རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་3པའི་ཚེས་13ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་དུ་བསྐྱོད་དེ་བརྟག་ཞིབ་གནང་བ་རེད། ཁོང་གིས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དུས་ཚོད་ཀྱི་མྱུར་ཚད་དམ་འཛིན་བཅས་བྱས་ནས་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
བདེ་ཆེན་ཧྲུན་ཡོན་སྐྱེ་དངོས་ཚད་ཡོད་ཀུང་སིར་ཕེབས་དུས་ལུའོ་ཁྲའོ་ཧྥེང་གིས་ཀུང་སིའི་འཛུགས་སྐྲུན་འཕེལ་རྒྱས་དང་། འཆར་འགོད་བཀོད་སྒྲིག གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། བཟའ་བྱའི་ཤ་མོ་ཐོན་ལས་གླིང་དུ་ཐོན་ལས་གླིང་འཛུགས་སྐྲུན་གྱི་འཕེལ་རིམ་དང་ཚོང་འགུགས་མ་འདྲེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་བྱས། སེམས་ཀྱི་ཉི་ཟླའི་འབྲི་ཆུའི་སྟོད་རྒྱུད་ཀྱི་རང་སའི་ཉ་རིགས་གསོ་སྤེལ་དང་སྐམ་སའི་ཆུའི་སྣོད་བཅུད་ཉ་ལས་རྣམ་གྲངས་ས་ཚིགས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ཉན་པ་དང་། སེམས་ཀྱི་ཉི་ཟླའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་དུ་གྲངས་གཞི་ཆེ་མོའི་ནུས་སྤྲོད་ཁེ་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། ཁུན་ལྕགས་དུས་ཐེངས་གཉིས་པའི་རྣམ་གྲངས་ས་ཚིགས་སུ་ཁེ་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་དེ་བཞིན་ལྷག་པའི་དཀའ་ངལ་ལ་གསན་པ་རེད། ཁོང་གིས་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་ཐོན་ལས་གླིང་གིས་ཐུན་མོང་ཐོག་ཤུགས་བརྒྱབ་ནས་རང་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས་པར་བསྟན་ཡོད།
ལུའོ་ཁྲའོ་ཧྥེང་གིས་བརྟག་ཞིབ་གནང་སྐབས། ད་ལོ་ནི་ཡུན་ནན་ཞིང་ཆེན་གྱི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱི“ལོ་གསུམ་སྐས་རིམ་གསར་པར་སླེབས་པའི”འགག་རྩའི་ལོ་ཞིག་ཡིན་པས་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་གིས“3815”འཕེལ་རྒྱས་ཀྱི་འཐབ་ཇུས་དང་གཞི་གཅིག་ཅན་གྱིས“ཐོན་ཁུངས་དཔལ་འབྱོར་དང་། འགག་སྒོའི་དཔལ་འབྱོར། གླིང་ཁུལ་གྱི་དཔལ་འབྱོར”བཅས་ལ་སྐུལ་འདེད་གཏོང་རྒྱུའི་ལས་ཀའི་བླང་བྱར་དམ་པོར་དམིགས་ཏེ་གླིང་ཁུལ་གྱི་གཙོ་འགན་འཁུར་མཁན་ལ་སྔར་བས་དམིགས་པ་དང་། “སྙིང་སྟོབས་བཞི་སྟོང་”དང་“བྱེད་ཐབས་ཆེན་པོ་གཉིས་”ཟམ་མི་ཆད་པར་དངོས་སུ་དམ་འཛིན་དང་དངོས་སུ་ནང་འདྲེན། ནང་དུ་གསོ་སྐྱོང་བྱེད་པ་བཅས་ལག་ལེན་དུ་བསྟར་ནས། གླིང་ཁུལ་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་སྟེ་གང་མགྱོགས་ཐོན་སྐྱེད་ཀྱི་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་ཏེ་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་གི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་མཐུན་སྦྱོར་ཡོང་བ་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རྣམ་གྲངས་ལས་འགོ་ཚུགས་པ་དང་། འཛུགས་སྐྲུན། ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཏན་ཏིག་བྱེད་པ་དང་། ཁེ་ལས་ཀྱི་མཐུན་སྦྱོར་ཞབས་ཞུར་ཤུགས་སྣོན་རྒྱག་པ། མིག་སྔའི་ཕན་པ་ལྡན་པའི་ཨར་སྐྲུན་གྱི“དུས་ཚིགས་ཡག་ཤོས”དམ་འཛིན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
རང་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་ཡོད།