རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-01   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
རྩེ་ཆུ་རྒྱལ་ཁབ་གཙོ་གནད་བརླན་ས།
བདེ་ཆུ་མགོ་ཁུངས་རྒྱལ་ཁབ་རླན་ས་སྤྱི་གླིང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང11539.71དང་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་ན་འདམ་གཙོ་བྱས་པའི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་དང་རྩ་ཆེའི་སྟོངས་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཡིན། སྤྱི་གླིང་ཆགས་སའི་ས་ཁོངས་གཙོ་བོ་ནི་ཁུ་ནུ་རི་རྒྱུད་དང་དེའི་ཡན་ལག་རི་རྒྱུད་ཨ་ཆེན་གངས་རྒྱབ། ཁྲ་ལ་རི་རྒྱུད། ཨ་མྱེས་རྨ་ཆེན་གངས་རི་སོགས་ཀྱིས་གྲུབ་ཡོད་ལ། ས་བབ་སྨི5000ཡན་ཡིན་ཞིང་། རི་གསེབ་ཀྱི་མཐོ་སྒང་ཕལ་ཆེར་ཡང་ས་བབ་སྨི4000ཡན་ཡོད་པ་དང་། འབྲི་ཆུའི་བྱང་རྒྱུད་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས་བཅས་གནས་འདིར་ཡོད། ས་ཁོངས་སུ་ཆུ་རྒྱུན་བརླན་ས་དང་ན་འདམ་བརླན་ས། མཚེའུ་མཚོ་བརླན་ས་སོགས་ཀྱི་ཐོན་ཁུངས་ཡོད།
རྩེ་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང16914.54དང་། སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་དང་སྟོངས་ཉེན་ཆེ་བའི་རི་སྐྱེས་སྐྱེ་དངོས་དང་དེའི་ངལ་གསོ་ས། རྒྱུད་སྤེལ་ས་བཅས་ཡིན། སྤྱི་གླིང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་ཤིན་ཏུ་ལེགས་པ་དང་། དེའི་མཐའ་བསྐོར་གྱི་སྔོ་ཤུན་དང་མཉམ་འདུས་ཕུང་པོ་བཟང་པོ་གྲུབ་ཡོད་ལ། བརླན་སའི་སྐྱེ་དངོས་དངོས་རིགས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་ནག་པོ་སོགས་རྩ་ཆེའི་དངོས་རིགས་ཁྱབ་ཡོད། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེ་ཁམས་ཕན་འབྲས་དང་བྱེད་ནུས་འདོན་སྤེལ་བྱས་ཏེ་བརླན་སའི་རིན་ཐང་མངོན་པར་མཚོན་ཡོད་པས། མཚོ་བོད་མཐོ་སྒང་མཐོ་གྲང་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེར་མཚོན་དུ་གྱུར་ཡོད།
ཏུའུ་ལེན་མཚེའུ་རྒྱལ་ཁབ་རླན་ས་སྤྱི་གླིང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལེན་རྫོང་ཁོངས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང6682.87དང་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་ཁྲུང་ཁྲུང་སྐེ་ནག་དང་ངང་བ། ཁྲུང་ཁྲུང་རིགས་སོགས་རྩ་ཆེའི་སྟོངས་ཉེན་ཡོད་པའི་སྲོག་ཆགས་དང་སྐམ་སའི་མཚེའུ་སྐྱེ་ཁམས་མ་ལག་ཡིན། སྤྱིི་གླིང་དུ་ཆུ་ཁུངས་མང་པོ་ཡོད་པ་དང་ཕྱུགས་རྩྭ་བཟང་བས། རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོ་སར་གྱུར་ཞིང་། ཁྲུང་ཁྲུང་སྐེ་ནག་དང་བྱ་ལོང་མགོ་ཁྲ། ངང་བ་སྐེ་ཁྲ་སོགས་སྲོག་ཆགས་མང་པོ་གནས་འདིར་རྒྱུད་སྤེལ་འཚོ་སྡོད་བྱེད་པས། མཚོ་བོད་མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེར་མཚོན་དུ་གྱུར་ཡོད། །