མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་ལས་དོན་ལེགས་པོར་བསྒྲུབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

2.jpg

འབྲོང་།    

  “མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་ཁ་ཕྱོགས་བསྟན་པ་དང་འཆར་གཞི་ཡག་པོ་བཀོད་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ནས་སྟོབས་ཤུགས་ཡོད་ཚད་བསྐྱེད་དེ་སྐྱེ་ཁམས་བདེ་འཇགས་སྲུང་བའི་འགན་ཁུར་ཏེ“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་འཁྲི་ལག་ལེན་དོན་འཁྱོལ་བྱེད་པར་འགན་ལེན་བྱས།

    མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཡིན་པ་མ་ཟད། ནུབ་རྒྱུད་ཐང་རྒོད་ཅན་དུ་གྱུར་ནས་ཤར་ཕྱོགས་སུ་མཆེད་པ་འགོག་པའི་རང་བྱུང་སྲུང་ཡོལ་ལྟ་བུ་ཡིན་པས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་ནང་གོ་གནས་གཙོ་བོ་བཟུང་ཡོད། ཕྱོགས་ཡོངས་ནས་མཚོ་སྔོན་པོ་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བྱེ་བྲག་གིས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ནས་ད་ལྟ་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་མུ་མཐུད་དུ་སླར་གསོ་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། མཐོ་སྒང་དུ་ཁྱད་དུ་ཡོད་པའི“རྩྭ—ཆུ—མཚོ—ཉ—བྱ”མཉམ་གནས་སྐྱེ་ཁམས་ཕྲེང་འབྲེལ་དོ་མཉམ་པ་རེད།

མཚོ་སྔོན་གྱིས་བྱེ་འགོག་བྱེ་བཅོས་ཁ་ཕྱོགས་གཙོ་བོར་བཟུང་ནས། རྒྱུན་མཐུད་ངང་ཐང་རྒོད་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། གཏིང་ཟབ་སྒོས“བྱང་གསུམ”སོགས་ཀྱི་གཙོ་གནད་སྐྱེ་ཁམས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་བྱེ་ཁུལ་གཙོ་བོར“བྱེ་འགྱུར་མི་ནུར”ནས“ལྗང་འགྱུར་བྱེ་ནུར”གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཐང་རྒོད་ཅན་དང་ས་ཞིང་བྱེ་འགྱུར“གཉིས་ཆག”གི་རྣམ་པ་ལེགས་པོ་མངོན་པ་རེད། ཐང་རྒོད་ལྗང་ཁུལ་དུ་གྱུར་བས་ལྗང་མདོག་མཚོ་སྔོན་ས་གཞི་ནས་མུ་མཐུད་དུ་ཁྱབ་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལམ་ལུགས་མགོ་ཚུགས་པ་ནས་བཟུང་། སྲུང་སྐྱོང་དང་འཕེལ་རྒྱས་དོན་དངོས་གཙོ་བོ་བྱས་ནས་མིའི་རིགས་འཕེལ་རྒྱས་དང་རང་བྱུང་སྲུང་སྐྱོང་གི་དོ་མཉམ་ཚིགས་འཚོལ་ཞིབ་བྱས་པས། ས་གནས་འབྲོག་པ་མང་ཚོགས་སྲུང་སྐྱོང་ལས་དོན་ནང་ཞུགས་ནས་ཕན་ཐོགས་པ་རེད། གཡང་ཐར་ནི་དེ་ནང་གི་གཅིག་ཡིན་ལ། ཡོང་འབབ་སྒྲིག་གཞི་དང་སྐྱེ་ཁམས་འདུ་ཤེས། འཚོ་བ་རོལ་ཐབས་བཅས་ལ་མངོན་གསལ་འགྱུར་ལྡོག་བྱུང་བས་འབྲོག་པ་མང་ཚོགས་ཀྱིས་དོན་དངོས་ནང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་།

    མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལ་མཚོན་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ནས“གྲོང་ཨུ་གཉིས+”གཞིས་ཁུལ་མཉམ་བསྐྲུན་མཉམ་སྤྱོད་དཔེ་དབྱིབས་བཙུགས་ནས་རང་བྱུང་སློབ་གསོ་ནི་མིང་རྟགས་ལས་གཞི་ཞིག་ཏུ་གྱུར། སྐྱེ་ཁམས་ཁ་གསབ་ཚད་གཞི་དང་མ་ལག་གཏན་ཁེལ་བྱས་པ་དང་། ཁ་གསབ་ལམ་ལུགས་གཞི་རྩ་ནས་གྲུབ་པ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ། སྐྱེ་ཁམས་སྲུང་སྐྱོང་ཁེ་ཕན་རྒྱུན་མཐུད་ངང་གཏོང་སྤྲོད་བྱས་པ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་མུ་མཐུད་དུ་གཏིང་ཟབ་གྱུར་བ། ཁྱབ་ཁོངས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་བ་ཉིན་བཞིན་འབུར་ཐོན་ཡིན།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་ཇུས་འགོད་འཕེལ་རྒྱས་བཏང་ན“རི་གཉིས”འདུ་ཤེས་མུ་མཐུད་དུ་གཏིང་ཟབ་མོར་གྱུར་ཞིང་། སྐྱེ་ཁམས་ཐོན་རྫས་རིན་ཐང་བགྲོད་ལམ་རྒྱུན་མཐུད་རྒྱ་བསྐྱེད་མངོན་འགྱུར་བྱུང་། ད་ལྟ་སྔོན་ལ་ལྟོས་ན་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣས་ཟླ་རེར་ཟླ་ཕོགས་གཏན་ཁེལ་ལེན་པ་དང་། རྒྱ་ཆེའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་ནས་དེ་ལས་ཁེ་ཕན་ལེན་པ། ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་སྐྱེ་ཁམས་ཡུལ་སྐོར། རྩྭ་འདེབས་གསོ་སྤེལ། ཀྲུང་བོད་རྩྭ་སྨན་འདེབས་པ། ནགས་འོག་འདེབས་འཛུགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་མུ་མཐུད་དུ་ཁེ་ཕན་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་། ཁོར་ཡུག་མཛེས་པ། མང་ཚོགས་འབབ་འཕར། ཁྱབ་ཁོངས་འཕེལ་རྒྱས་མཉམ་སྐྱེས་མཉམ་རྒྱལ་ལ་སྐུལ་འདེད་བྱས།

    ཙོང་ཆུ་གྲོག་རོང་ནས་ཚྭ་འདམ་གཞོང་ས། སྐྱེ་ཁམས་ལེགས་ཆ་གཙོ་བོར་བཟུང་ནས་ཐོན་ལས་ཆེན་པོ་གསུམ་གྱིས་མུ་མཐུད་དུ་ལྗང་མདོག་མངོན་མེད་ནུས་པ་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་ནུས་པ་ཡིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་གང་སར་མཐོང་ཐུབ་ལ། ཐོན་ལས་སྒྲིག་གཞི་ལེགས་བཅོས་དང་ལེགས་ཆ་ཐོན་ལས་བཀོད་སྒྲིག སྐྱེ་ཁམས་ཐོན་ལས་རྒྱས་པ་སོགས་ཀྱིས་མཚོ་སྔོན་གྱི་ལེགས་ཆ་ཅུང་ལྡན་པ་དང་འཕེལ་རྒྱས་མདུན་ལམ་མངོན་ཡོད།

    ནུས་ཁུངས་གཙང་མའི་ཐོན་ལས་ནི་སྐྱེ་ཁམས་ཐོན་ལས་ཡིན་པ་མ་ཟད་ལེགས་ཆ་ཐོན་ལས་ཡིན། ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆ་རུ་སྒྱུར་ནས་འོད་གློག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཞི་ཁྱོན་མུ་མཐུད་ཇེ་ཆེ་དང་ཐོན་ལས་ཕྲེང་འབྲེལ་འཐུས་ཚང་དུ་གཏོང་དགོས།

    སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སྐོར་ནས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བཏོད་པ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བརྒྱུད་དེ་མཚོ་སྔོན་གྱི་རི་ཆུའི་ཐོན་ཁུངས་རིན་ཐང་ལ་ལྟོས་ཚེ“རི་གཉིས”འདུ་ཤེས་གསོན་ཉམས་ལྡན་པའི་ངང་འགྲེལ་བརྒྱད་ཡོད། སྐྱེ་ཁམས་ཐོན་རྫས་རིན་ཐང་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་ས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་བསྐྲུན་བྱེད་བཞིན་པའི་སྒང་ཡིན།

    ལག་ལེན་བྱས་ན་ད་གཟོད་མཚོ་སྔོན་གྱི་ཚད་བསྡུར་ལེགས་ཆ་འཕེལ་རྒྱས་ལེགས་ཆ་རུ་སྒྱུར་ནས་གོ་སྐབས་ཁེ་ཕན་དང་ཐོན་ཁོངས། ཐོན་སྐྱེད་ནུས་ཤུགས་སུ་གཏོང་དགོས་ལ། རྒྱུན་མཐུད་ཀྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་ཏེ་སྤུས་ཚད་མཐོ་བའི་ངང་ཐོན་ལས“གནས་བཞི”བསྐྲུན་ཏེ་སྐྱེ་ཁམས་ལེགས་ཤིང་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་དགོས། །