རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
པེ་ཅིང་དུ་ལོག་ཕེབས་པའི་ལམ་ཞོར་དུ་ཅང་སུའུ་ཡན་ཁྲེང་དུ་རྟོག་ཞིབ་གནང་བ།
ཟླ་11ཚེས་28ཉིན་ནས་ཟླ་12ཚེས་2ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་11ཚེས་28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་ཧའེ་དུས་ཟོག་ཉོ་ཚོང་སུའོ་རུ་རྟོག་ཞིབ་གནང་བཞིན་པ།
ཟླ་11ཚེས་28ཉིན་ནས་ཟླ་12ཚེས་2ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་11ཚེས་29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མིན་ཧང་ཆུས་ཀྱི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་དུ་སྡེ་ཁུལ་གྱི་གྲོང་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
■ ཧྲང་ཧའེ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པར་དམིགས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་དང་། དངུལ་རྩའི་ལྟེ་གནས། ཚོང་དོན་ལྟེ་གནས། མཚོ་ལམ་ལྟེ་གནས། ཚན་རྩལ་གསར་གཏོད་ལྟེ་གནས་བཅས་སྐྲུན་པའི་ལས་འགན་གལ་ཆེན་ལ་དམིགས་ནས། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་། སྒྱུར་བཅོས་སྒོ་དབྱེས་སྒུལ་ཤུགས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱིས་སྣེ་འདྲེན། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱིས་འགན་ལེན་བཅས་བྱས་ནས། གསར་གཏོད་བྱེད་ཕོད་པ་དང་ཧུར་བརྩོན་ཆེན་པོས་བྱས་རྗེས་བཞག་སྟེ། འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་གང་མགྱོགས་སྐྲུན་ཐུབ་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་སྣེ་འདྲེན་གྱི་ནུས་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས།
■ ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ་རྩ་བའི་འགན་ལེན་ཞིག་ཀྱང་རེད། ཧྲང་ཧའེ་ནི་རང་རེའི་ཏང་དབུ་བརྙེས་ཡུལ་ཡིན་པས། ཚོགས་ཆེན་དང་པོ་ཚོགས་གནས་སོགས་གསར་བརྗེའི་ཐོན་ཁུངས་ཡག་པོ་བེད་སྤྱོད་དང་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“ངེས་པར་དུ་གསུམ”བློ་ལ་བརྟན་པོར་བཅངས་ནས་རྒྱང་ལམ་གསར་པར་གསར་འབྱེད་གསར་གཏོད་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས།
ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པར་དམིགས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་དང་། དངུལ་རྩའི་ལྟེ་གནས། ཚོང་དོན་ལྟེ་གནས། མཚོ་ལམ་ལྟེ་གནས། ཚན་རྩལ་གསར་གཏོད་ལྟེ་གནས་བཅས་སྐྲུན་པའི་ལས་འགན་གལ་ཆེན་ལ་དམིགས་ནས། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་། སྒྱུར་བཅོས་སྒོ་དབྱེས་སྒུལ་ཤུགས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱིས་སྣེ་འདྲེན། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱིས་འགན་ལེན་བཅས་བྱས་ནས། གསར་གཏོད་བྱེད་ཕོད་པ་དང་ཧུར་བརྩོན་ཆེན་པོས་བྱས་རྗེས་བཞག་སྟེ། འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་གང་མགྱོགས་སྐྲུན་ཐུབ་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་སྣེ་འདྲེན་གྱི་ནུས་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་11ཚེས་28ཉིན་ནས་ཟླ་12ཚེས་2ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་གྲོང་སྤྱི་ཀུང་ཀྲེང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་སྔ་རྗེས་སུ་དངུལ་རྩའི་སྒྲིག་གཞི་དང་། ཚན་རྩལ་གསར་གཏོད་གླིང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ཚེས་28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་འཁོར་ནས་བབས་གནང་མ་ཐག་ཧྲང་ཧའེ་དུས་ཟོག་ཉོ་ཚོང་སུའོ་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་གློག་རྡུལ་བརྙན་ཤེལ་དང་ཁྲོམ་རར་བཏོན་པའི་སྣ་ཁ་གལ་ཆེན་རྩིས་སྤྲོད་རྩིས་ལེན་གྱི་འགྲེམས་སྟོན་དང་ཟུང་འབྲེལ་གནང་ནས་ཉོ་ཚོང་སུའོ་ཡིས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་དངོས་ཚན་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཚུལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ཉོ་ཚོང་སུའོ་ཡི་རྒྱུན་གཏན་གྱི་མ་དངུལ་དོ་དམ་དང་རྩིས་སྤྲོད་རྩིས་ལེན་གྱི་བསྡོམས་རྩིས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་སྐྲུན་པའི་དམིགས་ཚད་ཡང་དག་པ་དང་། གོམ་སྟབས་བརྟན་པ། མདུན་ལམ་འོད་ཟེར་དང་ལྡན་པ་བཅས་ཡིན་པས་ཧྲང་ཧའེ་དུས་ཟོག་ཉོ་ཚོང་སུའོ་ཡིས་འཛམ་གླིང་གི་ཉོ་ཚོང་སུའོ་རྩེ་གྲ་གང་མགྱོགས་སྐྲུན་ཐུབ་པར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དུས་ཟོག་གི་ལྟ་འདོམས་ལམ་ལུགས་དང་ལས་སྒོའི་རྣམ་པ་འཚོལ་ཞིབ་དང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་མགྱོགས་བསྐྲུན་ཏེ་ཧྲང་ཧའེ་རུ་སླེབས་པའི་གྲོང་མི་གསར་པ་དང་། ན་གཞོན། འཐབ་ས་དང་པོའི་གླ་པ་བཅས་མང་པོ་ཞིག་གི་སྡོད་ཁང་འགན་ལེན་བྱས་ཡོད། ཚེས་29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མིན་ཧང་ཆུས་ཀྱི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ས་གནས་དེ་གས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་གྲབས་གཤོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ཉལ་ཁྲི་གཅིག་དང་། ཁང་མིག་གཅིག སྡོད་ཁང་གཅིག”བཅས་ཀྱི་རིམ་པ་མང་བའི་བོགས་གཏོང་སྡོད་ཁང་མཁོ་འདོན་མ་ལག་འཛུགས་སྐྱོང་གནས་ཚུལ་གསན་རྗེས། ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་སྔ་རྗེས་སུ་སྡེ་ཁུལ་གྱི་སྡོད་ཁང་གི་རྣམ་པ་དང་ཉལ་ཁང་གི་རྣམ་པའི་བོགས་གཏོང་དུད་ཚང་གི་སྡོད་ཁང་དང་། སྤྱི་པའི་ཐབ་ཚང་། སྤྱི་པའི་གོས་འཁྲུད་ཁང་སོགས་མཉམ་སྤྱོད་བར་མཐོངས་སུ་ཕེབས་ནས་དེ་གར་སྡོད་མཁན་གྲོང་ཁྱེར་གྱི་འཐབ་ས་དང་པོའི་ལས་དོན་པའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་བཞེས་གནང་བས་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཞལ་གྱེས་སྐབས་སྡེ་ཁུལ་གྱི་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད།
ཟླ་12ཚེས་1ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཧྲང་ཧའེ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། “ལྟེ་གནས་ལྔ”གང་མགྱོགས་སྐྲུན་པ་ནི་ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་དཀྲིས་པའི་ལས་འགན་གལ་ཆེན་ཞིག་རེད། ཧྲང་ཧའེ་ཡིས་དེ་ཤུགས་རྒྱག་ས་གཙོ་བོར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་གི་ལས་དོན་ལ་སྤྱི་འདོམས་སྣེ་ཁྲིད་དང་། སྤྱི་ཡོངས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་མཐའ་འཁྱོངས་གཏོང་བ། གཙོ་གནད་ཚད་བརྒལ་དང་གནས་ཀྱིས་ཁྱོན་ཁྲིད་དེ་གྲོང་ཁྱེར་གྱི་བྱེད་ནུས་རིམ་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་དང་། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད། འཛམ་གླིང་རིམ་པའི་ཐོན་ལས་རྩེར་སོན་ཁྱུ་ཚོགས་སྐྱེད་སྲིང་མགྱོགས་མྱུར། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་ཀྱི་གནས་བབ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་དངུལ་རྩ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་ལག་བསྟར་བྱས་ཏེ། དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་གཡུལ་ས་མདུན་མ་དང་གོ་ལ་ཧྲིལ་པོར་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་གི་ངོས་ནས། འགོ་འཛུགས་ས་དེ་བས་མཐོ་བ་ནས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། སྔར་མེད་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་དང་ཁྲིད་སྟོན་རང་བཞིན་གྱི་སྒོ་དབྱེར་ཕྱོགས་ཡོངས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྒྱུར་བཅོས་ཀྱི་མ་ལག་འདུས་གྲུབ་ལ་ཤུགས་སྣོན། ཕུའུ་ཏུང་ཁུལ་གསར་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལིན་ཀང་ཡུག་ཁུལ་གསར་པར་གནོན་ཤུགས་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ། རྒྱལ་སྒྲོལ་ཞབས་འདེགས་ཚོང་དོན་དང་མ་དངུལ་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། ཧུང་ཆའོ་རྒྱལ་སྤྱིའི་སྒོ་དབྱེའི་ལྟེ་བའི་ནུས་པ་སྔར་བས་རིམ་པ་སྤོར་བ། ནང་འདྲེན་དངོས་མང་སྟོན་ཚོགས་སོགས་ཕྱོགས་གཉིས་སྒོ་དབྱེའི་ལས་སྟེགས་ཆེན་པོ་མུ་མཐུད་ཡག་པོ་གཉེར་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་ཆགས་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ། གྲོང་ཁྱེར་འཆར་འགོད་དང་ལག་བསྟར་ཐད་འཆར་གཞི་གཅིག་མཐར་ཕྱིན་པ་འགོད་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མཉེན་ལྡན་དང་བདེ་འཇགས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་ཧ་ཅང་ཆེན་པོ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ལམ་བུ་གསར་པར་ཧུར་ཐག་སྐྱོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ་རྩ་བའི་འགན་ལེན་ཞིག་ཀྱང་རེད། ཧྲང་ཧའེ་ནི་རང་རེའི་ཏང་དབུ་བརྙེས་ཡུལ་ཡིན་པས། ཚོགས་ཆེན་དང་པོ་ཚོགས་གནས་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“ངེས་པར་དུ་གསུམ”བློ་ལ་བརྟན་པོར་བཅངས་ནས་རྒྱང་ལམ་གསར་པར་གསར་འབྱེད་གསར་གཏོད་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས།
ཟླ་12ཚེས་3ཉིན་གྱི་སྔ་དྲོ་པེ་ཅིང་དུ་ལོག་ཕེབས་པའི་ལམ་ཞོར་དུ་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་དང་ཧྲེང་ཀྲང་ཞུས་ཁུན་ལིན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་ཡན་ཁྲེང་གྲོང་ཁྱེར་དུ་དམག་དཔུང་ཤིན་སི་ཅུན་གྱི་དྲན་གསོ་ཁང་ལ་ལྟ་སྐོར་དུ་ཕེབས་པ་རེད། འགྲེམས་ཁང་ནང་གི་པར་རིས་རེ་རེ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་རེ་རེ། རིག་དངོས་རེ་རེ། འདྲ་བཟོས་ཡུལ་ལྗོངས་རེ་རེ་བཅས་ལས་དམག་དཔུང་ཤིན་སི་ཅུན་གྱིས་དཔའ་ངར་ཞུམ་མེད་ངང་དམར་འཛིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཆ་ཚང་མངོན་ཡོད། ཞི་ཅིན་ཕིང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་ལྟ་ཞིབ་གནང་བ་མ་ཟད་ཚང་མ་དང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས། དམངས་སེམས་གཏད་མིན་གྱིས་ལོ་རྒྱུས་ཀྱི་གདམ་ག་གཏན་འཁེལ་བྱེད་པ་དང་། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་དམག་དཔུང་ཤིན་སི་ཅུན་གྱི་ལོ་རྒྱུས་ལས་གསལ་བཤད་གང་ལེགས་བྱུང་ཡོད། འདི་ནི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞི་ཡིན་པས། བསླབ་གཞི་འདི་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་ཚོར་དཀའ་ངལ་ལ་མི་སྐྲག་པ་དང་། ཉེན་ཁར་མི་འཛེམ་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མི་དམངས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།