རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
པར་འདི་ནི་ཟླ3པའི་ཚེས24ཉིན་བོད་ལྗོངས་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གི་རོང་འབྲོག་པས་དཔྱིད་ཀའི་ཇ་ལོ་འཐོག་པའི་རྣམ་པ་རེད།
ཚེས25ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་ཤེས་གསལ་ལྟར་ན། མེ་ཏོག་རྫོང་གི་མུའུ་ཁྲི1ཡན་གྱི་རི་མཐོའི་ཇ་ཞིང་དུ་ཟླ3པའི་ཚེས18ཉིན་ཐེངས་དང་པོའི་དཔྱིད་ཀའི་ཇ་ལོ་འཐོག་པའི་ལས་དོན་སྤེལ་ཤིང་། མིག་སྔར་གང་སར་དཔྱིད་ཀའི་ཇ་ལོ་འཐོག་པའི་དུས་ཚིགས་སུ་སླེབས་ཡོད་པས་ས་གནས་ཀྱི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱིས་བྲེལ་བའི་ངང་ཇ་ལོ་འཐོག་བཞིན་ཡོད། མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་ཤིང་། དེ་ནི་ཀྲུང་གོའི་ཆེས་ཐག་རིང་ལུང་ཁུག་གི་ས་ཁུལ་གཅིག་གྲས་ཡིན། 2013ལོའི་ཟླ10པར། ལོ་ངོ་བཅུའི་རིང་ཡང་དང་བསྐྱར་དུ་སྐྲུན་པའི་ཁྲབ་མེ་གཞུང་ལམ(སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང)དུ་གཞུང་ལམ་ཤར་གཏོང་བྱུང་ནས། མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། 2012ལོ་ནས་བཟུང་། མེ་ཏོག་རྫོང་གིས་ཧྥུ་ཅན་དང་ཀོང་ཏུང་ཞིང་ཆེན་གྱི་རོགས་སྐྱོར་འོག་ཇ་ལོ་འདེབས་འཛུགས་ཁྱབ་གདལ་དུ་བཏང་། ཉེ་བའི་ལོ་འགའི་རིང་། མེ་ཏོག་རྫོང་གིས“ཞིང་འབྲེལ་ཞིང་ཁྲིད”ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཧུར་ཐག་བཙུགས་ནས། ཇ་ལོའི་ཁེ་ལས་དང་ཇ་འདེབས་མཁན་གྱི་ཐོན་སྐྱེད་ཀྱི་ཧུར་ཐག་རང་བཞིན་ནུས་ལྡན་སྒོས་ཆེ་རུ་བཏང་བ་དང་། ཇའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། མིག་སྔའི་བར། མེ་ཏོག་རྫོང་དུ་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ར103སྐྲུན་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་མུའུ་ཁྲི1.9ཟིན་པ་དང་ཇ་ལོ་འཐོག་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི105ལ་སླེབས་ཡོད།
ཤེས་གསལ་ལྟར་ན། 2023ལོར་མེ་ཏོག་རྫོང་གིས་ཇ་ལོ་རྒྱ་མ་ཁྲི50འཇོག་པ་དང་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི500ཡན་འཕར་ནས་ཇ་ལོ་འདེབས་འཛུགས་དེ་མང་ཚོགས་ཕྱུག་འགྱུར་གྱི“གསེར་གྱི་ལོ་མ”ལྟ་བུའི་གྱུར་ཡོད། གཞན་ཡང་། 2023ལོར་མེ་ཏོག་རྫོང་གི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས་སྒོར23026ལ་སླེབས་ཡོད། །
པར་འདི་ནི་ཟླ3པའི་ཚེས24ཉིན་བོད་ལྗོངས་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གི་རོང་འབྲོག་པས་འཐོག་པའི་དཔྱིད་ཀའི་ཇ་ལོ་རེད།
པར་འདི་ནི་ཟླ3པའི་ཚེས20ཉིན་བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མིས་དཔྱིད་ཀའི་ཇ་ལོ་འཐོག་པའི་རྣམ་པ་རེད།
པར་འདི་ནི་ཟླ3པའི་ཚེས24ཉིན་བོད་ལྗོངས་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གི་ཇ་ལོ་ཉོ་སྒྲུབ་ས་ཚིགས་ཀྱི་ཡུལ་དངོས་རྣམ་པ་རེད།