ཤོག་སྦག་རྒྱག་སྐབས་ཀྱི་བདེ་འཇགས་གསལ་འདེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-08   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

1. བདེ་འཇགས་དང་ཁོར་སྲུང་གི་ཆེད་དུ། ཁྱེད་ཀྱིས་གང་ནུས་ཅི་ཐུབ་ཀྱིས་ཤོག་སྦག་ཉུང་ཙམ་རྒྱག་པའམ་ཡང་ན་ཤོག་སྦག་མི་རྒྱག་པར་ཞུ།

    2. ཤོག་སྦག་ཉུང་ཙམ་བརྒྱབ་ནས་མཁའ་དབུགས་གསར་པ་རྔུབ་རོགས།

    3. ཤོག་སྦག་རྒྱག་སྐབས་ཁྲིམས་ལྟར་རྒྱག་པ་དང་ཚུལ་མཐུན་གྱིས་རྒྱག་པ། བདེ་འཇགས་ཀྱིས་རྒྱག་པ་བཅས་བྱ་དགོས།

    4. ཁྱེད་ཀྱིས་ཚད་ལྡན་ཕྱིར་འཚོང་ས་ཚིགས་ནས་འཛད་སྤྱོད་པ་དཀྱུས་མས་བརྒྱབ་ཆོག་པའི་རིམ་པCདངDཅན་གྱི་ཤོག་སྦག་ཉོ་རོགས། ཤོག་སྦག་སྒམ་ཐོག་ཏུ《སྤྱིར་བཏང་ཤོག་སྦག་ཐུམ་སྒྲིལ་གྱི་མཚོན་རྟགས》སྦྱར་ཡོད་པས། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དང་ཆེད་ལས་ཤོག་སྦག་གི་རིགས་ཉོ་མི་རུང་།

    5.ཁྱེད་ཀྱིས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཤོག་སྦག་རྒྱག་མི་ཆོག་པའི་དུས་ཚོད་དང་གཤམ་གསལ་གྱི་ས་གནས་ཁག་ནས་ཤོག་སྦག་མི་རྒྱག་པར་ཞུ།

    རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་རླངས་འཁོར་ས་ཚིགས། གྲུ་ཁ། གནམ་གྲུ་ཐང་སོགས་འགྲིམ་འགྲུལ་ལྟེ་བ་དང་ལྕགས་ལམ་ལམ་ཐིག་གི་བདེ་འཇགས་སྲུང་སྐྱོབ་ཁུལ། འབར་གས་སླ་བའི་དངོས་རྫས་ཐོན་སྐྱེད་དང་གསོག་ཉར་སྡེ་ཁག གློག་སྐྱེལ་སྒྱུར་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་ཁུལ། སྨན་བཅོས་སྡེ་ཁག་དང་བྱིས་སྙོར་ཁང་། སློབ་གྲྭ་ཆུང་འབྲིང་། ནགས་རི། རྩྭ་ཐང་སོགས་གཙོ་གནད་མེ་ཟོན་ཁུལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཤོག་སྦག་རྒྱག་མི་ཆོག་པའི་ས་གནས་གཞན་དག་བཅས་སོ། །

    6.ཤོག་སྦག་མ་བརྒྱབ་གོང་དུ། ཁྱེད་ཀྱིས་ཤོག་སྦག་ཕྱི་ཐུམ་ཐོག་གི《ཤོག་སྦག་རྒྱག་སྐབས་ཀྱི་གསལ་བཤད》དང《བདེ་འཇགས་ཉེན་ཟོན་གྱི་ཚིག》ནན་ཏན་གྱིས་ལྟ་ཀློག་བྱས་ཏེ་ཡང་དག་པའི་བྱ་ཐབས་སྤྱད་ནས་རྒྱག་དགོས། 

    7.ཤོག་སྦག་ལ་མེ་བགོས་རྗེས་མྱུར་དུ་བདེ་འཇགས་ཀྱི་གནས་སུ་འགྲོ་དགོས། འབར་མ་ཐུབ་པ་དང་ཁ་མ་གྲགས་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། མྱུར་དུ་ཤོག་སྦག་དང་ཐག་ཉེར་བཅར་མི་རུང་བ་མ་ཟད། ཉུང་མཐར་ཡང་སྐར་མ15འགོར་རྗེས་ཐག་གཅོད་བྱ་དགོས།

    8. ནར་མ་སོན་པའི་བྱིས་པས་ཤོག་སྦག་རྒྱག་སྐབས་དེའི་ཁྱིམ་བདག་གམ་ཡང་ན་ནར་སོན་ཟིན་པའི་མི་གཞན་ཞིག་གིས་ལྟ་སྐྱོང་བྱ་དགོས།

    9.མི་ཚོགས་དང་རླངས་འཁོར། འཛུགས་སྐྲུན་དངོས་པོ་བཅས་ཀྱི་ཕྱོགས་སུ་ཤོག་སྦག་གཡུགས་མི་ཆོག ཁང་བརྩེགས་ནང་དང་ཁང་ཀླད། ཉི་གཡབ་བཅས་སུ་ཤོག་སྦག་རྒྱག་པའམ་ཡང་ན་ཕྱི་ཕྱོགས་སུ་གཡུགས་མི་ཆོག  མི་དང་འཁོར་རིགས་ཀྱི་བདེ་འཇགས་ལ་འགོག་རྐྱེན་བཟོ་མི་ཆོག ཁྲོན་ཚབ་ཀྱི་ཉེ་འགྲམ་དུ་ཤོག་སྦག་རྒྱག་མི་ཆོག  ཆང་གིས་བཟི་རྗེས་ཤོག་སྦག་རྒྱག་མི་ཆོག

    10. ཤོག་སྦག་བརྒྱབ་རྗེས་དུས་ཐོག་ཏུ་གཙང་ཕྱགས་བྱ་དགོས་ལ། མེ་རོ་ཡོད་པ་ཤེས་ཚེ་མྱུར་དུ་ཆུ་བླུག་ནས་མེ་གསོད་དགོས།

图片