ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་བྱེད་པའི་ཉིན10ནང་འགྲུལ་པ་ཁྲི2ཙམ་སྐྱེལ་འདྲེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས་5ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་འབབ་ཚུགས་ནས་ཤེས་གསལ་བྱུང་དོན། ཟླ11པའི་ཚེས་26ཉིན་ཤར་གཏོང་བདག་གཉེར་བྱེད་པ་ནས་བཟུང་།  ཁྱོན་འགྲུལ་པ་མི་ཐེངས་18300སྐྱེལ་འདྲེན་བྱས་པ་དང་འགྲུལ་པ་མི་ཐེངས་16656ཐོན་ཡོད།  དེའི་ཁྲོད་དུ་ཉིན་གཅིག་ལ་འགྲུལ་པ་སྐྱེལ་ཚད་མཐོ་ཤོས་མི་ཐེངས་2000ལས་བརྒལ་བ་དང་སྒུལ་འཁོར་དེ་ལམ་རྒྱུད་ཀྱི་འགྲུལ་པ་ཕྱིར་སྐྱོད་པའི་གདམ་ག་དང་པོར་གྱུར་ཡོད།

        ཚེས5ཉིན་གྱི་ཞོགས་པའི་ཆུ་ཚོད་10པའི་ཐོག སེམས་ཀྱི་ཉི་ཟླ་འབབ་ཚུགས་ཀྱི་རླངས་འཁོར་སྒུག་སའི་ཚོམས་ཆེན་དུ་ལས་དོན་མི་སྣའི་སྣེ་ཁྲིད་འོག་འགྲུལ་པས་རྡོག་ཁྲེས་འཁྱེར་ནས་གོ་རིམ་ལྡན་པའི་ངང་སྤ་སེ་ཞིབ་བཤེར་བྱས་ཏེ་འབབ་ཚུགས་སུ་བསྐྱོད་པ་དང་། སྤ་སེ་འཚོང་སར་སྤ་སེ་འཚོང་མཁན་གྱིས་བོད་སྐད་ཀྱི་ཐོག་ནས་ངང་རྒྱུད་རིང་པོས་འགྲུལ་པ་དང་འབྲེལ་གཏུག་བྱེད་བཞིན་ཡོད།

        ཤེས་གསལ་བྱུང་དོན།  ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་།  སྒུལ་འཁོར་སྤ་སེ་ཕྱིར་ཚོང་བྱེད་ཚད་མང་དུ་ཕྱིན་པ་དང་། སྐྱེལ་བ་དང་ཐོན་པའི་འགྲུལ་པའི་ཁྲོད་ཡུལ་སྐོར་བས་70%་ཙམ་ཟིན་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླ་དང་བར་ཐག་སྔར་བས་ཉེ་རུ་ཕྱིན་ཡོད་ཅེས་ཟེར།