འགག་སྒྲོལ་དཀའ་སེལ་གྱིས་མཛེས་པའི་ལྕགས་ལམ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཀྱི་ལྕགས་ལམ་མ་ལག་གལ་ཆེན་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་“ཞིང་ཆེན་བརྒྱད་ནས་ཐོན་པ་དང་རྒྱལ་མཚམས་ལྔ་ནས་ཐོན་པའི” ཞིང་ཆེན་ཕྱི་རུ་བསྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་དང་། ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལོ་ངོ་དགུའི་རིང་བསྐྲུན་པའི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དེ་2023ལོའི་ཟླ་11ཚེས་26་ཉིན་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི2014ལོར་སྐྲུན་འགོ་ཚུགས་པ་དང་ཁྱོན་རིང་ཚད་སྤྱི་ལེ་139ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་140ཇུས་འགོད་བྱས་ནས་རྒྱལ་ཁབ་Ⅰརིམ་པའི་རྐྱང་ཐིག་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་པ་དང་ལམ་ཐིག་ཧྲིལ་པོར་ཁྱོན་མེ་འཁོར་འབབ་ཚུགས་13བཙུགས་ཡོད། ལྕགས་ལམ་ནི་རང་རྒྱལ་གྱི་བོད་རིགས་དང་། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་འདུས་སྡོད་བྱེད་སར་བརྒྱུད་ཅིང་། ས་དམ་གནའ་གྲོང་དང་། ལ་ཧྲི་མཚོ། གཡུ་ལུང་གངས་རི། ཧ་པ་གངས་རི། སྟག་མཆོང་གྲོག་རོང་།     སེམས་ཀྱི་ཉི་ཟླ་སོགས་ཡུལ་སྐོར་གནས་མཆོག་གྲགས་ཅན་མང་པོ་སྦྲེལ་ཡོད་པས་དཀར་གཙང་ཁ་བཏགས་ཤིག་དང་འདྲ་བར་“མཛེས་སྡུག་ལྡན་པའི་ཡུན་ལིན་ལྕགས་ལམ”ཞེས་པའི་མཚན་སྙན་ཐོབ།

    འགྲན་སློང་མཐར་སོན་འདི་ནི་ངོ་མཚར་གྱིས་ཁེངས་པའི་འགག་སྒྲོལ་ལམ་བུ་ཞིག་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་སྟེ་ཟམ་པ་དང་ཕུག་ལམ་གྱིས་བསྡུར་ཚད་73.4%ཟིན་པ་དང་ལམ་ཐིག་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2400ཡོད་པའི་ས་དམ་འབབ་ཚུགས་ནས་དྲངས་པ་དང་སྟག་མཆོང་གྲོག་རོང་གི་མངའ་ཁོངས་བརྒྱུད་སྐབས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2000བར་ཆག་པ་དང་དེ་མ་ཐག་མགྱོགས་མྱུར་འཕར་ནས་སེམས་ཀྱི་ཉི་ཟླའི་འབབ་ཚུགས་སུ་སླེབས་སྐབས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3274ཟིན་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཡུན་ནན་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་མ་ཅན་ཧྭ་ཡིས་“ལམ་ཐིག་ཧྲིལ་པོའི་གཟར་ཚད་ཆེ་ཤོས་དེ་28.5‰ཟིན་པ་དང་བར་ཐག་སྨི་1000ནང་གི་མཐོ་ཚད་ཧེ་བག་སྨི་28.5ཟིན་པ་དེ་ཐོག་བརྩེགས་10ཡི་མཐོ་ཚད་དང་མཚུངས་ཀྱི་ཡོད་”ཅེས་བཤད།

    ཝན་ལ་མུའུ་ཕུག་ལམ་གྱི་ལམ་རྒྱུད་ནི་ཕལ་ཆེར་གཡང་གཟར་བྲག་རི་ཡིན་པ་དང་འགྲོ་སའི་ལམ་མེད་པས་དཀའ་ཚེགས་ཆེ་བའི་སྔོག་འདོན་འོག་རིང་ཚད་སྤྱི་ལེ་4.8ཡོད་པའི་ཕུག་ལམ་དེས་གཞོན་ནུ་ཁག་གཅིག་གིས་ལོ་7རིང་གི་དཀའ་སྤྱོད་འབད་བརྩོན་བྱས་ཡོད།

    ཧ་པ་གངས་རིའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་9.5ཡོད་པ་དང་རྒྱལ་ནང་གི་ཕུག་ལམ་དང་དེ་བཞིན་ས་འོག་ལས་གྲྭའི་གྲགས་ཅན་ཡོའན་ཧྲི་དང་རིགས་གཅིག་མཁས་ཅན་གྱིས་“རྒྱལ་ནང་དུ་དཀའ་ངལ་ཆེ་ཤོས་དང་འཛམ་གླིང་ཐོག་མཐོང་དཀོན་ཤོས་”ཀྱི་བྲག་སྙི་མོའི་དབྱིབས་འགྱུར་ཚབས་ཆེན་གྱི་ཕུག་ལམ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པས་རང་རྒྱལ་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལག་ལེན་ཉམས་མྱོང་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ལས་གྲྭའི་དཀའ་གནད་སྒྲོལ་བ་དང་། འཛམ་གླིང་གི་ཟིན་ཐོ་ཁག་3བཏོད་པའི་འཛམ་གླིང་གི་བརྒལ་ཐག་ཆེ་བའི་ལྕགས་ལམ་གྱི་ཆེད་སྤྱོད་དཔྱང་ཟམ་ཐོག་མ་སྟེ་འབྲི་ཆུའི་ཟམ་ཆེན་ཚུད་པའི་ཕུག་ལམ་20དང་ཟམ་པ་34བསྐྲུན་པ། ལམ་ཐིག་ཧྲིལ་པོར་ཁྱོན་བསྡོམས་རྒྱལ་ཁབ་ཀྱི་ཆེད་ཁེ་གསར་གཏོད་18དང་། རྒྱལ་ཁབ་ཀྱི་དངོས་སྤྱོད་དཔེ་གསར་ཆེད་ཁེ་གསར་གཏོད་34 ཞིང་ཆེན་དང་པུའུ་རིམ་པའི་བཟོ་རྩལ་ཐབས་ཤེས་དང་བཟོ་སྐྲུན་ཐབས་ཤེས་ཁག་39བཅས་རེ་ཞུ་བྱས་ཏེ། རང་རྒྱལ་དང་ཐ་ན་འཛམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཡང་ནས་ཡང་དུ་བཏོད་པ་རེད།

    སྔོན་ལ་སྲུང་སྐྱོབ་བྱེད་པ་ནི་ལྗང་མདོག་གི་སྐྱེ་ཁམས་ལམ་བུ་ཞིག་ཡིན།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དེ་རང་རྒྱལ་གྱི་མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཁུལ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཁུལ་གལ་ཆེན་བརྒྱུད་ལ་ཧྲི་མཚོ་ས་མཐོའི་རླན་ས་རང་བྱུང་སྲུང་སྐྱོང་ཁུལ་དང་གཡུ་ལུང་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ། ཧ་པ་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་བརྒྱུད་དེ་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་ཤོར་ཚད་ཉུང་དུ་གཏོང་ཆེད་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་འཛུགས་སྐྲུན་བྱེད་རིང་སྙིགས་རོ་བསྐྱུར་ས་དེ་ལོ་ཧྲིལ་པོའི་ཆུ་རྒྱུན་མེད་པ་མ་ཟད་ས་གཤིས་ཀྱི་གནོད་འཚེ་མེད་པའི་ལུང་ཤུར་དུ་བདམས་པ་དང་།      ཨར་ལས་བྱེད་རིང་ཁོར་ཡུག་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱིས་རླན་སའི་བྱ་རིགས་དང་དེ་བཞིན་རང་བྱུང་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཉུང་དུ་གཏོང་གང་ཐུབ་བྱས་ཡོད།

    ཧ་པ་གངས་རིའི་ཕུག་ལམ་འཇུག་སྒོ་བྱ་རྒྱུ་དེ་སྟག་མཆོང་གྲོག་རོང་གི་ལྗོངས་ཁུལ་དང་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་གནས་ཡོད། འདི་གར་ཆེད་མངགས་བཙོག་ཆུ་གཙང་སེལ་ས་ཚུགས་བཙུགས་ནས་གཙང་སེལ་བྱས་རྗེས་ཀྱི་བཙོག་ཆུ་གནས་སྐབས་ཀྱི་ལམ་དང་བསྲེས་སྦྱོར་ས་ཚིགས་སོགས་ས་ཁོངས་སུ་སྤྱོད་གང་ཐུབ་བྱས་ཏེ་ཚད་གཞི་མ་ལོན་པའི་བཙོག་ཆུ་ཕྱིར་འབུད་བྱེད་རིགས་གཏན་འགོག་བྱ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལམ་ཐིག་ཧྲིལ་པོར་ཁྱོན་བཙོག་ཆུ་གཙང་སེལ་ས་ཚིགས་8བསྐྲུན་པ་དང་།  དིམ་དངོས་རྫིང་བུ་40ལྷག་ཙམ་བསྐྲུན་པ་དང་།   འགོག་སྲུང་སྒྲིག་བཀོད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་10.5ཙམ་བསྐྲུན་པ་དང་སྔོ་འགྱུར་འདེབས་འཛུགས་སྨི་ངོས་གྲུ་ཁྲི་18.7ཙམ་ཟིན་ཡོད་པ་རེད།

    འབབ་ཚུགས་རེར་ཡུལ་ལྗོངས་རེ་དང་ལམ་ཐིག་ཧྲིལ་པོར་ཡུལ་ལྗོངས་རེ་ཡོད། རྣམ་གྲངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་གཞི་རྒྱུ་དང་ཟུང་འབྲེལ་བྱས་ནས་ཟམ་ཆེན་དང་འབབ་ཚུགས་སོགས་མཛེས་ལྗོངས་ལས་གྲྭ་ཡག་པོ་སྒྲུབ་པ་དང་མཛེས་ལྗོངས་ལེགས་སུ་གཏོང་བའི་ཇུས་འགོད་ཡག་པོ་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་མངོན་པར་བྱས་ནས་ལྕགས་ལམ་ལས་གྲྭ་དང་རང་བྱུང་རྣམ་པ་གཞི་གཅིག་ཏུ་འདྲེས་པ་བྱས་ཡོད། སྒུལ་འཁོར་ལ་བསྡད་དེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་ངར་ལྕགས་འབྲུག་རིང་དང་སྔོ་ལྗང་རི་ཀླུང་ཕན་ཚུན་ཆར་པ་ཆུ་གྲོགས་བྱེད་པའི་འཆམ་མཐུན་གྱི་རི་མོ་ཞིག་མིག་མདུན་དུ་དལ་གྱིས་བཀྲམ་པ།

    མཐུན་སྒྲིལ་འཕེལ་རྒྱས་ནི་སེམས་ཤུགས་གཅིག་སྒྲིལ་གྱི་བདེ་སྐྱིད་ལམ་བུ་ཞིག་ཡིན།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་5ཡས་མས་སུ་སླེབས་རེ་ཡོད་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་1.5ཡས་མས་ལས་འགོར་གྱི་མེད།

    ལོ་མང་རིང་འབྲོག་རར་འཚོ་བ་རོལ་བའི་ཚེ་རིང་དོན་འགྲུབ་ཀྱི་ནང་མི་ཚང་མ་སྒུལ་འཁོར་ལ་བསྡད་དེ་པེ་ཅིང་དུ་ཡུལ་སྐོར་དུ་འགྲོ་འདོད་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་མགྲོན་པོ་རྣམས་སྒུལ་འཁོར་ལ་བསྡད་དེ་ས་དམ་གནའ་གྲོང་སོགས་འཛམ་གླིང་རིག་གནས་དང་དྲན་ཤེས་ཤུལ་བཞག་ཡོད་པའི་ས་དམ་ནས་མི་རིགས་26མཉམ་སྐྱེས་མཉམ་དར་བྱུང་ནས། “སེམས་ཀྱི་ཉི་ཟླ”དང “གཙང་གསུམ་མཉམ་རྒྱུག” “ཁ་བ་དཀར་པོ ” “ཇ་རྟ་གནའ་ལམ”བཅས་འཛམ་གླིང་རིམ་པའི་སྤུས་རྟགས་ཆེན་པོ་བཞི་ལྡན་པའི་སེམས་ཀྱི་ཉི་ཟླ་ཕེབས་པས་མི་རིགས་ཁག་གི་རིག་གནས་མང་པོའི་དབར་གྱི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་དང་རང་བྱུང་སྣོལ་འདྲེས་བྱུང་ཡོད། སྒུལ་འཁོར་ལ་བསྡད་པའི་གཟུགས་བརྙན་བློ་ཡུལ་ལ་ཤར་ནས་ཚེ་རིང་དོན་འགྲུབ་ཀྱི་སེམས་འགུལ་ཐེབས་བྱུང་།       

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བདེ་ཆེན་ལ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད་ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་བ་དང་སྐྱེལ་འདྲེན་ཞབས་ཞུའི་ཞན་ཆ་ཡང་གསབ་ཡོད་པས་ས་ཁོངས་ཐོན་ཁུངས་གསར་སྤེལ་སྲུང་སྐྱོང་གཏིང་ཟབ་དང་ཡུན་ནན་ནུབ་བྱང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་ཡུན་ནན་མཐའ་མཚམས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད།

    སྒུལ་འཁོར་ཤར་གཏོང་ཐུབ་པ་དེས་ས་ཁོངས་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་འགྲོ་རྒྱུ་དང་། ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྐོར་ལམ་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུ་ཡིན་པ། སྒུལ་འཁོར་གྱི་ལམ་ཐིག་དང་ས་ཚུཊ། དེ་བཞིན་འགྲུལ་པ་མི་འདྲ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ང་ཚོས་སྤུས་ལེགས་རྐང་ཐང་ལམ་ཐིག་གྲ་སྒྲིག་འཐུས་ཚང་བྱས་ཏེ་མི་རིགས་ཀྱི་རིག་གནས་དང་རང་བྱུང་མཛེས་ལྗོངས་མཉམ་འདྲེས་བྱས་ནས་ཁྱད་ཆོས་དེ་བས་མང་བ་དང་ཉམས་ལེན་གྱི་ཚོར་སྣང་ཆེ་བའི་ཐོན་རྫས་ཇུས་འགོད་བྱས་ཡོད། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ཀྱི་སྒྲིག་སྦྱོར་གྲ་སྒྲིག་ཨང་བསར་བྱས་ཡོད།

    ལམ་ལྕགས་རེ་རེ་ས་དམ་འབབ་ཚུགས་ནས་སེམས་ཀྱི་ཉི་ཟླའི་འབབ་ཚུགས་བར་སྣུར་སྲིང་བྱེད་པ་དང་། འགུལ་རྣམ་ཞིབ་དཔྱད་མེ་འཁོར་རེ་རེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2400ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3274བར་སྐྱོད་སྐབས་བདེ་ཆེན་མང་ཚོགས་ཀྱི་ལོ་9ཡི་རེ་སྒུག་དེ་མཐར་ཕུགས་འདུན་ནས་དངོས་ལྗོངས་སུ་གྱུར་པ་དང་ཕུགས་འདུན་ནས་དོན་དངོས་སུ་མངོན་འགྱུར་བྱུང་ཡོད།