གུང་གསེང་གི་ཉིན་དང་པོར་བདེ་ཆེན་གྱིས་ཡུལ་སྐོར་བ་3.92སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    གསར་འགོད་པས་ཁུལ་གུང་གསེང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་གི་ཉིན་དང་པོར(ཟླ་2ཚེས་10ཉིན)ཁུལ་ཡོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3.92ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་45.1%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་2713.55ཟིན་པ་དེ་དུས་མཚུངས་ལས་70.9%འཕར་བ་དང་ཁུལ་ཡོངས་ཀྱི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

    ད་ལོའི་དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་སྣེ་ལེན་ལས་དོན་ཡག་པོ་བསྒྲུབ་ཆེད། རང་ཁུལ་གྱིས་སྔོན་ལ་འཆར་འགོད་གྲ་སྒྲིག་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་བ་དང་། གུང་གསེང་རིང་གི་བདེ་འཇགས་ཞིབ་བཤེར་དང་དོ་དམ་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས་པ་དང་། བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་བྲིན་ཚོང་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ་གུང་གསེང་རིང་གི་ཁྲོམ་རའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་རེད།