ཉེན་ཁ་ཆེ་བའི་དུས་འདི་དག་ལ་མཉམ་འཇོག་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ནད་ཐོག་སྨན་པས་ལྟ་ཞིབ་དང་སྤྱི་སྡོམ་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། དམིགས་བསལ་གྱི་དུས་མཚམས་དང་ཁོར་ཡུག་འོག སྙིང་རྩ་འགག་པའི་ནད་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་བ་རེད།
ཞོགས་པ་དང་སྔ་དྲོའི་དུས།དུས་ཚོད6ནས12བརསྐུལ་རྩིའི་ཆུ་ཚད་གཡོ་འགུལ་དང་ཞོགས་པ་མལ་ལས་ལངས་རྗེས་ལུས་ཁམས་ཀྱི་འགྱུར་འབྱུང་ཤུགས་རྐྱེན་ཐེབས་པའི་དབང་གིས། དུས་ཚོད6ནས12བར་ནི་སྙིང་རྩ་འགག་པའི་ནད་འབྱུང་ཚད་མཐོ་བའི་དུས་མཚམས་རེད།
མཐོ་རླབས་ཀྱི་དུས། ཞོགས་པར་འགྲིམ་འགྲུལ་མཐོ་རླབས་སྐབས་དང་ལྷག་པར་འཚང་ཁ་ཆེ་བའི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ཁྲོད། སྙིང་རྩ་འགག་པའི་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བ་དང་། འདི་ནི་འགྲིམ་འགྲུལ་གྱི་གནོན་ཤུགས་དང་མཁའ་དབུགས་སྤུས་ཚད་དང་འབྲེལ་བ་ཡོད།
འགུལ་སྐྱོད་དྲག་པའི་དུས། འགུལ་སྐྱོད་དྲག་པོ་བྱེད་སྐབས། སྙིང་གི་ཁུར་བོ་ཇེ་ལྕི་རུ་འགྲོ་བ་རེད། དུས་རྒྱུན་འགུལ་སྐྱོད་མི་བྱེད་པའི་སྙིང་གི་ཁྲག་རྩའི་ནད་པ་འགུལ་སྐྱོད་དྲག་པོ་བྱས་ཚེ། སྙིང་རྩ་འགག་པའི་ནད་འབྱུང་སྲིད།
སེམས་ཁམས་ལ་ངར་ལངས་དུས། སེམས་ཁམས་ལ་གཡོ་འགུལ་ཆེན་པོ་བྱུང་བ་སྟེ། དཔེར་ན་ངར་ལངས་པ་དང་ཁོང་ཁྲོ་ལངས་པ། སེམས་ཁུར་བྱེད་པ་སོགས་ཀྱིས་ཁྲག་ཤེད་ཇེ་མཐོ་རུ་འགྲོ་བ་དང་སྙིང་གི་ཁུར་བོ་ཇེ་ལྕི་རུ་བཏང་ནས། སྙིང་རྩ་འགག་པའི་ནད་འབྱུང་སྲིད།
གནམ་གཤིས་གྲང་ངར་ཆེ་དུས། གནམ་གཤིས་འཁྱག་པས་ཁྲག་རྩ་འཁུམ་པ་དང་སྙིང་གི་ཁུར་བོ་ཇེ་ལྕི་རུ་གཏོང་སྲིད། ཏོག་དབྱིབས་སྙིང་ནད་ཅན་གྱིས་གྲང་འགོག་དྲོད་འཛིན་ལེགས་པོ་མ་བྱས་ཚེ། སྙིང་རྩ་འགག་པའི་ནད་བྱུང་བ་རེད།
ལྟོ་བ་འགྲངས་པའི་རྗེས་སུ། ལྟོ་བ་འགྲངས་པའི་རྗེས་སུ་ཁྲག་རྒྱུན་གཙོ་བོ་ཕོ་རྒྱུ་རུ་འདུས་པས་སྙིང་གིས་ཁྲག་འདོན་པར་ཤུགས་རྐྱེན་ཐེབས་པ་རེད།
གཉིད་པའི་དུས། སྤྱིར་བཏང་དུ་སྙིང་རྩ་འགག་པའི་ནད་ནི་མི་རྣམས་གཉིད་པའི་རྗེས་སུ་མི་འབྱུང་མོད།  འོན་ཀྱང་ནད་པ་ཁ་ཤས་ཤིག་མཚན་མོར་གཉིད་ལས་སད་རྗེས་སྙིང་རྩ་འགག་པ་རེད། འདི་ནི་ལུས་པོའི་སྐུལ་རྩིའི་ཆུ་ཚད་འགྱུར་བ་དང་དབུགས་འབྱིན་རྔུབ་བྱེད་མཚམས་ཆད་པར་འབྲེལ་བ་ཡོད།
སྙིང་རྩ་འགག་པའི་ནད་ནི་རྐྱེན་མང་པོར་བརྟེན་ནས་བྱུང་བ་ཡིན་པས། ཉེན་ཁ་ཆེ་བའི་མི་ཚོགས་དང་ལྷག་པར་སྙིང་གི་ཁྲག་རྩའི་ནད་པ་དག་གིས་གོང་གི་ཉེན་ཁ་ཆེ་བའི་དུས་འདི་དག་ལ་མཉམ་འཇོག་བྱ་དགོས། །