ཞི་ཅིན་ཕིང་གི《རྣམ་བཤད་གཅེས་བསྡུས》འདི་དཔར་སྐྲུན་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-06   རྩོམ་ཁུངས།    中央广播电视总台藏语

    ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གཅེས་བསྡུས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

    དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་བློ་རྩ་བརྟན་པོས་འབད་འཐབ་ལྷོད་མེད་བྱེད་པའི་ཕུགས་འདུན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་ཙམ་རིང་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག དེང་རབས་ཅན་གྱི་ལམ་བུ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཤིག་བཅས་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་འགག་གཏོར་བྱས་པ་བརྒྱུད། རང་རེའི་ཏང་གིས་ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ་དང་། དེང་རབས་ཅན་གྱི་མདུན་ལམ་གསར་པ་མངོན་པར་བྱས་ཡོད། ལག་ལེན་དངོས་ལས་ར་འཕྲོད་བྱུང་བར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལག་ལེན་བསྟར་ཐུབ་པ་་དང་། ལག་ལེན་ཡག་པོ་བསྟར་ཐུབ་པ་བྱུང་བ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་དེ་ཡིན། ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱ་རྒྱུ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གཞིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་དོན་དང་ངོ་བོར་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་གཅིག་སྡུད་ཐོག་གྲུབ་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཐོག་མའི་ཆ་ནས་བཙུགས་པ་བཅས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྔར་བས་ཁ་གསལ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་ཚོར་ཐུབ་ཅིང་སྤྱོད་གོ་ཆོད་པ་བཅས་བྱུང་བས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    《རྣམ་བཤད་གཅེས་བསྡུས》དེ་ཆེད་དོན་7ལ་དབྱེ་བ་དང་། ཁྱོན་རྣམ་བཤད་ཁག་522ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པའི་ཚེས་15ཉིན་ནས་2023ལོའི་ཟླ་10པའི་ཚེས་18ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། འཆད་ཁྲིད། གླེང་མོལ། རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་220ལྷག་ཙམ་བཅས་ཀྱི་ནང་ལས་གཅེས་བསྡུས་བྱས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན།