ཞོགས་ཟས་ཡག་ཙམ་དང་དགོང་ཟས་ཉུང་ཙམ་མཆོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-12   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        《ཀྲུང་གོའི་གྲོང་མིའི་འཚོ་བཅུད་དང་གཅོང་ནད་ཀྱི་གནས་ཚུལ་སྙན་ཞུ་》ཞེས་པའི་ནང་བསྟན་པར། རང་རྒྱལ་དུ་ཤ་རྒྱགས་པ་ཆགས་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད་པ་སྟེ། སྐྱེ་བོ་དར་མ་ཤ་རྒྱགས་པ་ཆགས་ཚད་50.7%ཟིན་པ་དང་། ལོ་6ནས་17བར་གྱི་ན་ཆུང་གཞོན་ནུ་ཤ་རྒྱགས་པ་ཆགས་ཚད་20%ལ་ཉེ་བ་ཟིན་པ། ལོ་6མན་གྱི་བྱིས་པ་ཤ་རྒྱགས་པ་ཆགས་ཚད་10%ཟིན་པ་བཅས་རེད། དེའི་ཐོག་ནས་ད་ཆ་མི་ཚང་མར་གཟུགས་པོའི་ཤ་རྒྱགས་པ་ཆགས་པའི་ཤུགས་རྐྱེན་ངན་པ་ཕོག་ཡོད་པ་མཐོང་ཐུབ། ཇི་ལྟར་བྱས་ན་གཟུགས་གཞི་བདེ་ཐང་ངང་སྐམ་དུ་འགྲོ་ཐུབ་མིན་གྱི་གནད་དོན་དེ་མི་མང་པོ་ཞིག་གིས་དུས་ཀུན་ཏུ་དོ་ཁུར་བྱེད་ས་ཞིག་ཏུ་གྱུར་ཡོད་པ་རེད།

图片


        ཉིན་གཅིག་གི་བྱ་བ་ནི་སྔ་ཞོགས་ལ་རག་ལུས་ཡོད། དེའི་གོང་དུ།《ནད་ཐོག་སྨན་བཅོས་ཀྱི་གསང་རྒྱུད་ཟགས་གཤེར་དང་རྙིང་ཚབ་གསར་བྱེད་དུས་དེབ》ཐོག་སྤེལ་བའི་རྩོམ་ཡིག་ཅིག་ནང་། ཉིན་ལྟར་ལྟོ་ཆས་ཟ་ཚད་གཅིག་མཚུངས་ཡིན་པའི་བུད་མེད་གཉིས་ལ་ཆ་བཞག་ན། ཞོགས་ཟས་ཡག་པོ་ཟ་མཁན་དེ་ཞོགས་ཟས་ཡག་པོ་མ་བཟའ་བར་དགོང་ཟས་མང་པོ་ཟ་མཁན་དེ་ལས་གཟུགས་པོའི་ལྗིད་ཚད་ཡང་བ་དང་སྐེད་པ་ཕྲ་བ་ཡོད་པ་རེད། ཞིབ་འཇུག་དེའི་ཐོག་ནས་ཞོགས་ཟས་ཡག་ཙམ་དང་དགོང་ཟས་ཉུང་ཙམ་བཟས་ན་གཟུགས་པོ་སྐམ་སླ་བ་ཡིན་པ་གསལ་བཤད་བྱས་ཡོད།

图片


       ཞོགས་ཟས་ཡག་པོ་བཟས་ན་མིའི་ལུས་ཁམས་ལ་ཕན་པ་དང་། ལྷག་པར་དུ་གཟུགས་པོའི་ལྗིད་ཚད་ཡང་དུ་འགྲོ་དོན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ནི་གལ་ཏེ་ཞོགས་ཟས་མ་བཟའ་བའམ་ཡང་ན་ཞོགས་ཟས་ཡག་པོ་མ་བཟས་ན་ལྟོགས་པའི་ཚོར་སྣང་འབྱུང་སླ་བའི་རྐྱེན་གྱིས་ཞོར་ཟས་གང་མང་བཟའ་ཤོར་གྱི་ཡོད། ཨ་ཅང་ཅང་། དེང་སང་ཞོར་ཟས་མང་ཆེ་བའི་ནང་དུ་མངར་མོ་དང་ཞག་ཚིལ་མང་པོ་འདུས་ཡོད་པས། དེས་གྲོད་ཁོག་རྒྱགས་པའི་ཚོར་སྣང་མེད་པར་དེ་ལས་མང་བ་ཟ་འདོད་ལངས་ཀྱི་ཡོད། མདོར་ན། ཞོགས་ཟས་བཟས་ན་གྲོད་པ་རྒྱགས་པའི་ཚོར་སྣང་ཡོང་བས་ཞོར་ཟས་བཟའ་མི་འདོད་པའམ་ཡང་ན་ཉུང་ཉུང་ཞིག་ལས་བཟའ་མི་ནུས་པས། གཟུགས་པོའི་ལྗིད་ཚད་ཆག་པ་ལས་འཕར་མི་སྲིད་སྟབས་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། གཞན་ཡང་ཉིན་ལྟར་ལྟོ་ཆས་ཟ་ཚད་གཅིག་མཚུངས་ཡིན་པའི་གནས་ཚུལ་འོག་ཞོགས་ཟས་ཡག་པོ་བཟས་ཚེ་གཟུགས་པོའི་ལྗིད་ཚད་ཡང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད།

图片


        ད་དུང་ཞོགས་ཟས་ཡག་པོ་མ་བཟས་ན་གཟུགས་པོ་སྐམ་དུ་འགྲོ་རྒྱུ་ཕར་བཞག རིག་པ་སྒྲིམ་ནུས་ཞན་པ་དང་དཀའ་ལས་ཁག་སླ་བ། སེམས་པ་ཞི་ལྷོད་དུ་མི་གནས་པ། ཕོ་བའི་ནད་དང་གཅིན་པ་མངར་སྐྱུར་གྱི་ནད་སོགས་འབྱུང་སླ་བ་ཡིན་ནོ།