རྒྱུན་དུ་མགོ་ཡུ་འཁོར་བའི་རྒྱུ་རྐྱེན་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-11   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

        01 རྣ་བའི་གནད་དོན།

        རྣ་བའི་གནད་དོན་ལ་རྐྱེན་བྱས་ཏེ་མགོ་ཡུ་འཁོར་བ་ནི་གཙོ་བོ་རྣ་རྡེའུ་ནད་ཀྱིས་བསླངས་པ་ཡིན་ལ། དེ་ནི་རྣ་ནང་གི་རྣ་རྡེའུ་ལྷུང་བའམ་གནས་ས་རྒྱུན་ལྡན་མིན་པར་གྱུར་པ་ལས་མིའི་དོ་མཉམ་གྱི་ཚོར་བ་དང་ཚོར་འདྲེན་ལ་ཤུགས་རྐྱེན་ཐེབས་ཏེ་བསླངས་པ་ཡིན། རྣ་རྡེའུ་ནད་ནི་ན་ཚོད་ཆེ་ཆུང་ལ་ལྟོས་པ་མེད་པར་འབྱུང་ལ། དེས་བསྐྱེད་པའི་མགོ་ཡུ་འཁོར་བ་ནི་གློ་བུར་དུ་ཐོལ་གྱིས་འབྱུང་བ་ཞིག་ཡིན། ལྷག་པར་དུ་འགྲེ་ལོག་རྒྱག་པ་དང་མགོ་བོ་དགྱེ་སྒུར་བྱེད་པ་སོགས་ཀྱི་སྐབས་སུ་འབྱུང་སླ། མགོ་ཡུ་འཁོར་བའི་ཞོར་ལ་རྣ་འུར་བ་དང་ཞེན་ཁ་ལོག་པ། སྐྱུག་པ་སོགས་ཀྱི་སྣང་ཚུལ་ཡང་ཡོད།

        02སེམས་ཁམས་ཀྱི་གནད་དོན།

        བྱེད་ནུས་རང་བཞིན་དང་བསམ་པའི་རང་བཞིན་གྱི་མགོ་ཡུ་འཁོར་བ་ནི་ངེས་གཏན་གྱི་དབང་བོ་ཞིག་གིས་བསྐྱེད་པ་མིན་པར། ཀླད་པའི་ཚོར་རྐྱེན་རྒོད་དྲགས་པའི་རྐྱེན་ཡིན་ལ། དེ་ནི་སེམས་ཁམས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད། དེས་མི་རྣམས་ལ་རྒྱུན་མཐུད་རང་བཞིན་ནམ་ཡང་ན་བར་མཚམས་ཡོད་པའི་སྒོ་ནས་མགོ་ཡུ་འཁོར་དུ་འཇུག་ལ། ཞོར་དུ་སེམས་ཁྲལ་བྱེད་པ་དང་སེམས་འཚབ་པ། སྙིང་གཡུག་པ་སོགས་ཀྱི་ནད་རྟགས་ཀྱང་ཡོད།

        03མགོའི་མདུན་ཕྱེད་ན་བའི་གནད་དོན།

        འདི་ནི་དབང་རྩའི་མ་ལག་གི་དོ་མཉམ་ཤོར་བ་དང་འབྲེལ་བ་ཡོད་ལ། མི་དར་མ་དང་གཞོན་པ། ཟླ་མཚན་ཆད་སྐབས་ཀྱི་བུད་མེད་སོགས་ཀྱི་ཁྲོད་དུ་འབྱུང་བ་མང་། མགོ་ཡུ་འཁོར་བ་ལས་གཞན་མགོ་ན་བ་དང་ཞེན་ཁ་ལོག་པ། སྐྱུག་པ་སོགས་ཀྱི་ནད་རྟགས་ཀྱང་ཡོད།

        04སྐེ་ཚིགས་ཀྱི་གནད་དོན།

        གལ་ཏེ་སྐེ་ཚིགས་ཀྱིས་དབང་རྩ་དང་ཁྲག་རྩ་མནན་པ་ཡིན་ན། ཀླད་པའི་ཁྲག་མཁོ་སྤྲོད་དང་དོ་མཉམ་གྱི་ཚོར་ཤེས་ལ་ཤུགས་རྐྱེན་ཐེབས་ཏེ་མགོ་བོ་ཉོབ་པའི་ཚོར་བ་འབྱུང་སྲིད་ལ། ཞོར་དུ་སྐེ་ན་བ་དང་སྦྲིད་པ་སོགས་ཀྱི་ནད་རྟགས་ཀྱང་ཡོད།

        05སྙིང་ནད་དང་སྙིང་རྩ་རེངས་པའི་ནད་ཀྱི་སྔ་དུས་སུ་འབྱུང་བ།

        སྙིང་ནད་དང་སྙིང་རྩ་རེངས་པའི་ནད་པ་ལ་ལར་སྔ་དུས་ནད་རྟགས་ལྕི་མོ་མེད་པའི་སྐབས་སུ་མགོ་ན་བ་དང་མགོ་ཡུ་འཁོར་བ། རྣ་འུར་བ། བརྗེད་སླ་བ་སོགས་ཀྱི་ནད་རྟགས་ཡོད་ལ། དེ་དུས་མགོ་ཡུ་འཁོར་བ་ནི་གཙོ་བོ་སྙིང་གི་པྲོག་དབྱིབས་འཕར་རྩར་འཇམ་འདྲའི་རེངས་འཁུམ་བྱུང་སྟེ་རྩ་ལམ་ཉག་ཕྲ་བར་གྱུར་པ་དང་། སྙིང་ལ་ཁྲག་དང་དབྱང་རླུང་དཀོན་པར་གྱུར་པ་ལས་བསྐྱེད་པ་ཡིན།