ཨ་མྱེས་ཚེ་རིང་དོན་འགྲུབ་ཀྱིས་རྒྱལ་ཐང་གི་རྟ་ཆས་རིག་གནས་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

རྟ་ཆས་ཆ་ཚང་།

    མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་རྟ་ཡིས་མངའ་ཁོངས་སྲུང་སྐྱོང་བྱེད་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་པའི་ནང་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། ལྷག་པར་དུ་བོད་མི་རིགས་ནི་རྟ་ཐོག་གི་མི་རིགས་ཤིག་ཡིན་ཞེས་པ་ལྟར་ང་ཚོའི་ཕ་མེས་ཡང་མེས་ཀྱིས་རྟ་ཕོར་བརྟེན་ནས་བསིལ་ལྡན་ཁ་བའི་ལྗོངས་སུ་མཚར་སྡུག་འོད་སྟོང་གི་རིག་གནས་བཏོད་ཡོད།

图片

རྟ་སྒ།

图片

སྒ་སྟན།

图片

རྟ་དྲིལ་བུ།

图片

སྒ་རྨེད།

    བདེ་ཆེན་ཡུལ་དུའང་ཕུན་སུམ་ཚོགས་པའི་རྟ་ཆས་རིག་གནས་དར་ཡོད་དེ།དཔེར་ན་རྟ་ཆས་ཆ་ཚང་བ་གཅིག་ནི་སྒ་དང་སྲབ། ཡོབ། རྟ་ལྕག དྲིལ་བུ་གོང་ཐག སྒ་རྨེད། སྒ་སྟན་སོགས་ཀྱིས་གྲུབ་ལ། གསེར་སྒ་ཚེས་གཅིག་ཉི་མ། གསེར་སྲབ་བཅོ་ལྔ་ལྷ་མེ། རྟ་ལྕག་བསམ་པའི་དོན་འགྲུབ། ཡོབ་རྒྱན་མེ་ལོང་སྒོར་སྒོར་སོགས་འབྲེལ་ཡོད་ཀྱི་རིག་གནས་ཀྱང་དམངས་ཁྲོད་དུ་ཁྱབ་ཡོད་པ་རེད།
图片
མཐུར་ཐག

图片

ཡོབ།

图片

དྲིལ་བུ་གོང་ཐག

图片

རྟ་ལྕག

    ས་སྐྱ་ལེགས་བཤད་དུ། འཁོར་ལ་ཕུན་སུམ་ཚོགས་གྱུར་ན།རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན།རྟ་ལ་རྒྱན་དུ་བྱས་པ་དེ།བདག་པོ་ཉིད་ལ་མི་མཛེས་སམ་ཞེས་པ་ལྟར་བདེ་ཆེན་གྱི་བོད་མི་རྣམས་རང་གི་བཞོན་རྟ་དེ་ལ་གསེར་སྒ་དངུལ་སྒའམ་དར་ཚོན་གོས་ཆེན་སོགས་ཀྱིས་མཛེས་པར་བརྒྱན་རྒྱུར་དགའ།