ལོ་གསར་བཏང་རྗེས། བྱ་སྤྱོད་འདི་རིགས་ལ་དོ་སྣང་མཛོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-21   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་རྗེས། མི་མང་པོ་ཞིག་གི་དེ་སྔའི་ཉལ་དུས་དང་བཟའ་འཐུང་གི་གོམས་འདྲིས་ལ་འགྱུར་བ་ཐེབས་ཏེ། མཚན་སྐྱོང་དང་བག་མེད་ཟ་འཐུང་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པས། གཉིད་འཁྲུགས་པ་དང་ཕོ་རྒྱུ་འཁྲུགས་པ། ངལ་དུབ་དང་སེམས་ཁྲལ་ཆེ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེར་བརྟེན་པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བདེ་ཐང་ཐད་དྲན་སྐུལ་བྱས་དོན། གུང་གསེང་ཚར་ནས་ཕྱིར་ལོག་རྗེས་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས། དུས་ཆེན་གྱི་རྗེས་བཟའ་བཏུང་ལ་སྙོམ་སྒྲིག་བྱེད་པ་དང་། འོས་འཚམ་གྱི་སྒོ་ནས་ཟ་ཚད་ཉུང་དུ་བཏང་ནས་ཕོ་རྒྱུའི་གནོན་ཤུགས་ཆུང་དུ་གཏོང་དགོས། 

图片


ཡུལ་སྐོར་སྤྲོ་འཆམ་ཚར་ནས་ཕྱིར་ལོག་པའི་ཐོག་མའི་དུས་སུ། རང་ཉིད་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པར་དོ་སྣང་བྱ་དགོས། དཔེར་ན། ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་དབུགས་ལམ་གྱི་འགོས་ནད་དང་འབྲེལ་བ་ཡོད་པའི་ནད་རྟགས་ཐོན་ཚེ། གནས་ཚུལ་ལ་གཞིགས་ནས་ཁྱིམ་སྡོད་ངལ་གསོ་དང་སྨན་འཐུང་བ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། གལ་ཏེ་ནད་གཞི་ལྕི་རུ་སོང་བའམ་ཡང་ན་དེ་སྔའི་གཞི་ནད་མངོན་གསལ་དོད་པོས་ལྕི་རུ་སོང་ཚེ། འཕྲལ་མར་སྨན་པ་བསྟེན་དགོས་པ་ལས་ན་ཚ་ཡོད་བཞིན་ལས་ཀར་འགྲོ་མི་རུང་།

图片

དུས་ཆེན་རྗེས། ལུགས་མཐུན་ངང་ཟས་རིགས་རོལ་ནས། སྣུམ་དང་ཚྭའི་རིགས་ཉུང་ཉུང་དུ་གཏོང་བ་དང་། སྔོ་ཚལ་དང་ཤིང་འབྲས་སོས་པ་སོགས་དང་། དེ་བཞིན་སྤྲི་དཀར་དང་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་བཅའ་མང་ཙམ་ཟ་དགོས། དེ་དང་ཆབས་ཅིག ལུགས་མཐུན་ངང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་ཏེ། སྔ་ཙམ་ཉལ་ནས་སྔ་ཙམ་ལངས་དགོས་པ་དང་། རང་སྒེར་གྱི་གོམས་འདྲིས་ལྟར་འོས་འཚམས་ངང་ལུས་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཞན་ཡང་། ད་དུང་ཞི་ལྷོད་ཀྱི་གླུ་དབྱངས་ལ་ཉན་པ་དང་། དཔེ་ཀློག་བྱེད་པ། ཉི་མ་སྲོ་བ་སོགས་ཀྱིས་ལུས་སེམས་ལྷོད་ལ་འབབ་ཏུ་འཇུག་དགོས།