ཅི་ཞིག་ལ་ཁྱོ་ཤུག་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-23   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

        རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1063པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་རྒྱུ་ནོར་དག་ཁྱོ་ཤུག་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་ཡིན་པ་སྟེ།

        (གཅིག) གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་གི་རྒྱུ་ནོར།

        (གཉིས) ཕྱོགས་གཅིག་ལ་མི་ལུས་གནོད་སྐྱོན་ཐེབས་པས་སྐྱིན་ཚབ་བམ་གུན་གསབ་ཐོབ་པའི་རིགས།

        (གསུམ) ཁ་ཆེམས་སམ་འབུལ་སྐྱེས་དབུལ་རྒྱུའི་གན་རྒྱའི་ནང་ཕྱོགས་གཅིག་ཁོ་ནར་དབང་བར་གཏན་འཁེལ་བྱས་པའི་རྒྱུ་ནོར།

        (བཞི) ཕྱོགས་གཅིག་གི་ཆེད་སྤྱོད་འཚོ་བའི་མཁོ་ཆས།

        (ལྔ) ཕྱོགས་གཅིག་ལ་དབང་དགོས་པའི་རྒྱུ་ནོར་གཞན་བཅས་སོ། །