2023ལོར་རྡོ་མཁར་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་777.86སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2023ལོར། རྡོ་མཁར་རྫོང་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་777.86་ལ་སྣེ་ལེན་བྱས་ཡོད་དེ། ན་ནིང་གི་དུས་མཚུངས་ལས་107.52%འཕར་ཡོད།

图片

    2023ལོ་ནས་བཟུང་། རྡོ་མཁར་རྫོང་གིས་ཟླ་འོད་ཐང་ཆེན་དུ་སྐབས་དང་པོའི་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”པི་ཝང་རོལ་དབྱངས་དུས་ཆེན་དང་། “སེམས་ཀྱི་ཉི་ཟླའི་”ཐང་ཆེན་ཞབས་བྲོ་འགྲན་བསྡུར། སེམས་ཀྱི་ཉི་ཟླའི་བེ་ཤ་ཞིམ་ཟས་དུས་ཆེན། བོད་ལོ་གསར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་དེ་བཞིན་མཚན་མོའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ་“རིག་གནས་རྒྱུག་ཚད་”ལ་བརྟེན་ནས་“ཡུལ་སྐོར་རྒྱུག་ཚད་”སྟོབས་ཆེར་བཏང་ཡོད།

图片

    གཞན་ཡང་ཡུལ་སྐོར་བདེ་འཇགས་འགན་ལེན་བྱ་ཆེད་རྡོ་མཁར་རྫོང་ལྗོངས་ཁུལ་གྱིས་“ཚད་བཀག་དང་། ཁ་ཆད་བསྒོ་བ། མཚོ་རྩེ་”བཅས་ཀྱི་བླང་བྱར་བརྩི་སྲུང་ནན་པོ་བྱས་ནས་འགྲུལ་རྒྱུན་རྒྱུན་མཐུད་ཆེ་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་པ་དང་འཕྲལ་སྡོམ་དོ་དམ་བྱ་ཐབས་རྒྱུན་རྣམ་ཅན་གསར་གཏོད་ལག་བསྟར་བྱས་ཡོད། དུས་མཚུངས་སུ་སྤུས་ལེགས་ནུས་ཆེ་དང་བློ་གྲོས་སྟབས་བདེ་བཅས་ཀྱི་ལྗོངས་ཁུལ་གྱི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བ་དེ་བས་ཞུགས་སེམས་ཡོད་པ་བྱས་ཏེ་སེམས་ཀྱི་ཉི་ཟླའི་དྲོ་སྐྱིད་དང་བདེ་སྐྱིད་ཚོར་ཐུབ་པ་བྱས་པ་རེད།