ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ངེས་ཤེས་བརྒྱ་ཐམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-25   རྩོམ་ཁུངས།    ལྷ་ས་བོད་སྐད་ཡིག་གཞུང་ལས་ཁང་།

1.主题

学习贯彻习近平新时代中国特色社会主义思想。

བརྗོད་དོན་གཙོ་བོ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ།

2.学习目的

加强党的创新理论武装,不断提高全党马克思主义水平,不断提高党的执政能力和领导水平,为奋进新征程凝心聚力,踔厉奋发、勇毅前行,为全面建设社会主义现代化国家、全面推进中华民族伟大复兴而团结奋斗。

སློབ་སྦྱོང་གི་དམིགས་ཡུལ།

ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་བྱེད་པ་མ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུའི་ཆེད་དུ་སེམས་ནུས་གཅིག་སྒྲིལ། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།

3.重要意义

(1)两个重大部署——

①是党中央为全面贯彻党的二十大精神、动员全党同志为完成党的中心任务而团结奋斗所作的重大部署;②是深入推进新时代党的建设新的伟大工程的重大部署。

(2)三个就是要——

①就是要用习近平新时代中国特色社会主义思想凝心铸魂,推动全党更加自觉深刻领悟“两个确立”的决定性意义,增强“四个意识”、坚定“四个自信”、做到“两个维护”,在思想上政治上行动上同党中央保持高度一致;②就是要全面学习、全面把握、全面落实党的二十大精神,贯彻新发展理念、构建新发展格局、推动高质量发展,推进中国式现代化;③就是要推动党的自我革命、时刻保持解决大党独有难题的清醒和坚定,始终与人民同心,保持党的先进性和纯洁性,使全党更加紧密地团结在以习近平同志为核心的党中央周围,为奋进新征程、建功新时代提供坚强有力的政治引领和政治保障。

 དོན་སྙིང་གལ་ཆེན།

( ༡ )བཀོད་སྒྲིག་གལ་ཆེན་གཉིས།

དང་པོ། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ནས་ཏང་གི་ལྟེ་བའི་ལས་འགན་ལེགས་འགྲུབ་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་དེ་ཡིན། གཉིས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཀོད་སྒྲིག་གལ་ཆེན་དེ་ཡིན།

( ༢ )བྱ་དགོས་པ་གསུམ།

དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱ་ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དེ་ཡིན། གཉིས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ་དེ་ཡིན། གསུམ་པ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དེ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སེམས་པ་གཅིག་མཐུན་བྱས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་བྱས་ཏེ། ཏང་ཡོངས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་རྒྱང་ལམ་གསར་པ་དང་དུས་རབས་གསར་པ་སྐྲུན་ཕྱིར་ཞུམ་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

4.总要求

学思想、强党性、重实践、建新功。

སྤྱིའི་བླང་བྱ།

དགོངས་པ་སློབ་སྦྱོང་དང་།  ཏང་གཤིས་བརྟན་གཏོང་།  ལག་ལེན་ལ་མཐོང་ཆེན།   བྱས་རྗེས་གསར་འཇོག

5.根本任务

(1)坚持学思用贯通、知信行统一。

(2)把习近平新时代中国特色社会主义思想转化为坚定理想、锤炼党性和指导实践、推动工作的强大力量。

(3)使全党始终保持统一的思想、坚定的意志、协调的行动、强大的战斗力。

(4)努力在以学铸魂、以学增智、以学正风、以学促干方面取得实实在在的成效。

རྩ་བའི་ལས་འགན།

(༡)ཐོས་བསམ་སྤྱོད་གུསམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱ་དགོས།

(༢)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་འཛུགས་དང་།    ཏང་གཤིས་ཞུན་བརྡར། ལག་ལེན་ཁྲིད་སྟོན།    ལས་ཀར་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་དགོས།

(༣)ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་།    འགྱུར་མེད་ཀྱི་བློ་སྟོབས།    མཐུན་སྦྱོར་གྱི་བྱ་སྤྱོད།    སྟོབས་ཆེའི་འཐབ་ནུས་བཅས་རྒྱུན་འཁྱོངས་བྱ་དགོས།

(༤)སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཐད་ལ་ཕན་འབྲས་ངོ་མ་ཐོན་པར་འབད་བརྩོན་བྱ་དགོས།

6.具体要达到的五个目标

凝心铸魂筑牢根本;锤炼品格强化忠诚;实干担当促进发展;践行宗旨为民造福;廉洁奉公树立新风。

ཞིབ་ཕྲའི་ཚད་ལོན་གྱི་དམིགས་ཚད་ལྔ།

བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་།  གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་ཁུར་སེམས་ལས་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ།    དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ།     སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ།

7.着力要解决的六个方面问题

理论学习方面、政治素质方面、能力本领方面、担当作为方面、工作作风方面、廉洁自律方面。

ཤུགས་རྒྱབ་ནས་ཐག་གཅོད་བྱེད་དགོས་པའི་ཕྱོགས་དྲུག་ཐད་ཀྱི་གནད་དོན།

རིག་གཞུང་སློབ་སྦྱོང་ཐད། ཆབ་སྲིད་ཡོན་ཚད་ཐད།  འཇོན་ཐང་ནུས་པའི་ཐད།  འགན་འཁུར་བྱེད་སྟངས་ཐད།   ལའ་ཀའི་སྤྱོད་ཚུལ་ཐད། སྤྱོད་གཙང་རང་གཅུན་ཐད་བཅས་ཡིན།

8.中国共产党人的初心和使命

为中国人民谋幸福,为中华民族谋复兴。

 ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི།

ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ།

9.两个确立

确立习近平同志党中央的核心、全党的核心地位,确立习近平新时代中国特色社会主义思想的指导地位。

གཏན་འཁེལ་གཉིས།

ཏང་གིས་བློ་མཐུན་ཞི་ཅིང་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་འཁྲིད་གནས་བབ་གཏན་འཁེལ་བྱས་པ་གཉིས་སོ།

10.两个维护

坚决维护习近平总书记党中央的核心、全党的核心地位,坚决维护党中央权威和集中统一领导。

སྲུང་སྐྱོང་གཉིས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་གཉིས་སོ།

11.四个意识

政治意识、大局意识、核心意识、看齐意识。

འདུ་ཤེས་བཞི་ནི།   ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས།  མིག་ལྟོས་ཀྱི་འདུ་ཤེས་བཅས་བཞིའོ།

12.四个自信

道路自信、理论自信、制度自信、文化自信。

གདེང་ཚོད་བཞི་ནི། འགྲོ་ལམ་གྱི་གདེང་ཚོད་དང་རིགས་གཞུང་གི་གདེང་ཚོད།  ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བཞིའོ།

13.四个伟大

伟大斗争、伟大工程、伟大事业、伟大梦想。

རླབས་ཆེན་བཞི།

འཐབ་བརྩོད་རླབས་ཆེན།  འདུ་འགོད་རླབས་ཆེན།  བྱ་བཞག་རླབས་ཆེན།   ཕུགས་བདུན་རླབས་ཆེན།

14.四个服从

党员个人服从党的组织,少数服从多数,下级组织服从上级组织,全党各个组织和全体党员服从党的全国代表大会和中央委员会。

བསྟུན་དགོས་པ་བཞི།

ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བསྟུན་དགོས་པ་དང་།    མི་གྲངས་ཉུང་བས་མང་བར་བསྟུན་དགོས་པ། གཤམ་འོག་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བསྟུན་དགོས་པ།   ཏང་ཡོངས་ཀྱི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བསྟུན་དགོས་པ་བཅས་བཞིའོ།

15.四大考验

执政考验、改革开放考验、市场经济考验、外部环境考验。

ཚོད་བགམ་ཆེན་པོ་བཞི་ནི། སྲིད་སྐྱོང་གི་ཚོད་བགམ། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ།  ཕྱིའི་ཁོར་ཡུག་གི་ཚོད་བགམ་བཅས་སོ།

16.四大危险

精神懈怠、能力不足、脱离群众、消极腐败。

ཉེན་ཁ་ཆེན་པོ་བཞི།

རྣམ་གཡེང་ལེ་ལོའི་དབང་དུ་སོང་བའི་ཉེན་ཁ། འཇོན་ནུས་མི་འདང་བའི་ཉེན་ཁ། ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། ཕན་མེད་རུལ་སུངས་ཀྱི་ཉེན་ཁ་བཅས་སོ།

17.党的二十大大会主题

高举中国特色社会主义伟大旗帜,全面贯彻习近平新时代中国特色社会主义思想,弘扬伟大建党精神,自信自强、守正创新,踔厉奋发、勇毅前行,为全面建设社会主义现代化国家、全面推进中华民族伟大复兴而团结奋斗。

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དེ་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་གཞུང་དྲང་གསར་གཏོད།    ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་།  ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།

18.三个务必

务必不忘初心、牢记使命,务必谦虚谨慎、艰苦奋斗, 务必敢于斗争、善于斗争。

ངེས་པར་དུ་གསུམ།

ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བབྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་དགོས།

19.三件大事

一是迎来中国共产党成立一百周年, 二是中国特色社会主义进入新时代,三是完成脱贫攻坚、全面建成小康社会的历史任务,实现第一个百年奋斗目标。

དོན་ཆེན་ཁག་གསུམ།

གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལོ་རྒྱུས་ཀྱི་ལས་འགན་བསྒྲུབས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་རེད།

20.两个结合

把马克思主义基本原理同中国具体实际相结合、同中华优秀传统文化相结合。

 ཟུང་འབྲེལ་གཉིས།

མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་དགོས་ན་ངེས་པར་དུ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་དགོས་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས་པ།

21.跳出治乱兴衰历史周期率的第二个答案

经过不懈努力,党找到了自我革命这一跳出治乱兴衰历史周期率的第二个答案,确保党永远不变质、不变色、不变味。

ཟིང་འཇགས་དར་རྒུད་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བའི་དྲིས་ལན་གཉིས་པ།

འབད་བརྩོན་ལྷོད་མེད་བྱས་མཐར། ཏང་གིས་རང་ངོས་གསར་བརྗེ་བྱས་ནས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བ་བྱེད་པའི་དྲིས་ལན་གཉིས་པ་དེ་རྙེད་ནས་ཏང་འདི་ཉིད་དུས་ནམ་ཡང་ངོ་བོ་མི་འགྱུར་བ་དང་།  ཁ་དོག་མི་འགྱུར་བ།  བྲོ་བ་མི་འགྱུར་བའི་འགན་ལེན་ཏན་ཏིག་བྱས་ཡོད།

22.六个必须坚持

必须坚持人民至上、必须坚持自信自立、必须坚持守正创新、必须坚持问题导向、必须坚持系统观念、必须坚持胸怀天下。

ངེས་པར་དུ་མཐའགའཁྱོངས་བྱེད་དགོས་པ་དྲུག

ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། ངེས་པར་དུ་རང་ཡིད་རང་ཆེས་དང་རང་སྟོབས་རང་སྤེལ་མཐའ་འཁྱོངས། ངེས་པར་དུ་གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ངེས་པར་དུ་མ་ལག་གི་འདུ་ཤེས་མཐའ་འཁྱོངས། ངེས་པར་དུ་གནམ་འོག་ཁོང་འཆང་མཐའ་འཁྱོངས།

23.中国共产党的中心任务

从现在起,中国共产党的中心任务就是团结带领全国各族人民全面建成社会主义现代化强国、实现第二个百年奋斗目标,以中国式现代化全面推进中华民族伟大复兴。

ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན།

ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན།

24.中国式现代化的五个特色

中国式现代化,是中国共产党领导的社会主义现代化,既有各国现代化的共同特征,更有基于自己国情的中国特色。中国式现代化是人口规模巨大的现代化,是全体人民共同富裕的现代化,是物质文明和精神文明相协调的现代化,是人与自然和谐共生的现代化,是走和平发展道路的现代化。

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་ལྔ།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་དེ་བས་ལྡན་ཡོད།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ལྡན་པའི་དེང་རབས་ཅན།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན།

25.中国式现代化的本质要求

坚持中国共产党领导,坚持中国特色社会主义,实现高质量发展,发展全过程人民民主,丰富人民精神世界,实现全体人民共同富裕,促进人与自然和谐共生,推动构建人类命运共同体,创造人类文明新形态。

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས། མི་དམངས་ཀྱི་སེམས་ཁམས་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཡིན།

26.前进道路上,牢牢把握五个重大原则

前进道路上,必须牢牢把握以下重大原则:坚持和加强党的全面领导、坚持中国特色社会主义道路、坚持以人民为中心的发展思想、坚持深化改革开放、坚持发扬斗争精神。

མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ངེས་པར་དུ་རྩ་དོན་གལ་ཆེན་ཁག་ལྔ་ལ་དམ་འཛིན་བྱེད་དགོས་པ་སྟེ།

ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས།

27.全面建设社会主义现代化国家的首要任务

高质量发展是全面建设社会主义现代化国家的首要任务。发展是党执政兴国的第一要务。

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་དབང་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན།

28.五个“必由之路”

全党必须牢记,坚持党的全面领导是坚持和发展中国特色社会主义的必由之路,中国特色社会主义是实现中华民族伟大复兴的必由之路,团结奋斗是中国人民创造历史伟业的必由之路,贯彻新发展理念是新时代我国发展壮大的必由之路,全面从严治党是党永葆生机活力、走好新的赶考之路的必由之路。

བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ།

ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ནང་བརྟན་པོར་ངེས་དགོས་པ་ནི། ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག  མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་ནང་རང་རྒྱལ་འདི་ཉིད་གོང་འཕེལ་སྟོབས་ཆེར་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་གི་གསོན་ཤུགས་ནམ་ཡང་ཉམས་མེད་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་བཅས་ཡིན།

29.“五位一体”总体布局

经济建设、政治建设、文化建设、社会建设、生态文明建设五位一体。

ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་ཁྱབ།

དཔལ་འབྱོར་འཛུགས་སྐྲུན་དང་།    ཆབ་སྲིད་ལེགས་སྐྱོང་།    རིག་གནས་དར་སྤེལ།    སྤྱི་ཚོགས་ལེགས་སྐྱོང་།    སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་ལྔའོ།

30.“四个全面”战略布局

全面建设社会主义现代化国家、全面深化改革、全面依法治国、全面从严治党。

ཕྱོགས་ཡོངས་བཞི་ནི།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།  ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།  ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བཞིའོ།

31.新发展理念

创新、协调、绿色、开放、共享。

འཕེལ་རྒྱས་ཀྱི་བསམ་གཞི་གསར་པ།  གསར་གཏོད་དང་།  མཐུན་སྦྱོར།   འབྱུང་འཕྲོད།  སྒོ་དབྱེ།    མཉམ་སྤྱོད་བཅས་ཡིན།

32.新发展格局

以国内大循环为主体、国内国际双循环相互促进的新发展格局。

གོང་འཕེལ་གྱི་རྣམ་པ་གསར་པ།

རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་གོ།

33.伟大建党精神

坚持真理、坚守理想,践行初心、担当使命,不怕牺牲、英勇斗争,对党忠诚、不负人民。

རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས།

བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་།    ཐོག་མའི་བསམ་འདུན་དོན་གཉེར་དང་འགན་འཁྲི་འཁུར་ལེན།    རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ།    ཏང་ལ་བློ་དཀར་སེམས་དཀར་དང་དམངས་དོན་དང་དུ་ལེན་པ་བཅས་སོ།

34.中国共产党的性质

中国共产党是中国工人阶级的先锋队,同时是中国人民和中华民族的先锋队,是中国特色社会主义事业的领导核心,代表中国先进生产力的发展要求,代表中国先进文化的前进方向,代表中国最广大人民的根本利益。

ཀྲུང་གོའི་གུང་ཁྲན་ཏང་གི་ངོ་བོ།

ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་ཞིང་། ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་རེད།

35.党的最高理想和最终目标

党的最高理想和最终目标是实现共产主义。

ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ།

ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཡིན།

36.党的根本宗旨

全心全意为人民服务。

ཏང་གི་རྩ་བའི་དམིགས་ཡུལ།

བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

37.中国特色社会主义最本质的特征

中国共产党的领导是中国特色社会主义最本质的特征,是中国特色社会主义制度的最大优势,党是最高政治领导力量。

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་པ་དང་། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་བཅས་ཡིན།

38.中国共产党的行动指南

中国共产党以马克思列宁主义、毛泽东思想、邓小平理论、“三个代表”重要思想、科学发展观、习近平新时代中国特色社会主义思想作为自己的行动指南。

ཀྲུང་གོ་གུང་ཁྲན་ཏང་གི་བྱ་སྤྱོད་ཕྱོགས་སྟོན།

ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་གྱི་ཡོད།

39.现阶段我国社会的主要矛盾

在现阶段,我国社会的主要矛盾是人民日益增长的美好生活需要和不平衡不充分的发展之间的矛盾。

ད་ལྟའི་དུས་རིམ་གྱི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ།

ད་ལྟའི་དུས་རིམ་དུ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་རེད།

40.新时代新征程,经济和社会发展的战略目标

到二〇三五年基本实现社会主义现代化,到本世纪中叶把我国建成社会主义现代化强国。

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན།

༢༠༣༥ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་།དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

41.党的思想路线

一切从实际出发,理论联系实际,实事求是,在实践中检验真理和发展真理。

 ཏང་གི་བསམ་བློའི་ལམ་ཕྱོགས།

ཡོ་དཚད་དོན་དངོས་གཞིར་འཛིན་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། དངོས་ཐོག་བདེན་འཚོལ། ལག་ལེན་བྱེད་པའི་རྒྱུད་རིམ་ནང་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས།

42.党的群众路线

一切为了群众,一切依靠群众,从群众中来,到群众中去,把党的正确主张变为群众的自觉行动。

ཏང་གི་མང་ཚོགས་ལམ་ཕྱོགས།

ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་ནས་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། ཏང་གི་འདོད་ཚུལ་ཡང་དག་པ་རྣམས་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བཅས་བྱ་དགོས།

43.政治三力

政治判断力、政治领悟力、政治执行力。

ཆབ་སྲིད་ཀྱི་ནུས་པ་གསུམ།

ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།    ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།    ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཡིན།

44.新时代党的建设总要求

坚持和加强党的全面领导,坚持党要管党、全面从严治党,以加强党的长期执政能力建设、先进性和纯洁性建设为主线,以党的政治建设为统领, 以坚定理想信念宗旨为根基,以调动全党积极性、主动性、创造性为着力点,全面推进党的政治建设、思想建设、组织建设、作风建设、纪律建设,把制度建设贯穿其中,深入推进反腐败斗争,不断提高党的建设质量,把党建设成为始终走在时代前列、人民衷心拥护、勇于自我革命、经得起各种风浪考验、朝气蓬勃的马克思主义执政党。

དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱ་རྒྱུའི་སྤྱིའི་བླང་བྱ།

ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ཏང་གི་ཡུན་རིང་གི་སྲིད་སྐྱོང་ནུས་པ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱ་རྒྱུ་གཙོ་རྐང་དུ་འཛིན་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཙོ་རྐང་དུ་འཛིན་པ། ཕུགས་བསམ་དང་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་འཛུགས་རྒྱུ་གཞི་རྩར་འཛིན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན་གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་རྒྱག་སར་འཛིན་པ་བཅས་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་ལེགས་སྐྱོང་དང་། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་འགྱུར། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་བྱས་ནས་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་ཁྱབ་ཏུ་བཅུག་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ། རང་ཉིད་གསར་བརྗེ་བྱེད་ཕོད་པ། དཀའ་སྡུག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱ་དགོས།

45.新时代党的组织路线

全面贯彻习近平新时代中国特色社会主义思想,以组织体系建设为重点,着力培养忠诚干净担当的高素质干部,着力集聚爱国奉献的各方面优秀人才,坚持德才兼备、以德为先、任人唯贤,为坚持和加强党的全面领导、坚持和发展中国特色社会主义提供坚强组织保证。

དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་བློ་དཀར་སེམས་དཀར་དང་།སྤྱོད་པ་གཙང་བ།འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་དང་།རྒྱལ་གཅེས་སྐྱེས་འབུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་པ་ཕུལ་བྱུང་བསྡུ་རུབ།སྤྱོད་ཡོན་གཉིས་ལྡན་དང་།སྤྱོད་བཟང་གཙོ་བོར་འཛིན་པ།སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་ཆེད་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས།

46.中国共产党在社会主义初级阶段的基本路线

领导和团结全国各族人民,以经济建设为中心,坚持四项基本原则,坚持改革开放,自力更生,艰苦创业,为把我国建设成为富强民主文明和谐美丽的社会主义现代化强国而奋斗。

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཀྲུང་གོའི་གུང་ཁྲན་ཏང་གི་གཞི་རྩའི་ལམ་ཕྱོགས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བཟུང་སྟེ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་།བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས།རང་སྟོབས་རང་སྤེལ།དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་དགོས།

47.党的建设必须坚决实现的六项基本要求

第一,坚持党的基本路线。

第二,坚持解放思想,实事求是,与时俱进,求真务实。

第三,坚持新时代党的组织路线。

第四,坚持全心全意为人民服务。

第五,坚持民主集中制。

第六,坚持从严管党治党。

ཏང་འཛུགས་སྐྱོང་བྱེད་པར་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་མངོན་འགྱུར་བྱ་དགོས་པའི་གཞི་རྩའི་བླང་བྱ་དྲུག་

དང་པོ།ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱ་དགོས།

གཉིས་པ།བསམ་བློ་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དོན་གཉེར།

གསུམ་པ།དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་དགོས།

བཞི་པ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱ་དགོས།

ལྔ་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱ་དགོས།

དྲུག་པ།ཏང་ལ་དོ་དམ་དང་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་དགོས།

48.我国社会主义建设的根本任务

是进一步解放生产力,发展生产力,逐步实现社会主义现代化,并且为此而改革生产关系和上层建筑中不适应生产力发展的方面和环节。

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན།

ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་སྔར་ལས་ལྷག་པ་གཏོང་རྒྱུ་དང་།ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རིམ་བཞིན་མངོན་འགྱུར་བྱ་རྒྱུ་བཅས་ཡིན་པ་མ་ཟད།དེའི་དོན་དུ་ཐོན་སྐྱེད་ཀྱི་འབྲེལ་བ་དང་སྟེང་གི་བཀོད་པའི་ནང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དང་མི་འཚམ་པའི་ཕྱོགས་དང་ལྷུ་ཚིགས་ལ་བསྒྱུར་བཅོས་བྱ་རྒྱུ་དེ་རེད།

49.四项基本原则

坚持社会主义道路、坚持人民民主专政、坚持中国共产党的领导、坚持马克思列宁主义毛泽东思想这四项基本原则,是我们的立国之本。在社会主义现代化建设的整个过程中,必须坚持四项基本原则,反对资产阶级自由化。

གཞི་རྩའི་རྩ་དོན་བཞི། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་མཐའ་འཁྱོངས་བཅས་བྱ་རྒྱུའི་གཞི་རྩའི་རྩ་དོན་བཞི་པོ་དེ་ནི་ང་ཚོས་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུའི་རྩ་བ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱ་རིམ་ཧྲིལ་པོའི་ནང་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱས་ནས་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་ངོ་རྒོལ་བྱ་དགོས།

50.党的根本组织原则

民主集中制。民主集中制是民主基础上的集中和集中指导下的民主相结合。

ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན།

དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ནི་དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་གཅིག་སྡུད་ཀྱི་སློབ་སྟོན་འོག་གི་དམངས་གཙོ་ཟུང་དུ་འབྲེལ་བ་ཞིག་ཡིན།

51.爱国统一战线

中国共产党同全国各民族工人、农民、知识分子团结在一起,同各民主党派、无党派人士、各民族的爱国力量团结在一起,进一步发展和壮大由全体社会主义劳动者、社会主义事业的建设者、拥护社会主义的爱国者、拥护祖国统一和致力于中华民族伟大复兴的爱国者组成的最广泛的爱国统一战线。

རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར།

ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་རྡོག་རྩ་གཅིག་སྒྲིལ་དང་། དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པ། མི་རིགས་ཁག་གི་རྒྱལ་གཅེས་སྟོབས་ཤུགས་བཅས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན།སྤྱི ་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་བའི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ཡོང་བར་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་བརྩོན་བྱེད་མཁན་རྒྱལ་གཅེས་པ་བཅས་ཡོངས་རྫོགས་ལས་གྲུབ་པའི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་རྒྱ་སྐྱེད་སྔར་ལས་ལྷག་པ་གཏོང་བ་དེ་ཡིན།

52.入党誓词

我志愿加入中国共产党,拥护党的纲领,遵守党的章程,履行党员义务,执行党的决定,严守党的纪律,保守党的秘密,对党忠诚,积极工作,为共产主义奋斗终身,随时准备为党和人民牺牲一切,永不叛党。

ཏང་ཞུགས་དམ་བཅའི་ཚིག་

ང་ནི་རང་མོས་ཐོག་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ཏང་གི་རྩ་འཛིན་ལ་བརྩི་བཀུར། ཏང་གི་སྒྲིག་ཡིག་ལ་བརྩི་བཀུར། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་།ཏང་གི་གསང་དོན་དམ་སྲུང་།ཏང་ལ་བློ་དཀར་ཟོལ་མེད།ཧུར་བརྩོན་གྱིས་ལས་དོན་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་བརྩོན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཅིང་།དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད་པ།

53.四件大事

稳定、发展、生态、强边。

དོན་ཆེན་བཞི།

བརྟན་ལྷིང་དང་།    གོང་འཕེལ།   སྐྱེ་ཁམས།    མཐའ་སྟོབས་བཅས་རེད།

54.四个确保

确保国家安全和长治久安、确保人民生活水平不断提高、确保生态环境良好、确保边防巩固和边境安全。

འགན་ལེན་བཞི།

རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་འགན་ལེན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་འཕེལ་ཡོང་བའི་འགན་ལེན།   སྐྱེ་ཁམས་ཁོར་ཡུག་ལེགས་པོ་སྐྲུན་རྒྱུའི་འགན་ལེན།      མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་ཀྱི་འགན་ལེན་བཅས་ཡིན།

54.三严三实

既严以修身、严以用权、严以律己;又谋事要实、创业要实、做人要实。

ནན་གསུམ་དྲང་གསུམ་།  བློ་སྦྱོང་ནན་པོ། དབང་ཚོད་ནན་པོ།  རང་གཅུན་ནན་པོ།  ཇུས་འགོད་དྲང་པོ། ལས་ཀ་དྲང་པོ། མི་དྲང་པོ་བཅས་སོ།

55.新时代好干部标准

信念坚定、为民服务、勤政务实、敢于担当、清正廉洁。

དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི།

དད་སེམས་བརྟན་པོ། དམངས་དོན་ཞབས་འདེགས།  སྲིད་བརྩོན་དངོས་གཉེར། འགན་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་།

56.四个特别

维护党的集中统一领导态度特别坚决、明辨大是大非立场特别清醒、铸牢中华民族共同体意识行动特别坚定、热爱各族群众感情特别真挚。

ཤིན་ཏུ་བཞི།

ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཤིན་ཏུ་གསལ་པོ་དང་ཡིན་མིན་གནད་དོན་ཆེན་པོའི་ཐད་གསལ་འབྱེད་ཀྱི་ལངས་ཕྱོགས་ཤིན་ཏུ་བརྟན་པོ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་བྱ་སྤྱོད་ཤིན་རུ་ཐག་ཆོད་པོ།མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་གྱི་བརྩེ་སེམས་ཤིན་ཏུ་ཟབ་མོ་བཅས་སོ།

57.八个必须

必须旗帜鲜明讲政治、必须时刻心系“国之大者” 、必须践行初心使命、必须坚持人民至上、必须勇于担当作为、必须扎实改进作风、必须不断提升本领、必须全面从严治党。

ངེས་པར་བརྒྱད།

ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན་བསྒྲུབ་མཁན”གྱི་སེམས་པ་ཞིག་དགོས། ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། ངེས་པར་དུ་སྤྱོད་ཚུལ་ལེགས་སུ་གཏོང་དགོས། ངེས་པར་དུ་རྒྱུན་ཆད་མེད་པར་འཇོན་ནུས་ཆེ་རུ་གཏོང་དགོས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས།

59.六个表率:坚持对党绝对忠诚,带头做践行

“两个维护”的表率;坚持群众路线,带头做勤政为民的表率;坚持求真务实,带头做勇于担当的表率;坚持民主集中制,带头做团结干事的表率;坚持怀德自重,带头做清正廉洁的表率;坚持从严治党,带头做管党治党的表率。

མིག་དཔེ་འདོན་དགོས་པ་དྲུག

ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་རྒྱུར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྲུང་སྐྱོང་གཉིས་ཐུབ་པ་བྱེད་པའི་མིག་དཔེ་འདོན་པ། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་དམངས་ལ་སྲི་ཞུ་བསྒྲུབ་པའི་མིག་དཔེ་འདོན་པ། དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་འདོན་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་འདོན་པ། གཞུང་དྲང་རང་ཚུགས་ཟིན་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་པ། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་འདོན་པ་བཅས་ལ་ཟེར།

60.四个创建

着力创建全国民族团 结进步模范区、着力创建高原经济高质量发展先行区、着力创建国家生态文明高地、着力创建国家固边兴边富民行动示范区。

འཛུགས་གཏོད་བཞི། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱགཔ།  རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བཞིའོ།

61.四个走在前列

努力做到民族团结进步走在全国前列、努力做到高原经济高质量发展走在全国前列、努力做到生态文明建设走在全国前列、努力做到固边兴边富民行动走在全国前列。

མདུན་གྲལ་དུ་སླེབས་པ་བཞི།

མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པ་དང་།  ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པ།  མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པ་བཅས་བཞིའོ།

62.两路精神

一不怕苦、二不怕死,顽强拼搏、甘当路石,军民一家、民族团结。

ལམ་གཉིས་ཀྱི་སྙིང་སྟོབས།

གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པ། བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་ལྷོད་མེད་དང་ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཡིན།

63.老西藏精神(孔繁森精神)

特别能吃苦、特别能战斗、特别能忍耐、特别能团结、特别能奉献。

བོད་སྐྱོད་རྒན་རབས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས།

དཀའ་སྡུག་ལྷག་པར་མྱོང་ཐུབ་པ་དང་། འཐབ་འཛིང་ལ་ལྷག་པར་བྱེད་ཐུབ་པ། བཟོད་སྒོམ་ལྷག་པར་བྱེད་ཐུབ་པ། མཐུན་སྒྲིལ་ལྷག་པར་བྱེད་ཐུབ་པ། བྱས་རྗེས་ལྷག་པར་འཇོག་ཐུབ་པ་བཅས་ཡིན།

63.四查四问

查作风、问初心,查责任、问担当,查漏洞、问短板,查落实、问成效。

བཞི་བཤེར་བཞི་རྩད།

སྤྱོད་ཚུལ་བཤེར་ནས་ཐོག་མའི་བསམ་འདུན་འདྲི་རྩད། འགན་འཁྲི་བཤེར་ནས་ཁུར་ལེན་འདྲི་རྩད།  སྐྱོན་ཆ་བཤེར་ནས་ཞན་ཆ་འདྲི་རྩད། དོན་འཁྱོལ་བཤེར་ནས་ཕན་འབྲས་འདྲི་རྩད།

64.“强中心”战略为抓手的“1+7”贯彻体系

拉萨市委十届四次全会提出的落实以“强中心”战略为抓手,以强看齐、强治理、强团结、强经济、强生态、强后方、强党建“七大行动”为支撑的“1+7”贯彻体系。

“ལྟེ་བར་ཤུགས་སྣོན”གྱི་འཐབ་ཇུས་དམ་འཛིན་བྱ་གཞིར་བྱེད་པའི་“1+7”གྱི་ལག་བསྟར་མ་ལག

ལྷ་ས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི“ལྟེ་བར་ཤུགས་སྣོན”གྱི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་མིག་ལྟོས་དང་།བཅོས་སྐྱོང་།མཐུན་སྒྲིལ།དཔལ་འབྱོར། སྐྱེ་ཁམས། རྒྱབ་ཕྱོགས། ཏང་འཛུགས་སྐྱོང་བཅས་སྟོབས་ཆེར་གཏོང་བའི་“བྱ་སྤྱོད་ཆེན་པོ་བདུན”གྱིས་འདེགས་སྐྱོར་བྱེད་པའི“1+7”གྱི་ལག་བསྟར་མ་ལག་ལ་གོ་

65.七大行动

“强看齐”行动、“强治理”行动、“强团结”行动、“强经济”行动、“强生态”行动、“强后方”行动、“强党建”行动。

བྱ་སྤྱོད་ཆེན་པོ་བདུན།

མིག་ལྟོས་དང་། བཅོས་སྐྱོང་། མཐུན་སྒྲིལ། དཔལ་འབྱོར་། སྐྱེ་ཁམས། རྒྱབ་ཕྱོགས། ཏང་འཛུགས་སྐྱོང་བཅས་སྟོབས་ཆེར་གཏོང་བའི་ལས་འགུལ།

66.社会主义核心价值观

富强、民主、文明、和谐;自由、平等、公正、法治;爱国、敬业、诚信、友善。

སྤྱི་ཚོགས་རིང་ལུགས་ལྟེ་བའི་རིང་ཐང་ལྟ་བ།

སྟོབས་འབྱོར། དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཐུན།

67.习近平总书记为庆祝西藏和平解放70周年题词

建设美丽幸福西藏、共圆伟大复兴梦想。

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཚོན་ཆེད་དུ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཅེས་པའི་ཕྱག་བྲིས་གནང་།

68.三个赋予一个有利于

坚持所有发展都要赋予民族团结进步的意义,都要赋予维护统一、反对分裂的意义,都要赋予改善民生、凝聚人心的意义,都要有利于提升各族群众获得感、幸福感、安全感。

ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག

འཕེལ་རྒྱས་གཏོང་རིགས་ཚང་མར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ། གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། དམངས་འཚོ་ལེགས་བཅོས་ཀྱི་དོན་སྙིང་ལྡན་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཤུགས་ཆེར་འགྲོ་རྒྱུར་ཕན་འདོགས་པའོ།

69.三个离不开

汉族离不开少数民族,少数民族离不开汉族,各少数民族之间也互相离不开。

ཁ་བྲལ་ཐབས་མེད་པ་གསུམ།

རྒྱ་རིགས་དང་གྲངས་ཉུང་མི་རིགས་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་དབར་ཁ་བྲལ་ཐབས་མེད་པ་བཅས་སོ།

70.四个与共

铸牢中华民族共同体意识,就是要引导各族人民牢固树立休戚与共、荣辱与共、生死与共、命运与共(以下简称“四个与共”)的共同体理念。

མཉམ་མྱོང་བཞི།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་མི་རིགས་ཁག་གི་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན།  ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཡིན།

71.五个认同

增进各族群众对伟大祖国、中华民族、中华文化、中国共产党、中国特色社会主义的认同。

མོས་སེམས་ལྔ།

རླབས་ཆེན་མེས་རྒྱལ་དང་།  ཀྲུང་ཧྭ་མི་རིགས།  ཀྲུང་ཧྭའི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ལྔའོ།

72.五个有利于

以有利于维护祖国统一和谐稳定、有利于增进“五个认同”、有利于团结宗教界人士和信教群众、有利于藏传佛教健康传承、有利于减轻信教群众负担为标准,积极引导藏传佛教与社会主义社会相适应,不断推进藏传佛教中国化。

ཕན་འདོགས་པ་ལྔ།

མེས་རྒྱལ་གོང་བུ་གཅིག་འགྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ཕན་འདོགས་པ་དང་།མོས་པ་ལྔ་ཟབ་ཏུ་གཏོང་རྒྱུར་ཕན་འདོགས་པ། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱེད་རྒྱུར་ཕན་འདོགས་པ། བོད་རྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་རྒྱུར་ཕན་འདོགས་པ། ཆོས་དད་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུར་ཕན་འདོགས་པ་བཅས་ལྔའོ།

73.三对关系

要正确认识和把握中华民族共同体意识和各民族意识的关系、中华文化和各民族的关系、物质和精神的关系。

འབྲེལ་བ་ཁག་གསུམ།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་བར་གྱི་འབྲེལ་བ་དང་། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་བར་གྱི་འབྲེལ་བ། དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་བཅས་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པ་བྱ་དགོས་པ་བཅས་སོ།

74.四大工程

习近平总书记关于加强和改进民族工作的重要思想入脑入心工程、 “五个认同”工程、各民族交流交往交融促进工程、模范区创建“九进”工程。

འདུ་འགོད་ཆེན་པོ་བཞི།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྤེལ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སེམས་ལ་ཟུག་པ་བྱེད་པའི་འདུ་འགོད་དང་། མོས་སེམས་ལྔའི་འདུ་འགོད། མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འདུ་འགོད། དཔེ་བཟང་ཁུལ་གཏོད་པའི་སྐྱོད་པ་དགུའི་འདུ་འགོད་བཅས་སོ།

75.六项行动

爱我中华“播种”行动、“关键少数”带头示范行动、国家通用语言文字推广普及行动、社会民族团结一家亲共建行动、农牧区民族团结聚力行动、美丽边疆同心守护行动。

བྱ་སྤྱོད་དྲུག

རང་རེའི་ཀྲུང་ཧྭར་དགའ་བའི་སོན་འདེབས་བྱ་སྤྱོད་དང་། འགག་རྩའི་ཉུང་ཤས་ཀྱི་སྣེ་ཁྲིད་དཔེ་སྟོན་བྱ་སྤྱོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱ་སྤྱོད། སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་གཏོད་བྱ་སྤྱོད། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་ནུས་ཤུགས་གཅིག་སྒྲིལ་གྱི་བྱ་སྤྱོད། མཛེས་སྡུག་ལྡན་པའི་མཐའ་མཚམས་སྲུང་སྐྱོང་གི་བྱ་སྤྱོད་བཅས་སོ།

76.三个意识

国家意识、公民意识、法治意识。

འདུ་ཤེས་གསུམ།

རྒྱལ་ཁབ་ཀྱི་འདུ་ཤེས།  སྤྱི་དམངས་ཀྱི་འདུ་ཤེས།  ཁྲིམས་སྐྱོང་གི་འདུ་ཤེས།

77.四好僧人

政治上靠得住,做爱国进步、永远听党话、跟党走的好僧人;宗教上有造诣,做精进修学、推进藏传佛教健康传承的好僧人;品德上能服众,做守法遵规、弘扬济世利民优良传统的好僧人;关键时起作用,做立场坚定、坚决维护祖国统一和民族团结的好僧人。

དགེ་འདུན་པ་བཟང་པོ་བཞི། ཆབ་སྲིད་ཐད་བློས་འཁེལ་ཞིང་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་དགེ་འདུན་པ་བཟང་པོ་ཞིག་བྱེད་པ། ཆོས་ལུགས་ཐད་ཐོས་བསམ་ཟབ་ཅིང་སྒོམ་སྒྲུབ་སློབ་གཉེར་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུད་འཛིན་བྱེད་རྒྱུར་སྐུལ་འདེད་གཏོང་བའི་དགེ་འདུན་པ་བཟང་པོ་ཞིག་བྱེད་པ། སྤྱོད་ལམ་ཐད་དམངས་མགུ་ཞིང་སྒྲིག་བཀུར་ཁྲིམས་སྲུང་དང་འགྲོ་བར་ཕན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བའི་དགེ་འདུན་པ་བཟང་པོ་ཞིག་བྱེད་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཞིང་ལངས་ཕྱོགས་བརྟན་པོ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་དགེ་འདུན་པ་བཟང་པོ་ཞིག་བྱེད་པ་བཅས་ཡིན།

78.六稳六保

稳就业、稳金融、稳外贸、稳外资、稳投资、稳预期,保居民就业、保基本民生、保市场主体、保粮食能源安全、保产业链供应链稳定、保基层运转。

 བརྟན་པོ་དྲུག་དང་འགན་ལེན་དྲུག

ལས་ཞུགས་བརྟན་པོ། དངུལ་རྩ་བརྟན་པོ། ཕྱིར་ཚོང་བརྟན་པོ། ཕྱི་དངུལ་བརྟན་པོ།  མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ། གྲོང་མིའི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། ཁྲོམ་རའི་གཙོ་གཟུགས་འགན་ལེན། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་འགན་ལེན། གཞི་རིམ་གྱི་འཁོར་སྐྱོད་འགན་ལེན་བཅས་སོ།

79.援藏工作五大领域

智力支援、产业支援促进就业、保障和改善民生、各民族交往交流交融、文化教育支援。

བོད་སྐྱོར་ལས་དོན་གྱི་ཁྱབ་ཁོངས་ཆེ་གྲས་ལྔ།

རིག་སྟོབས་ཀྱི་རོགས་སྐྱོར་དང་། ཐོན་ལས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། རིག་གནས་སློབ་གསོའི་རོགས་སྐྱོར་བཅས་སོ།

80.乡村五大振兴

产业振兴、人才振兴、文化振兴、生态振兴、组织振兴。

གྲོང་གསེབ་དར་རྒྱས་ཆེ་མོ་ལྔ།

ཐོན་ལས་དར་རྒྱས།  ཤེས་ལྡན་དར་རྒྱས།  རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས་།  རྩ་འཛུགས་དར་རྒྱས།

81.两城三区

历史文化名城、高原宜居新城、民族团结示范区、生态文明优先区、开放发展先行区。

གྲོང་གཉིས་ཁུལ་གསུམ།

ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་།  ས་མཐོའི་གནས་འཕྲོད་ཀྱི་གྲོང་གསར།  མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ།  སྐྱེ་ཁམས་ཤེས་དཔལ་གྱི་སྔོན་ཐོན་ཁུལ།  སྒོ་འབྱེད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ།

82.一核一圈两带三区

推动形成以拉萨为核心增长极,以五城(拉萨、日喀则、山南、林芝、那曲)三小时经济圈为支撑,以边境沿线发展带和川藏青藏铁路经济带为战略重点,以藏中南重点开发区、藏东清洁能源开发区、藏西北生态涵养区为主体,优势互补高质量发展的区域经济新格局。

ལྟེ་གཅིག་སྐོར་གཅིག་རྒྱུད་གཉིས་ཁུལ་གསུམ།

ལྷ་ས་ལྟེ་བའི་འཕར་སྣེ་དང་།གྲོང་ཁྱེར་ལྔ་ཡིས་(ལྷ་ས་དང་།གཞིས་རྩེ།ལྷོ་ཁ།ཉིང་ཁྲི།ནག་ཆུ་)ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་ཡིས་འདེགས་སྐྱོར་བྱེད་པ་དང་། མཐའ་མཚམས་རྒྱུད་ཀྱི་འཕེལ་རྒྱས་ས་རྒྱུད་དང་ཁྲོན་བོད་དང་མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་ས་རྒྱུད་ཀྱིས་གཙོ་གནད་འཐབ་ཇུས་བྱེད་པ། བོད་ཀྱི་དབུས་ལྷོའི་གཙོ་གནད་གསར་སྤེལ་ཁུལ་དང་། བོད་ཤར་གྱི་གཙང་དག་ནུས་རྒྱུའི་གསར་སྤེལ་ཁུལ། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་ཁུལ་བཅས་གཙོ་བོར་བྱས་ཏེ། ལེགས་ཆ་གསབ་རེས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བར་ཟེར།

83.三个百廊

百里生态绿廊、百里活力城乡长廊、百里产业走廊。

ལེ་དབར་བརྒྱ་ཡི་བར་ཁྱམས་གསུམ།

ལེ་དབར་བརྒྱ་ཡི་སྣོད་བཅུད་སྔོ་ལྗང་བར་ཁྱམས་དང་། ལེ་དབར་བརྒྱ་ཡི་གསོན་ཤུགས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱམས་རིང་མོ། ལེ་དབར་བརྒྱ་ཡི་ཐོན་ལས་བར་ཁྱམས་བཅས་སོ།

84.一心三城、四门相映

建设以城关区、堆龙德庆区和四个功能区为支撑的城市核心,联动协同林周县、曲水县、达孜区三城,擦亮东向墨竹工卡县、南向曲水县、西向尼木县、北向当雄县四大开放门户,夯实产城功能,促进融合带动。

ལྟེ་གཅིག་གྲོང་གསུམ།སྒོ་བཞི་ཕན་ཚུན་གཅིག་གིས་གཅིག་མངོན་པ།

ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། ནུས་ཁུལ་བཞི་བཅས་འདེགས་སྐྱོར་དུ་བྱས་པའི་གྲོང་ཁྱེར་གྱི་ལྟེ་བ་བསྐྲུན་རྒྱུ་དང་། ལྷུན་གྲུབ་རྫོང་དང་། ཆུ་ཤུར་རྫོང་། སྟག་རྩེ་ཆུས་བཅས་གྲོང་གསུམ་མཉམ་འགུལ་ཐོག་མཐུན་སྦྱོར་བྱས་ནས་ཤར་མལ་གྲོ་གུང་དཀར་རྫོང་དང་།ལྷོ་ངོས་ཆུ་ཤུར་རྫོང་།ནུབ་ངོས་སྙེ་མོ་རྫོང་། བྱང་ངོས་འདམ་གཞུང་རྫོང་བཅས་ཀྱི་སྒོ་ཆེན་བཞི་ཕྱེ་ནས་ཐོན་ལས་གྲོང་གི་ནུས་པ་བརྟན་དུ་བཏང་སྟེ་མཐུན་འདྲེས་སྐུལ་ཁྲིད་ལ་སྐུལ་འདེད་གཏོང་བ།

85.浙江“千万工程”

“千村示范、万村整治”工程是习近平总书记在浙江工作时亲自谋划、亲自部署、亲自推动的一项重大决策,是指从浙江省全省近4万个村庄中选择1万个左右的行政村进行全面整治,把其中1000个左右的中心村建成全面小康示范村。

ཀྲེ་ཅང་གི་ཁྲི་སྟོང་འདུ་འགོད།

གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲིར་བཅོས་སྒྲིག་བྱེད་པའི་འདུ་འགོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཀྲེ་ཅང་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་ཁྲི་༤ཙམ་གྱི་ཁྲོད་ནས་སྲིད་འཛིན་གྲོང་ཚོ་ཁྲི་༡ཙམ་བདམས་ཏེ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་པའི་ནང་ལྟེ་བའི་གྲོང་ཚོ་༡༠༠༠ཙམ་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཏུ་བསྐྲུན་པར་གོ།

86.浙江“浦江经验”

“浦江经验”是2003年习近平同志任浙江省委书记期间,亲自倡导并带头下访接待群众过程中形成的好做法好经验,是为密切干群关系、广泛听取群众呼声、及时化解社会矛盾、维护社会稳定而建立的重要制度。

ཀྲེ་ཅང་གི་ཕུའུ་ཅང་ཉམས་མྱོང་།

ཕུའུ་ཅང་ཉམས་མྱོང་ནི་༢༠༠༣ལོར་བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་རིང་། སྐུ་ངོ་མས་དར་སྤེལ་བཏང་བ་དང་སྣེ་ཁྲིད་གནང་སྟེ་མང་ཚོགས་ལ་གཤམ་སྐྱོད་སྣེ་ལེན་ཞུ་བའི་བརྒྱུད་རིམ་ནང་ཆགས་པའི་ཕྱག་ལས་གནང་སྟངས་ཡག་པོ་དང་ཉམས་མྱོང་བཟང་པོ་ཞིག་ཡིན་པ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་འབོད་སྒྲ་རྒྱ་ཁྱབ་ཏུ་ཉན་པ། སྤྱི་ཚོགས་ཀྱི་འགལ་ཟླ་འཕྲལ་དུ་སེལ་བདང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཆེད་དུ་བཙུགས་པའི་ལམ་ལུགས་གལ་ཆེན་ཞིག་རེད།

87.浙江“枫桥经验”

枫桥经验,是指20世纪60年代初,浙江省诸暨县(现诸暨市)枫桥镇干部群众创造的“发动和依靠群众,坚持矛盾不上交,就地解决,实现捕人少,治安好”的“经验”,为此,1963年毛泽东同志就曾亲笔批示“要各地仿效,经过试点,推广去做”。

ཀྲེ་ཅང་གི་ཧྥེང་ཆའོ་ཉམས་མྱོང་།

ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ནི་དུས་རབས་༢༠པའི་ལོ་རབས་༦༠པའི་དུས་འགོར། ཀྲེ་ཅང་ཞིང་ཆེན་གྱི་ཀྲུའུ་ཅི་རྫོང་(དེང་གི་ཀྲུའུ་ཅི་གྲོང་ཁྱེར་)ཧྥེང་ཆའོ་གྲོང་རྡལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་དུ་བཏོད་པའི་མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་པ། འགལ་བ་གོང་རིམ་ལ་མི་ཞུས་པར་རང་སར་ཐག་གཅོད་བྱས་ཏེ། འཛིན་བཟུང་བྱེད་མི་ཉུང་ཞིང་བདེ་འཇགས་ཡག་པའི་ཉམས་མྱོང་མངོན་གྱུར་བྱུང་བས།༡༩༦༣ལོར་བློ་མཐུན་མའོ་ཙེ་ཏུང་གིས་དངོས་སུ་ས་གནས་སོ་སོས་སླབོ་སྦྱོང་བྱེད་དགོས་པ་དང་། ཚོད་ལྟ་བྱས་ནས་ཁྱབ་སྤེལ་གཏོང་དགོས་ཞེས་སྐུ་ངོ་མས་མཆན་བཀོད་མཛུབ་སྟོན་གནང་བ་དེར་ཟེར།

88.福建“晋江经验”

2002年6月,时任福建省长的习近平同志带着思考专程到晋江市调研。下企业、进社区、访农村、走基层,在调研中,习近平总结提出以“六个始终坚持”和“处理好五大关系”为主要内容的“晋江经验”。

ཧྥུའུ་ཅན་གྱི་ཅིན་ཅང་ཉམས་མྱོང་།

༢༠༠༢ལོའི་ཟླ་༦པར་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་སྤྱིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཆེད་མངགས་ཅིན་ཅང་གྲོང་ཁྱེར་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་ནས། ཁེ་ལས་དང་། སྡེ་ཁུལ། གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་བརྟག་ཞིབ་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྡོམ་གནང་བའི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག་དང་འབྲེལ་བ་ཆེན་པོ་ལྔ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་པའི་ནང་དོན་གཙོ་བོར་ཅིན་ཅང་གི་ཉམས་མྱོང་ཟེར།

89.河北正定“人才九条”

1982年3月至1985年5月,习近平同志先后任河北省正定县委副书记、书记,提出的“树立新时期的用人观点,广招贤才的九条措施”。

ཧེ་པེ་ཀྲེང་ཏིང་གི་ཤེས་ལྡན་མི་སྣའི་བྱ་ཐབས་དགུ།

༡༩༨༢ལོའི་ཟླ་༣པ་ནས་༡༩༨༥ལོའི་ཟླ་༥པའི་བར། བློ་མཐུན་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧེ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་གནང་བའི་སྐབས་བཏོན་གནང་བའི་། དུས་སྐབས་གསར་པའི་མི་བཀོལ་སྤྱོད་བྱེད་པའི་ལྟ་བ་དང་། ཤེས་ལྡན་མི་སྣ་བསྡུ་ལེན་བྱེད་པའི་བྱེད་ཐབས་དགུ་བཏོན་གནང་བར་ཟེར།

90.自治区党委十届四次全会审议通过的意见

中共西藏自治区委员会关于完整准确全面贯彻新发展理念、推动高原经济高质量发展的意见。

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཞིབ་གྲོས་འཆམ་བྱུང་བའི་བསམ་འཆར།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར།

91.自治区党委十届四次全会提出的“五个下功夫”

在全面系统学习领会习近平总书记关于西藏工作的重要指示和新时代党的治藏方略上下功夫;在学深悟透、融会贯通习近平经济思想上下功夫;在践行宗旨、为民造福上下功夫;在持之以恒推进工作落实上下功夫;在加强干部队伍建设、全面从严治党上下功夫。

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་ཤུགས་རྒྱག་དགོས་པ་ལྔ།

ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པའི་ཐད་ཤུགས་རྒྱག་པ།  ཟབ་སྦྱོང་མཐིལ་རྟོགས་དང་ལི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པའི་ཐད་མཐའ་གསལ་མཐིལ་རྟོགས་བྱ་རྒྱུར་ཤུགས་རྒྱག་དགོས་པ། དམིགས་ཡུལ་ལག་བསྟར་དང་དམངས་ལ་བདེ་སྐྱིད་སྐྲུན་རྒྱུའི་ཐད་ཤུགས་རྒྱག་དགོས་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་ཀ་དོན་འཁྱོལ་བྱེད་པར་ཤུགས་རྒྱག་དགོས་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ལ་ཤུགས་རྒྱག་དགོས་པ།

92.自治区党委十届四次全会提出的健全完善抓落实“四项机制”

健全完善抓落实的责任机制、调度机制、督查机制、奖惩机制。

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་འཐུས་ཚང་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ལམ་སྲོལ་ཁག་བཞི།

དོན་འཁྱོལ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་སྲོལ་དང་། བཀོད་གཏོང་ལམ་སྲོལ། ལྟ་སྐུལ་ཞིབ་བཤེར་ལམ་སྲོལ། བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན།

93.拉萨市委十届五次全会审议通过的意见

中共拉萨市委员会关于学习贯彻习近平新时代中国特色社会主义思想、加强新时代党的建设工作的意见。

ལྷ་ས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གྲོས་འཆམ་བྱུང་བའི་བསམ་འཆར།

ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར།

94.“强党建”行动的“七项工程”

“立根固本、凝心铸魂、夯基垒台、先锋引领、清风塑形、反腐倡廉、长治长效”七项工程。

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་ཀྱི་ལས་གཞི་བདུན།

རྩ་བ་བརྟན་ཚུགས་དང་བློ་སྒྲིལ་སེམས་སྐྱེད། རྨང་གཞི་བརྟན་གཏོང་། གདོང་ལེན་སྣེ་ཁྲིད། སྤྱོད་གཙང་གཤིས་འཛུགས། རུལ་རྒོལ་གཙང་སྤེལ། ཡུན་རིང་བཅོས་སྐྱོང་གི་ཕུགས་ཕན་ལས་གཞི་བདུན།

95.六大纪律

政治纪律、组织纪律、廉洁纪律、群众纪律、工作纪律、生活纪律。

སྒྲིག་ཁྲིམས་ཆེན་པོ་དྲུག

ཆབ་སྲིད་སྒྲིག་ཁྲིམས།   སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས། སྲིད་གཙང་གི་སྒྲིག་ཁྲིམས།  མང་ཚོགས་ཀྱི་སྒྲིག་ཁྲིམས།  ལས་དོན་གྱི་སྒྲིག་ཁྲིམས།  འཚོ་བའི་སྒྲིག་ཁྲིམས་བཅས་སོ།

96.七个有之

搞任人唯亲,排除异己的有之;搞团团伙伙,拉帮结派的有之;搞匿名诬告,制造谣言的有之;搞收买人心,拉动选票的有之;搞封官许愿,弹冠相庆的有之;搞自行其是,阳奉阴违的有之;搞尾大不掉,妄议中央的有之。

ཡོད་པ་བདུན།

རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་བྱས་ནས་རང་ཁོངས་མིན་པ་ཕྱིར་འབུད་བྱེད་མཁན་ཡོད་པ། ཚོགས་པ་བསྒྲིགས་ནས་ཤོག་ཁག་སྒྲིག་པ་དང་ཤོག་ཁག་སྒྲིག་པ་འགའ་ཞིག་ཡོད་པ། མིང་མ་བཀོད་པར་སྙོན་འཛུགས་ཞུ་གཏུག་བྱས་ནས་དཀྲོག་གཏམ་བཟོ་མཁན་ཡོད་པ། མི་སེམས་བསླུ་ཉོ་བྱས་ནས་འདེམས་ཤོག་ཉོ་མཁན་ཡོད་པ། གནས་སྤར་སྨོན་ལམ་འདེབས་པ།ཕན་ཚུན་རྟེན་འབྲེལ་བྱེད་པ། རང་བྱས་བདེན་འཛིན་དང་མངོན་བརྩི་ལྐོག་འགལ་བྱེད་མཁན་ཡོད་པ་དང་གཉིས། མཇུག་ཆེ་ན་མི་འགྲུབ་པ་དང་།ཀྲུང་དབྱང་ལ་ཡོད་ཅེས་ཧམ་བཤད་བྱེད་ཀྱི་ཡོད།

97.四风

形式主义、官僚主义、享乐主义和奢靡之风。

སྤྱོད་ཚུལ་བཞི།   ཕྱི་ཚུལ་རིང་ལུགས།  དཔོན་ཉམས་རིང་ལུགས།  སྐྱིད་འདོད་རིང་ལུགས།  བག་མེད་ལོངས་སྤྱོད།

98.马克思主义“五观”“两论”

国家观、历史观、民族观、文化观、宗教观和唯物论、无神论。

མར་ཁེ་སེ་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས།

རྒྱལ་ཁབ་ལྟ་བ།  ལོ་རྒྱུས་ལྟ་བ།  མི་རིགས་ལྟ་བ། རིག་གནས་ལྟ་བ།  ཆོས་ལུགས་ལྟ་བ། དངོས་གཙོ་སྨྲ་བ། ལྷ་མེད་སྨྲ་བ།

99.中华人民共和国国旗

中华人民共和国国旗是五星红旗。国旗的红色象征革命,旗上的五颗五角星及其相互关系象征共产党领导下的革命人民大团结,四颗小五角星各有一尖正对着大星的中心点,表示围绕着一个中心而团结。1990年6月28日第七届全国人民代表大会常务委员会第十四次会议通过了《中华人民共和国国旗法》。

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན། རྒྱལ་དར་གྱི་ཚོན་མདོག་དམར་པོས་གསར་བརྗེ་མཚོན་པ་དང་། རྒྱལ་དར་སྟེང་གི་ཟུར་ལྔའི་སྐར་མ་ལྔ་དང་དེ་རྣམས་ཀྱི་ཕན་ཚུན་འབྲེལ་བ་ནི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གསར་བརྗེའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་མཚོན། མཐའ་སྐོར་དུ་ཟུར་ལྔའི་སྐར་མ་ཆུང་ཆུང་བཞི་ཡོད་པ་དང་སྐར་མ་ངོ་རེའི་རྩེ་མོ་གཅིག་སྐར་ཆེན་ལྟེ་བར་ཁ་གཏད་ཡོད་པ་དེས་ལྟེ་བ་གཅིག་ལ་བསྐོར་ཏེ་མཐུན་སྒྲིལ་བྱེད་པ་མཚོན། 1990ལོའི་ཟླ6པའི་ཚེས28ཉིན་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞིའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》གྲོས་འཆམ་བྱུང་།

100.中华人民共和国国徽

中华人民共和国国徽,中间是五星照耀下的天安门,周围是谷穗和齿轮,是中华人民共和国主权的象征和标志。1991年3月2日,中华人民共和国第七届全国人民代表大会常务委员会第18次会议通过了《中华人民共和国国徽法》,1991年10月1日起施行。

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་དབུས་ནི་འོད་ཟེར་འཕྲོ་བའི་སྐར་ལྔའི་འོག་གི་གནམ་བདེ་སྒོ་མོ་ཆེ་ཡིན་པ་དང་མཐའ་སྐོར་ནི་སྙེ་མ་དང་འཁོར་ལོ་སོ་ཅན་ཡིན། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་གི་མཚོན་རྟགས་དང་མཚོན་བྱེད་ཡིན། 1991ལོའི་ཟླ3པའི་ཚེས2ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ཚོགས་འདུ་ཐེངས18ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཅའ་ཁྲིམས》གྲོས་འཆམ་བྱུང་ཡོད། 1991ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།