ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་79པ(རྒྱས་འཛོམས་)འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས28ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་79པ་(རྒྱས་འཛོམས་)འཚོགས།ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས།ཁུལ་ཁྲིམས་ཁང་།ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ་དང་།གོམ་སྟབས་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཀྲང་ཝེ་ཏུང་དང་ལི་ཡན་ལན།ཡུས་ཧྲེང་ཞང་།མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་དཔལ་འབྱོར་ལས་དོན་དང་།“ཞིང་གསུམ”ལས་དོན།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་།རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ།དྲོད་ཚད་དམའ་བའི་གངས་ཆར་འཁྱགས་རོམ་གྱི་གནོད་འཚེ་སྔོན་འགོག ཡོམ་འགོག་གེགས་སེལ་སོགས་ཀྱི་ཐད་བླང་བྱ་གལ་ཆེན་གནང་ནས། རང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་དང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།བརྟན་ཐོག་ཡར་འཕེལ་དང་།མདུན་སྐྱོད་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ།སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ།ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁ་ཕྱོགས་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད་པས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཨུའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བ་བྱེད་དགོས་པ་དང་།བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་གྲ་སྒྲིག་ཡག་པོ་བྱས་ནས་སང་ལོའི་ལས་དོན་ཁག་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱས་ཏེ་“དོན་ཆེན་བཞི་”ཡག་པོ་སྒྲུབ་པའི་ཐད་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས།ཁུལ་ཁྲིམས་ཁང་།ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཨུ་ལྷན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་རེད།ཚོགས་འདུའི་ཐོག་ཏང་ཙུའུ་ཁག་གིས་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་བྱེད་དགོས་པ་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་དབང་སྔར་བས་ཁྲིམས་ལྟར་ཡག་པོ་སྤྱད་དེ་ཁྲིམས་འཛུགས་དང་ཁྲིམས་འཛིན་ཞིབ་བཤེར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རིམ་ཁག་འཐུས་མིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་རང་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་འགྱུར་ལྡོག་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་དགོས།ཁུལ་སྲིད་གྲོས་ཏང་ཙུའུ་ཡིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ།ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ངོས་འཛིན་གཅིག་མཐུན་དང་ཐབས་འདོན་ཇུས་འབུལ་སྔར་ལས་ལེགས་པ་བྱ་དགོས།ཁུལ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་སྣ་མང་འགལ་བ་དང་རྩོད་གཞི་སེལ་བའི་རྣམ་པ་གཏོད་པའི་ནང་ཞུགས་ནས་འདྲི་གཅོད་འགན་ནུས་འདོན་སྤེལ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས།ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།ཁུལ་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱས་ཏེ་སྤྱོད་གཙང་སྒྲིག་ནན་ལ་སྐུལ་འདེད་བཏང་ནས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་གི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།རྒྱ་མཚོ། ལི་དབྱང་།སྐལ་བཟང་རྣམ་རྒྱལ། ཁྲེན་ཆུན།ཀུའེ་ཅུན་ལུའུ།ལུའུ་ཀྲི་ཅུན།དབྱང་ཞུའེ་ཝུན།ཀྲོའུ་ཅན་པིན་སོགས་ཚོགས་འདུར་ཞུགས་ཡོད།