རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གསེར་ཡིག་གི་སྤུས་རྟགས་མངོན་ནས་སྙན་ངག་དང་རྒྱང་རིང་སྦྲེལ་བ།
ཉེ་དུས། བདེ་ཆེན་གྱིས་ཡུལ་སྐོར་དུས་ཚིགས་གསར་པ་ཞིག་བསུས་ཏེ། སྤྲིན་སྨུག་ཁྲོད་ཀྱི་སྨན་རི་དང་གྲོག་རོང་ཟབ་མོའི་གཙང་གསུམ་མཉམ་རྒྱུག སྔ་ས་ནས་གནམ་འོག་ཏུ་སྐད་གྲགས་ཆོད་པའི་སེམས་ཀྱི་ཉི་ཟླ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུའི་ཡིད་དབང་འཕྲོག་བཞིན་ཡོད།
རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་བདེ་ཆེན་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་དགུན་དུས་ཀྱི་ཡུལ་སྐོར་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་སྤུས་ཚད་མཐོ་བའི་ཡུལ་སྐོར་བྱ་ཡུལ་བཞེངས་སྐྲུན་བྱེད་པ་རེད།
དགུན་ཁའི་ཡུལ་སྐོར་གྱི་ཚ་རླབས་འཕྱུར།
ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་དུས་ཚོད་ཧྲིལ་པོའི་ཡུལ་སྐོར། རྒྱུ་རྐྱེན་ཧྲིལ་པོའི་ཡུལ་སྐོར་བཅས་ཀྱི་བླང་བྱ་ལྟར། བདེ་ཆེན་ཁུལ་གྱི་རང་འགུལ་ངང་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་དང་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་ར་བ་འཛུགས་སྐྲུན་ནང་མཉམ་འདྲེས་བྱས་ཏེ། རང་འགུལ་ངང་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་གསར་པ་དང་འཚམ་པ་བྱས་ནས་བཟའ་བཏུང་རིག་གནས་དང་། ཤུལ་བཞག་མ་ཡིན་པའི་རིག་གནས། རྟ་ཐོག་རིག་གནས། གྱོན་ཆས་རིག་གནས་སོགས་ཀྱི་གཞི་རྒྱུ་སྔོག་འདོན་དང་གསར་གཏོད་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་གསར་པ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་གསར་སྤེལ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་བ་དང་། ཞན་ཆ་རྒྱུན་ཆད་མེད་པར་གསབ་ནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་གཏོད་དང་། དཔེ་དབྱིབས་གསར་གཏོད། ཐོན་རྫས་གསར་གཏོད། ཞབས་ཞུ་ལེགས་གཏོད་ལ་སྐུལ་འདེད་བཏང་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་མ་འཇོག་ཚ་ས་དང་ཡུལ་སྐོར་སྤྲོ་སྐྱིད་ཁུལ་དུ་འགྱུར་བ་བྱས་ཡོད།
ཐབས་མང་མཉམ་སྤྱོད་ཀྱིས་མགྲོན་པོ་སྣེ་ལེན་བྱེད།
ཟླ10པའི་ཚེས་25ཉིན། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་"བཟའ་བཏུང་བདེ་ཆེན་"གྱི་བཟའ་བཏུང་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དང་"དགའ་ཉོ་སེམས་ཀྱི་ཉི་ཟླའི་"འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་བྱང་སྒོའི་ཐང་ཆེན་དུ་སྤེལ་བ་རེད། ཉིན་དེ་ནས་ཟླ12པའི་ཚེས་31ཉིན་བར་འཛད་སྤྱོད་པས་དམིགས་འཛུགས་བྱས་པའི་སྣུམ་སྣོན་ས་ཚིགས་དང་། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། བཟའ་བཏུང་ཁང་། མཛེས་ལྗོངས་ཁུལ། གཙོ་གནད་འཛད་སྤྱོད་དབུལ་སྐྱོར་ཚོང་དུད་བཅས་སུ་འཛད་སྤྱོད་བྱེད་ན་ཕན་བདེ་ལོངས་སུ་སྤྱོད་ཆོག དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟག་མཆོང་གྲོག་རོང་དང་འབའ་ལྷག་དཀར་རྫོང་སོགས་མཛེས་ལྗོངས་ཁུལ་མང་པོས་གཟིགས་སྐྱོང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཟླ10པའི་ཚེས་23ཉིན་ནས་ཟླ12པའི་ཚེས་31ཉིན་གྱི་བར་དུ་ཡུལ་སྐོར་བས་སྟག་མཆོང་གྲོག་རོང་+དཀྱིལ་འཁོར་བློས་རླངས་སུ་ཡུལ་སྐོར་སོང་ན་མི་རེར་སྒོར་65ལས་མི་དགོས། དུས་མཚུངས་སུ། ས་གནས་ཁག་གིས་ཀྱང་ཡུལ་སྐོར་གཟིགས་སྐྱོང་བྱ་ཐབས་དང་ངོ་མཚར་ཆེ་བའི་ཡུལ་སྐོར་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་ཡུལ་སྐོར་གྱི་མྱོང་ཚོར་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།
ས་ཁོངས་ཁྱིམ་མཚེས་དང་། རི་ཆུ་འབྲེལ་མཐུད། རིག་གནས་མཉམ་འདྲེས། བགྲོད་ལམ་སྦྲེལ་མཐུད་སོགས་ཀྱི་དགེ་མཚན་ལ་བརྟེན་ནས་ཏ་ལི་དང་ས་དམ། བདེ་ཆེན་བཅས་ཀྱིས་འཆར་འགོད་སྣེ་ཁྲིད་མངོན་གསལ་དོད་པོ་བྱས་པ་དང་། ས་ཁོངས་ཀྱི་ཡུལ་སྐོར་ཐོན་རྫས་དང་དཔེ་དབྱིབས། ལས་རྣམ་བཅས་གསར་གཏོད་དང་ཞབས་ཞུ་ཕུལ་བྱུང་གསར་གཏོད་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཡུལ་སྐོར་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་བ། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ། ས་གནས་གསུམ་པོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་ཕན་ཚུན་སྐུལ་འདེད་དང་སྐུད་ལམ་འབྲེལ་མཐུད། སྒྲིག་བཀོད་འབྲེལ་མཐུད། མཚོན་རྟགས་གཅིག་མཐུན། ཆ་འཕྲིན་ཕན་ཚུན་འབྲེལ་བ། ཐོན་ཁུངས་མཉམ་སྤྱོད། ཤེས་ལྡན་མི་སྣ་ཕན་ཚུན་རོགས་སྐྱོར། ཚོང་རྟགས་གྲགས་ཅན་མཉམ་སྐྲུན་བཅས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གང་མགྱོགས་བཏང་བ་རེད།
སྤུས་ཚད་ཉམས་ལེན་ཇེ་དྲག་ཏུ་གཏོང་།
བདེ་ཆེན་ཁུལ་གྱིས་ཁེ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་དྲ་ཐོག་ཡུལ་སྐོར་ལས་སྟེགས་ལ་བརྟེན་ནས་ལམ་ཐག་གཅིག་མཚུངས་ཀྱི་ཡུལ་སྐོར་བྱས་ཏེ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྟེན་འབྲེལ་འཕེལ་རྒྱས་གཏོང་སྟངས་གསར་པ་སྐྱེད་སྲིང་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་ལས་རྣམ་གསར་པ་ལེགས་སུ་བཏང་བ་དང་རིག་གནས་ཡུལ་སྐོར་གྱི་ཞབས་ཞུ་གསར་པ་མཐོ་རུ་བཏང་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྟེན་འབྲེལ་སྤུས་རྟགས་གཏོད་གང་ཐུབ་བྱས་པ་རེད།
བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པས་སྲོལ་རྒྱུན་གྱི་ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་ཕྱོགས་ཡོངས་ནས་རིམ་སྤོར་དང་ལེགས་སུ་བཏང་སྟེ་བློ་གྲོས་ཅན་གྱི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་རྣམ་གྲངས་ལ་བརྟེན་ནས་ནུས་པ་སྦྱིན་པ་དང་ལས་རྣམ་གསར་པ་རིམ་སྤོར་བྱས།
བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ད་དུང་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་། ཏ་ལི་ས་དམ་བདེ་ཆེན་གྱིས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་བྱེད་སྒོ་གྲ་སྒྲིག་ཧུར་ཐག་བྱས་པ་དང་། གོ་སྐབས་སྣ་ཚོགས་རྩེག་སྣོན་བྱས་པའི་འོག་བདེ་ཆེན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་དང་མཛེས་ལྗོངས་ཁུལ་འཛུགས་སྐྲུན། རིག་གནས་སྟོབས་ལྡན་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་ཏེ་བདེ་ཆེན་འདི་ཉིད་ཡུན་ནན་ནུབ་རྒྱུད་སྐོར་ལམ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།