བདེ་ཆེན་གྱིས་"སྣོད་བཅུད་ཐོན་ཁུངས་"སྤུས་ལེགས་འོས་སྦྱོར་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”—“སྣོད་བཅུད་བདེ་ཆེན། བྱ་རིགས་ཀྱི་ཞིང་ཁམས”ཞེས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པའི་བྱེད་སྒོ་སྟེ་"སྣོད་བཅུད་ཐོན་ཁུངས་"སྤུས་ལེགས་འོས་སྦྱོར་བྱེད་སྒོ་སེམས་ཀྱི་ཉི་ཟླར་སྤེལ་བ་དང་།  བྱེད་སྒོའི་ཐོག་བདེ་ཆེན་གྱི་དགུན་དུས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཁྱབ་བསྒྲགས་བྱས་པ་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བ་དང་། རང་གཤིས་ཅན། གདོད་མའི་སྣོད་བཅུད་བཅས་ཀྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱས་པ་རེད།
图片
图片
        བྱེད་སྒོའི་ཁྲོད། སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་གྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་སོགས་སྤུས་ལེགས་ཁེ་ལས་10ཡིས་སེམས་ཀྱི་ཉི་ཟླའི་རྒུན་ཆང་དང་ལིའི་སིལ་ཁན།  བདུད་རྩི་ལྐོག་གྱུར་ཁྲུས་ཐོར་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་པ་དང་།  འབྲེལ་ཡོད་ཁེ་ལས་ཀྱིས་ཡུལ་སྐོར་ལམ་ཐིག་དང་ལྗོངས་ཁུལ།  བྱ་རིགས་བབ་སྡོད་བྱེད་ས།  གཉེན་ཉེའི་རང་བྱུང་དང་མི་ཆོས་གསང་མྱུལ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་སྐོར་འོས་སྦྱོར་བྱས་པ་མ་ཟད།  "སྣོད་བཅུད་ཡུལ་སྐོར་"རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོ་ཡང་སྤེལ་བ་རེད།
图片
图片