རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་1ཚེས་3ཉིན་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”དང“སྣོད་བཅུད་བདེ་ཆེན། བྱ་རིགས་ཀྱི་ཞིང་ཁམས”ཞེས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཁུན་མིང་གྲོང་ཁྱེར་དུ་འཚོགས་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་སྔར་ནས་ད་བར་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་ཏུ་བསྟར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་གཏོང་བཅས“དོན་ཆེན་བཞིར”དམིགས་ནས་དུས་རབས་ཀྱི་ཁྱད་ཆོས་དང་། ས་མཐོའི་ཁྱད་ཆོས། བདེ་ཆེན་གྱི་ཁྱད་ཆོས་བཅས་ལྡན་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུའི་ཐོག་ནས་བདེ་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན། བདེ་ཆེན་ཁུལ་དུ་འདབ་ཆགས་རིགས་ཁྱོན་19ཡི་ཚན་པ་53ལ་རིགས་454ཡོད་པ་དེས་ཡུན་ནན་གྱི་50%བཟུང་ཡོད་པ་དང་རྒྱལ་ཡོངས་ཀྱི་38%བཟུང་ཡོད། དགུན་དུས་གནས་སྤོར་བྱ་རིགས་108ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་རིགས་20དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་འདབ་ཆགས་རིགས་62ཡོད། རང་རྒྱལ་དང་ཐ་ན་གོ་ལ་ཧྲིལ་པོའི་བྱ་རིགས་སྲུང་སྐྱོང་དང་སྣོད་བཅུད་དོ་སྙོམས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྐབས་འདིའི་བྱ་གཟིགས་དུས་ཆེན་དེ་བདེ་ཆེན་ཁུལ་གྱི་2024ལོའི་སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་པོ་ཡིན་པའི་ངོས་ནས་འདབ་ཆགས་ཀྱི་བརྗོད་བྱ་ནི་སྨྱན་སྦྱོར་གྱི་ནང་དོན་གཙོར་བཟུང་བ་དང་འདབ་ཆགས་ངོ་སྤྲོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་སྣ་མང་གི་རང་བྱུང་མཛེས་ལྗོངས་དང་སྣོད་བཅུད་ཁོར་ཡུག་མངོན་པ་བྱས་ཏེ་སྣོད་བཅུད་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ་སྣོད་བཅུད་དང་། རིག་གནས། དགུན་དུས་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་སྟོན་མོ་གཟབ་རྒྱས་ཤིག་གཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་གི“སེམས་ཀྱི་ཉི་ཟླ”དང“སྣོད་བཅུད་བདེ་ཆེན། བྱ་རིགས་ཀྱི་ཞིང་ཁམས”ཞེས་པའི་སྐབས་དྲུག་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པ་དེ་ཟླ་1ཚེས་9ནས་ཚེས་12ཉིན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོག་རྒྱུ་དང་བྱ་གཟིགས་དུས་ཆེན་གྱི་ནང་དོན་གཙོ་བོ་ནི་བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་དང་སྐབས་རིམ་བྱུང་གི་བྱ་གཟིགས་གྲུབ་འབྲས་འགྲེམས་སྟོན་དང་། བདེ་ཆེན་ཡུལ་སྐོར་ཐོན་རྫས་འོས་སྦྱོར་འདུ་ཚོགས། བྱ་གཟིགས་འགྲན་བསྡུར། “སྣོད་བཅུད་ཡུལ་སྐོར”གྱི་བརྗོད་དོན་གཙོ་བོའི་དགོང་ཚོགས་སོགས་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཡིན་པ་རེད།