སེམས་ཀྱི་ཉི་ཟླའི་ཕུགས་འདུན་མངོན་འགྱུར་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 བདེ་ཆེན་ནི་བདེ་བ་ཆེན་པོའི་དོན་ཡིན་ལ། དབྱིན་ཇིའི་རྩོམ་པ་པོ་འཇམ་སི་ཞུས་ཨར་ཏུན་གྱིས་བརྩམས་པའི་《ནུབ་པར་གྱུར་པའི་ཞིང་ཁམས》སུ་བཀོད་པའི་ཡུལ་དབེན་ཞིང་འཇགས་པ་དང་། མཛེས་སྡུག་དང་འཆམ་མཐུན། བདེ་སྐྱིད་ལྡན་པའི་གནས་མཆོག་ནི་སྐྱེ་བོ་ཀུན་གྱིས་བཙལ་བཞིན་པའི་“སེམས་ཀྱི་ཉི་ཟླ”ཡིན་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དངོས་སུ་བསྐྲུན་ནས་ཤར་གཏོང་ཐུབ་པ་དེའི་ཐོག་ནས་བདེ་ཆེན་འདི་ཉིད་“སྒུལ་འཁོར་དུས་རབས”སུ་སླེབས་པ་མཚོན་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་སྒུལ་འཁོར་ལ་བརྟེན་ནས་བདེ་ཆེན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སེམས་ཀྱི་ཉི་ཟླ་འདི་ཉིད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པ་བྱས་ཡོད།

    “ལྗང་མདོག་མེ་འཁོར་”དུ་བསྡད་ནས་ས་མཐོའི་སྣོད་བཅུད་ཀྱི་མཛེས་སྡུག་ལ་ལྟ་བ།

    དགུན་འགོའི་དུས་སུ་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་“བསྐྱར་དར་ཨང་རྟགས”-“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་ཆེད་སྤྱོད་སྒུལ་འཁོར་གཏོང་གྲངས་བྱས་ཏེ་རི་མཐོ་གཡང་གཟར་བརྒལ་བ་དང་རྦ་རླབས་དྲག་པོ་བརྒལ་ནས་གངས་ལྗོངས་ས་མཐོར་མགྱོགས་མྱུར་སྒོས་བསྐྱོད་དེ་རི་ཀླུང་དང་མཛེས་སྡུག་ལྡན་པའི་ལྕགས་ལམ་གྱི་སྣོད་བཅུད་རི་མོ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    བདེ་ཆེན་ཁུལ་ནི་འཛམ་གླིང་རང་བྱུང་ཤུལ་བཞག་གི་“གཙང་གསུམ་མཉམ་བཞུར”ལྟེ་བའི་ཁུལ་དུ་གནས་པ་དང་སྣོད་བཅུད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དུས་ཡུན་རིང་པོའི་ནང་བདེ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་དེ་ཁུལ་འཛུགས་པའི་རྩ་བར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ཡོད་པ་རེད།


    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་སྣོད་བཅུད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་དང་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱས་ནས་རི་སྔོ་ཆུ་དྭངས་རྒྱུན་དུ་གནས་པ་དང་།རི་སྔོ་ཆུ་དྭངས་རྒྱུན་དུ་བཞུར་བ།ལམ་ལྗོངས་མཉམ་འདྲེས་བཅས་ཀྱི་མཛེས་སྡུག་ལྡན་པའི་ལྕགས་ལམ་ཧུར་ཐག་བསྐྲུན་པ་རེད། 

    2014ལོར་ལས་འགོ་བཙུགས་ཚུན་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་དེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གིས་“ཁོར་ཡུག་སྲུང་སྐྱོང་ཨར་ལས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་འཆར་འགོད་དང་། གནས་ཡུལ་འདེམས་པ། ཇུས་འགོད།  ཨར་ལས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཁོར་ཡུག་དཔྱད་དཔོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་ཤུགས་ཆུང་དུ་གཏོང་བ་རེད།


“ཕྱུག་འགྱུར་མེ་འཁོར”དུ་བསྡད་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ།

    ལོ་མཇུག་ཏུ་ས་མཐོའི་དགུན་ཁ་ནི་གྲང་ངར་ཆེ་བའི་དུས་སུ་སླེབས་འདུག་ཀྱང་སྤྱི་ཚོགས་ལས་རིགས་ཁག་གིས་སྒུལ་འཁོར་ཤར་གཏོང་ཐུབ་པའི་སྤྲོ་སེམས་འགོག་ཐབས་བྲལ་བ་རེད། བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཡུན་རིང་རེ་སྒུག་བྱས་པའི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པའི་ལྡོག་རྩིས་དུས་ཚོད་ལ་སླེབས་ཤིང་།རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ས་གཞི་དེར་སླར་ཡང་དབྱར་མཚོ་རྒྱས་པ་ལྟར་གྱི་“སྒུལ་ཤུགས”གསར་པ་བསྣན་རྒྱུ་རེད།“ཕྱུག་འགྱུར་མེ་འཁོར”དུ་ཞུགས་པ་ནི་དངོས་ཁམས་ཀྱི་དོན་སྙིང་ལྡན་པའི་འགྲོ་ལམ་སྣུར་སྲིང་བྱས་པ་ཞིག་ཡིན་པ་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ཁེ་ཕན་ཏན་ཏིག་ཐོབ་རྒྱུ་རེད།


    རིག་གནས་ཡུལ་སྐོར་ལས་རིགས་ནི་བདེ་ཆེན་གྱི་ལེགས་ཆ་ཆེ་ཤོས་དང་།  ཁྱད་ཆོས་ཆེ་ཤོས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་བཅས་ལྡན་པའི་གཙོ་ཁྲིད་ཐོན་ལས་ཤིག་ཡིན།སྒུལ་འཁོར་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་ཕྱིར་སྐྱོད་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ནས་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་།ཐོན་རྫས། དཔེ་དབྱིབས་བཅས་གསར་གཏོད་དང་ཞབས་ཞུ་ཕུལ་བྱུང་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས།  འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་གསེར་ཡིག་གི་སྒོ་བྱང་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་མཐོ་རུ་བཏང་ནས། སེམས་ཀྱི་ཉི་ཟླ་འདི་ཉིད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་པར་སྐུལ་འདེད་བཏང་བ་རེད། 

བདེ་ཆེན་གྱི་ཁེ་ལས་རེ་རེ་དང་། ཚོང་དུད་རེ་རེ། ཞིང་དུད་རེ་རེས་གཅིག་སེམས་གཅིག་སྦྲེལ་དང་། ལག་གདང་སྦྲེལ་ནས་“ཕྱུག་འགྱུར་མེ་འཁོར”ལ་བསུ་བ་ཞུས་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།


མཉམ་དུ་“མཐུན་སྒྲིལ་མེ་འཁོར་”དུ་བསྡད་ནས་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ལེན།

ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་ས་དམ་དང་བདེ་ཆེན་ཁུལ་(གྲོང་ཁྱེར་)གཉིས་ཀྱི་ཤང་དང་གྲོང་རྡལ་4སྦྲེལ་ཡོད་པ་དང་། འདི་གར་རྒྱ་རིགས་དང་། བོད་རིགས། འཇང་རིགས། དབྱིས་རིགས།པའེ་རིགས་སོགས་མི་རིགས་མང་པོ་བསྡད་ཡོད་ཅིང་། ལྕགས་ལམ་འདི་ནི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་ཞིག་ཀྱང་ཡིན་པས། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ལམ་རྒྱུད་ཀྱི་མི་རིགས་ཁག་གི་སྤུན་ཟླའི་སེམས་པ་དམ་པོར་སྦྲེལ་ཡོད།


    ས་དམ་གྲོང་ཁྱེར་ལ་ཧྲི་གྲོང་རྡལ་འཇང་རིགས་གྲོང་མི་མུའུ་ཅིན་ཅང་གིས་གསར་འགོད་པར་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཕྱིར་སྐྱོད་སྐབས་དེ་བས་སྟབས་བདེ་རུ་སོང་ཡོད། དཔེར་ན་ང་རང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་སོང་ནས་བདེ་ཆེན་ས་མཐོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་འདོད། མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་ནས་ད་ཆ་ཤར་གཏོང་ཐུབ་ཉེར་ཡོད་པའི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་དོན་དངོས་ཐོག་དེ་ནི་འགྲིམ་འགྲུལ་གྱི་འགྱུར་ལྡོག་ཙམ་མ་ཡིན་པར་ང་ཚོའི་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ང་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་ཡོད་པ་མཚོན་ཡོད།ལྕགས་ལམ་ཤར་གཏོང་བྱུང་རྗེས་ང་ཚོ་ལ་ཧྲི་གྲོང་རྡལ་དུ་ཡོང་མཁན་གྱི་ཡུལ་སྐོར་བ་ཇེ་མང་ཡིན་རྒྱུ་རེད།འདི་ང་ཚོ་ལ་མཚོན་ན་གོ་སྐབས་བཟང་པོ་ཞིག་ཡིན་པས།གྲོང་མི་མང་པོ་ཞིག་གིས་མགྲོན་ཁང་དང་ཟ་ཁང་གཉེར་བར་གྲ་སྒྲིག་བྱེད་བཞིན་ཡོད་ལ།རྒྱང་རིང་གི་མགྲོན་པོ་རྣམས་གནས་འདིར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ལ་རོལ་མྱོང་བྱེད་ཆོག སེམས་ཀྱི་ཉི་ཟླའི་ཡུལ་མི་རྣམས་གནས་འདིར་མགྲོན་དུ་ཡོང་བར་དགའ་བསུ་ཞུ་ཞེས་དགའ་དགའ་སྤྲོ་སྤྲོའི་ངང་བཤད་བྱུང་།


    “བདེ་སྐྱིད་མེ་འཁོར་”དུ་བསྡད་དེ་སྟབས་བདེའི་ཤར་བགྲོད་ལམ་བུའི་ཐོག་བསྐྱོད་པ།

    སྔོན་ཆད་རི་མཐོ་ལ་ལམ་ཐག་རིང་བ་ནི་བདེ་ཆེན་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གལ་ཆེན་ཞིག་ཡིན་པ་དང་བདེ་ཆེན་གྱི་ཐོན་རྫས་ཡག་པོ་ཕྱིར་ཚོང་བྱེད་མི་ཐུབ་པས་ཕྱི་ཕྱོགས་སུ་ལས་ཀ་བྱེད་མཁན་མང་པོ་ཞིག་གིས་ཁྱིམ་དུ་ལོག་པའི་ལམ་བར་གྱི་དུས་ཚོད་དང་དངུལ་གྱི་མ་གནས་མཐོ་བས། ལོ་གཅིག་ནང་ཁྱིམ་དུ་ཐེངས་གཅིག་ལོག་དཀའ་བའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་གནད་དོན་དེ་དག་ཚང་མ་ཐག་གཅོད་ཐུབ་རྒྱུ་ཡིན་པས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་དེ་བས་ལྷག་པའི་དམངས་འཚོའི་ལམ་བུ་ཞིག་ཡིན་པ་རེད།

    བདེ་ཆེན་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བདེ་ཆེན་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ནུས་རྒྱུ་དང་གཏེར་ཁ། སྐྱེ་དངོས་སོགས་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།     གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུ་དང་། བདེ་ཆེན་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ལྕགས་ལམ་གྱིས་དངོས་ཟོག་འབོར་ཆེན་བར་ཐག་རིང་ཞིང་མ་གནས་དམའ་བའི་སྐྱེལ་འདྲེན་བྱེད་འགན་འཁུར་ཐུབ་པ་དང་།དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་གཏོང་ཐུབ་པ།སྤྱི་ལྕགས་མུ་འབྲེལ་སྐྱེལ་འདྲེན་ཐོན་ལས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ།


    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་རང་རེའི་ཞིང་ཆེན་གྱི་ས་བབ་མཐོ་ཤོས་དང་ལམ་ཐིག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་ཡིན་པའི་ངོས་ནས་ལྕགས་ལམ་འདི་འདྲ་ཞིག་བསྐྲུན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་བོད་འབྲེལ་ས་ཁུལ་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་དགོས་མཁོ་དེ་དགོས་མཁོ་ཆེ་ཤོས་སུ་བརྩི་བ་དང་མི་དམངས་ཀྱི་ཁེ་ཕན་དེ་ཁེ་ཕན་ཆེ་ཤོས་སུ་བརྩིས་ནས་རང་ཉིད་ཀྱི་སེམས་ནུས་དང་རྔུལ་ཆུར་བརྟེན་ནས་མིའི་རིགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།