྱུན་བཀོལ་བའི་སྤྱིར་བཏང་གི་ཐ་སྙད་རིགས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་གལ་ཆེའི་བརྡ་ཆད་གསར་པ་དང་བོད་འབྲེལ་ཟློས་མཐོ་ཐ་སྙད་འདུས་ཡོད། ཚིག་མཛོད་འདི་ཉིད་ནི་རྒྱ་བོད་ཤན་སྦྱར་གྱི་རྣམ་པས་དཔེ་སྐྲུན་བྱས་ཡོད་པས། རྒྱ་བོད་ཡིག་བསྒྱུར་ལས་གཉེར་བ་དང་ཞིབ་འཇུག་པ་རྣམས་ལ་འཛོལ་མེད་དང་ཚད་ལྡན་གྱི་འགྱུར་ཡིག་ཐ་སྙད་མཁོ་འདོན་བྱས་ཏེ། རྒྱ་བོད་ཡིག་བསྒྱུར་གྱི་ལས་གཉེར་བ་དང་བོད་འབྲེལ་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་རྒྱ་བོད་སྐད་ཡིག་སློབ་སྦྱོང་དང་ཞིབ་འཇུག་བྱ་ཆེད་ཡིན། དེབ་འདིའི་དཔེ་སྐྲུན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་དབང་གྲགས་དང་བློས་འཁེལ་ཆོག་པའི་ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་བྱས་པས། རྒྱ་བོད་རིག་གནས་ཀྱི་ཕན་ཚུན་ཤུགས་རྐྱེན་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་དང་། རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་རིག་པའི་ཞིབ་འཇུག་གི་སྤྲོ་སེམས་འཕེལ་བ། རྒྱ་བོད་སྐད་གཉིས་ཀྱི་ཀློག་པ་པོའི་རིག་གནས་ཀྱི་གདེང་མཐོ་རུ་འགྲོ་བ། རྒྱ་བོད་རིག་གནས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ལ་ཡར་ཐོན་གྱི་བྱེད་ནུས་ལྡན།
《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི》རྩོམ་སྒྲིག་ལས་གཞི་ནི2021ལོའི་ཟླ11པར་དངོས་སུ་འགོ་བརྩམས་པ་ནས་བཟུང་། གོང་འོག་ལས་ཁུངས་སོ་སོའི་རྒྱ་ཆེའི་སྐུལ་སློང་འོག ཕྱོགས་ཡོངས་ཟབ་ཞུགས་དང་ཚན་རིག་ངང་ལས་བགོས་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས། 2023ལོའི་ཟླ2པའི་ཚེས19ཉིན་ལས་གཞིའི་ཞུས་དག་བྱས། ཟླ4པའི་ཚེས9ཉིན། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཀྱི་ཆེད་མཁས་པ་སྟེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཁང་གི་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས། བོད་ལྗོངས་སློབ་ཆེན། བོད་ལྗོངས་ཉིན་རེའི་ཚགས་པར། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དང་དཔེ་སྐྲུན་པའི་སྡེ། བོད་འབྲེལ་འཕྲིན་སྦྱོར་སྡེ་ཡི་ཆེད་མཁས་པ་དང་ཞིབ་འཇུག་པ་འདུས། ཚིག་མཛོད་འདི་ཡིས་བཀོལ་སྤྱོད་རང་ཞིན་དང་དུས་རབས་རང་བཞིན་མངོན་གསལ་མཚོན་པས། དེ་ནི་ཐ་སྙད་ཀྱི་བོངས་ཆེས་ཆེ་བ་དང་ཆེད་མཁས་པ་ཟབ་ཞུགས་བྱས་པ་ཆེས་མང་པ། རྩོམ་སྒྲིག་བྱེད་ཐབས་ཆེས་གསར་པའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཡིན་ནོ།།