པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་གཟེངས་རྟགས་ཆེན་པོ་ཞིག་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-03   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


        སྤྱི་ཟླ11པའི་ཚེས1ཉིན། རེབ་སུམ་ཅུ་སོ་དྲུག་པའི་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་གློག་བརྙན་རྩེ་གྲའི་གཟེངས་རྟགས་ཐོབ། འདི་ནི་འཁྲབ་ཁྲིད་པ་ཁོང་གིས་རྒྱལ་སྤྱིའིAརིམ་པའི་གཙོ་འགྲན་སྡེ་ཚན་ནས་བཞེས་པའི་གཟེངས་རྟགས་ཐོག་མར་ཆགས་འདུག་ལ། དེ་མིན་བོད་ཀྱི་གློག་བརྙན་ལ་ཐོབ་པའི་བྱ་དགའ་མཐོ་གྲས་ཀྱང་རེད།

       ཐེངས་འདིའི་གློག་བརྙན«གསའ»ལ་མཚོན་ན་ཁོང་གི་ཤུལ་བཞག་གློག་བརྙན་བརྩམས་ཆོས་གྲས་ཀྱི་གཅིག་ཡིན་འདུག གློག་བརྙན་འདི་རེབ་བརྒྱད་ཅུ་པའི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། རེབ་ཞེ་བརྒྱད་པའི་ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་སོགས་སུ་ཞུགས་ཏེ་རྒྱལ་སྤྱིའི་བརྙན་ཞེན་པའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་པ་མ་ཟད། ཐེངས་འདིར་རྒྱལ་སྤྱིའིAརིམ་པའི་གློག་བརྙན་དུས་ཆེན་ལས་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་བསྩལ་འདུག