ལོ་བཅུའི་རིང་གི་གྲུབ་འབྲས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-20   རྩོམ་ཁུངས།    西藏日报藏文媒体

    ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མི་དམངས་ལྟེ་བར་བྱེད་པ་མཐའ་འཁྱོངས་བྱས་ཏེ་མཉམ་སྐྲུན་རྒྱལ་ཁབ་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དམངས་འཚོར་ཕན་བདེ་སྐྲུན་པར་རམ་འདེགས་བྱས་པ།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཞའོ་པོ།
    རྒྱལ་ཁབ་དབར་གྱི་འགྲོ་འོང་མི་དམངས་དབར་གྱི་བརྩེ་བར་རག་ལས་པ་དང་། མི་དམངས་དབར་གྱི་བརྩེ་བ་སེམས་པ་མཐུན་མིན་ལ་རག་ལུས་ཡོད། ལོ་ངོ་10ཡི་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མི་དམངས་ལྟེ་བར་བྱེད་པ་མཐའ་འཁྱོངས་བྱས་ཤིང་། དབུལ་ཕོངས་སེལ་བ་དང་། ལས་ཞུགས་མང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་དམིགས་ནས་མཉམ་ལས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་སྔར་བས་ཕན་བདེ་བྱུང་བ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱི་མཛའ་བརྩེ་དང་མོས་སེམས་ཀྱང་ཆེ་རུ་ཕྱིན་ཡོད།
图片
        འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཝུ་ཀན་ཏའི་མུ་ཤི་ཐའི་ལུ་སྨི་ནེ་དང་པུ་ཞི་ཡའི་མ་ཀྲན་ཅིའི་གཞུང་ལམ་སྒྱུར་བཀོད་རྣམ་གྲངས་ཡིན་པ། (ཏུང་ཀྲི་ཝེས་པར་བརྒྱབ)
图片
        སློབ་ཕྲུག་ཚོས་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེའི་ལུའུ་པན་བཟོ་ཁང་དུ་སློབ་སྦྱོང་དང་ལག་ལེན་བྱེད་བཞིན་པ། (ཨོ་སི་ཕ་ནོ་ཧྥུ་ཡིས་པར་བརྒྱབ)
        ཨེ་ཤེ་ཡ་ནས་ཨ་ཧྥེ་རི་ཁ་བར་དང་ལ་ཏིང་མེ་གླིང་ནས་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་མའི་བར་གྱི་གཞུང་ལམ་དང་ལྕགས་ལམ་རེ་རེ་དང་། སློབ་གྲྭ་དང་སྨན་ཁང་རེ་རེ། ཞིང་ས་དང་གྲོང་ཁྱིམ་རེ་རེ་བཅས་ལས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དབུལ་འཕྲི་དབུལ་སྒྲོལ་དང་དམངས་འཚོའི་ཕན་བདེར་རམ་འདེགས་བྱས་པ་དང་། “ཆུང་ལ་མཛེས”པ་དང“ཕན་ལ་ཏན་ཏིག”གི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་འདུ་འགོད་རེ་རེ་ལས་ཡུལ་དེ་གའི་དམངས་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཡོད། ཁྲོན་པ་བྲུས་ནས་མི་སེར་གྱི་འཐུང་ཆུའི་དགོས་མཁོ་བསྐངས་པ་དང་། ལམ་སྒྲོན་བསྒར་ནས་མཚན་འགྲུལ་ལ་ཕན་བདེ་བསྐྲུན་པ། ལུའུ་པན་བཟོ་ཁང་བཙུགས་ནས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་གསོ་སྐྱོང་བྱས་པ། མིག་ནད་སྨན་བཅོས་བྱས་ནས་སྐྱ་འགྲིབ་ནད་པར་ཡང་བསྐྱར་འོད་སྣང་བྱིན་པ་སོགས་ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་སྤྱི་པའི་འཕྲོད་བསྟེན་དང་། དབུལ་པོ་ཉུང་གཏོང་དང་གེགས་བར་སྔོན་འགོག འབྱུང་འཕྲོད་འཕེལ་རྒྱས། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ལ་མཉམ་ལས་བྱེད་ཚད་ཟབ་ཏུ་བཏང་ནས་མང་ཚོགས་དང་འབྲེལ་འདྲིས་དང་དེ་བཞིན་མི་སེམས་གཅིག་སྒྲིལ་གྱི་དམངས་འཚོའི་འདུ་འགོད་ཧུར་ཐག་བཏོད་ནས། མཉམ་སྐྲུན་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རོགས་བྱས་ཡོད།

图片

        སེ་ནེ་ཀལ་གྱི་ཆི་འར་པེ་ལེ་ས་ཁུལ་གྱི་ཐའེ་ནེ་ཧྥུ་ལེ་གྲོང་ཚོའི་ཁྲོན་པ་སྲུང་མཁན་མ་མ་དྷུ·དྷི་ཨེན(གཡས་ཀྱི་གསུམ་པ)གྱིས་མི་སེར་ལ་ཆུ་ལེན་རོགས་བྱེད་བཞིན་ཡོད་ཅིང་། ཁྲོན་པ་དེ་ནི་ཀྲུང་གོས་མ་རྩ་བཏང་ནས་བྲུས་པའི་སེ་ནེ་ཀལ་གྱི་གྲོང་གསེབ་ཁྲོན་འབྲུའི་ལས་གྲྭའི་གྲས་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧན་ཞུས་ཀྱིས་པར་བརྒྱབ)

图片
        འདི་ནི་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི“བདེ་ཐང་མྱུར་འཁོར་རྒྱལ་སྤྱིའི་འོད་སྣང་བྱ་སྤྱོད”ཀྱི་སྨན་བཅོས་རུ་ཁག་གི་སྨན་པ་ཧོའུ་ཤན་རུའུ(གཡོན)དང་ཤིན་ཅང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དབྱི་ཞང་ལུང་གིས་ཁེར་གྷི་སི་ཐན་གྱི་ནད་པར་སྐྱ་འགྲིབ་གཤགས་བཅོས་བྱེད་བཞིན་པ། (མོང་ཆིང་ཡུས་ཀྱིས་པར་བརྒྱབ)
图片
        འདི་ནི་ཁ་མེ་རོང་གི་ཡ་པ་ཤིས་ལ་ས་གནས་དེ་གའི་སློབ་ཕྲུག་ཚོས་ཀྲུང་གོས་སྐྲུན་རོགས་བྱས་པའི་ཞིང་ལས་ལས་རིགས་ལག་རྩལ་སློབ་འབྲིང་དུ་ཐོ་ཕྲུག་བཟོ་སྟངས་སྦྱོང་བཞིན་པ། (ཁོ་ཕུ་སུས་པར་བརྒྱབ)
图片
        འདི་ནི་ཨེ་རི་ཐྲེ་ཡའི་ཨ་སི་མ་རར་ཡོད་པའི་ཞིང་ལས་ལག་རྩལ་རོགས་སྐྱོར་རྣམ་གྲངས་དཔེ་སྟོན་བྱ་ཡུལ་དུ་ཀྲུང་གོའི་རིགས་གཅིག་མཁས་ཅན་ལིའུ་ཡུན་མིན(གཡས)གྱིས་ཡུལ་དེ་གའི་ཞིང་དུད་ལ་མཛུབ་ཁྲིད་བྱེད་བཞིན་པ།  (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧན་ཞུས་ཀྱིས་པར་བརྒྱབ)
图片
        འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཐོག་ཁང་ཨ་མ་ཡིན་པ། (ཏང་ཧུང་གིས་པར་བརྒྱབ)

图片

        འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་བྷང་ག་ལའི་ཕ་ཏེ་མ་ཟམ་ཆེན་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ)

图片

        འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་རོགས་བྱས་པའི་སོ་ལོ་མོན་གླིང་ཚོམ་གྱི་2023ལོའི་ཞི་བདེ་རྒྱ་མཚོ་ཆེན་པོའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་ཡིན་པ། (ཧོང་ཕུང་ཧྥེས་པར་བརྒྱབ)