བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ2པའི་ཚེས་3ཉིན་གྱི་སྔ་དྲོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ་བ་རེད།
ཐེངས་འདིའི་ཚོགས་འདུར་འཐུས་མི་248ཕེབས་དགོས་པ་དང་དངོས་སུ་འཐུས་མི་217ཕེབས་ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་བ་མ་ཟད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་ད་དུང་ལུའོ་ཁྲའོ་ཧྥེང་དང་། ལི་ཡན་ལན། ཕེང་ཧྲན། ཞའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཀྲང་ལི་ཅུན། ཧོ་ཡུན་ཞིའུ། ཧོ་མིང་ཞང་། མུའུ་ཧོང་ཁྲུན་བཅས་ཡོད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
ཚོགས་འདུའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། བདེ་ཆེན་ཁུལ་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད་དང་། བདེ་ཆེན་ཁུལ་2023ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《 ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་་དགོན་སྡེ་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་གྲོས་ཆོད་བཅས་གྲོས་ཆོས་བྱུང་བ་རེད།
ཡུས་ཧྲེང་ཞང་གིས་གསུང་བཤད་གནང་སྐབས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང། ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ། ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཐུས་མི་དང་བློ་མཐུན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་དར་ཆ་མཐོན་པོར་སྒྲེང་བ་དང་། དྲང་སྲུང་གསར་གཏོད། དམངས་གཙོ་མཐུན་སྒྲིལ་བཅས་མཐའ་འཁྱོངས་བྱས་ཏེ་བསམ་བློ་གཅིག་གྱུར་དང་། དམིགས་འབེན་ཁ་གསལ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྔོན་དཔག་དམིགས་འབེན་ཡོངས་སུ་མངོན་འགྱུར་བྱུང་ཡོད་ཅེས་བསྟན། ཡུས་ཧྲེང་ཞང་གིས་ནན་བཤད་གནང་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣེ་ཁྲིད་དེ་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ལག་བསྟར་ནན་ཏན་བྱས་ཏེ་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་ད་དུང་དབྱང་ཙི་ཅང་དང་། རྒྱ་མཚོ། ལི་དབྱང་། སྐལ་བཟང་རྣམ་རྒྱལ། ཁྲེན་ཆོན། ཀུའེ་ཅུན་ལིའུ། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝེན། ཧྥེ་པིང་ཆང་། ཀྲོའུ་ཅན་པིན། དབྱང་ཁྲེང་ལིའང་། ཡུས་ཀུའེ་ཧྥུན། ལིའོ་ཝེན་ཚེ། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཧྲི་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝེན། ཕན་ཞུའེ་ཡིང་། ཀྲང་ཡུས། ལིའུ་ཐེན་མིང་བཅས་ཡོད། བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་གྲོལ་བ་རེད།