ས་གཞི་ཆེན་པོའི་ཤིང་སྡོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-13   རྩོམ་ཁུངས།    མི་དམངས་དྲ་བ།

  “འཛམ་གླིང་ཡང་རྩེ”ཡི་ཡང་རྩེར། རང་བྱུང་ཁམས་ཆེན་མོའི་རྨད་བྱུང་ལག་རྩལ་ལས་གྲུབ་པའི་ཤིང་སྡོང་ཆེན་མོ་རེ་རེས་ས་གཞི་བརྒྱན་ཡོད། ཤིང་སྡོང་ཆེན་པོ་དེ་དག་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཁོངས་སུ་གནས་པ་དང་། རྒྱལ་ལམ་216པ་ཡི་ལམ་རྒྱུད་ཀྱི་དུང་མཚོའི་ལྷོ་ངོགས་སུ་ཁུ་སིམ་མེར་གྲུབ་ཡོད། དུས་ཚོད་དང་ཆུ་རྒྱུན་འདི་རུ་མཉམ་དུ་འཛོམས་ནས་ཤིང་སྡོང་ཆེན་པོའི་ཡལ་ག་དང་ལོ་འདབ་གྲུབ་པ་ནི་གསོན་ཉམས་དོད་ཅིང་བརྗིད་ཉམས་ལྡན།