རྩི་ཤིང་རྩ་ཆེན་ཞིག་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-23   རྩོམ་ཁུངས།    人民网藏文版

        ཚན་ཞིབ་མི་སྣས་ཤིང་རིགས་གསར་པ“ལི་པོ་ཅིན་སི་ཁམ་བུ”ཤེས་རྟོགས་བྱུང་ཡོད། 
        རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཀུའེ་ཀྲོའུ་ལི་པོ་རྫོང་དུ་ཡོད་པའི་ཀུའེ་ཀྲོའུ་མའོ་ལན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་རྩི་ཤིང་རིགས་ཤིག་གསར་དུ་རྙེད་ཡོད། གཟུགས་དབྱིབས་རིག་པ་དང་ཆ་རྡུལ་མ་ལག་རིག་པའི་ཞིབ་འཇུག་ལས་ར་སྤྲོད་བྱས་པ་བརྒྱུད། རྩི་ཤིང་དེ་ནི་ལི་པོ་ཅིན་སི་ཁམ་བུར་གཏོགས་པའི་ཤིང་རིགས་གསར་པ་ཞིག་ཡིན་པ་དང་། ཚན་ཞིབ་མི་སྣས་དེ་ནི་ལི་པོ་རྫོང་ནས་རྙེད་པས་“ལི་པོ་ཅིན་སི་ཁམ་བུ”ཞེས་མིང་བཏགས་པ་རེད། ཤིང་རིགས་གསར་པའི་སྐོར་ཉེ་ཆར་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་རིག་པའི་དུས་དེབ་PhytoKeysཐོག་སྤེལ་ཡོད། 
        ཤིང་གསར་པ་དེའི་འདབ་མ་མཐུག་ཅིང་པགས་པ་དང་འདྲ། ལོ་མའི་འདབ་མ་རླབས་གཉེར་དབྱིབས་ཡིན་ཞིང་། ལོ་མའི་གཞུང་རྩ་ངོས་གཉིས་འབུར་བ། དྲ་རྣམ་གཞུང་རྩ་མངོན་པ། 
        ལོ་མའི་ངོས་གཉིས་མར་རྡིབ་པ། ལོ་མའི་རྒྱབ་ཏུ་ཕྱེ་རྡུལ་དཀར་སྐྱ་ཡོད་པ། མེ་ཏོག་གི་བང་རིམ་1ནས་3བར་ཡོད་ཅིང་། འདབ་མ་མང་ཙམ་ཡོད་པ་མ་ཟད་རྩ་ཕྲ་མོ་མངོན་གསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་ཡོད། དེ་ཅིན་སི་ཁམ་བུའི་ཁོངས་སུ་གཏོགས་པའི་རྩི་ཤིང་གི་རིགས་གཞན་དག་དང་ཁྱད་པར་མངོན་གསལ་དོད་པོ་ཡོད།
        མིག་སྔའི་བར། ཀུའེ་ཀྲོའུ་མའོ་ལན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་པའི་རྡོ་ཐལ་བྲག་རྡོ་དང་རི་སྒང་གི་བྲག་རྡོའི་བར་དུ་ཁྱོན་རི་སྐྱེས་ཁྱུ་ཚོགས་2དང་སྡོང་རྐང་45ཡོད་པ་རེད།