ཉི་འབྲུའི་དགེ་མཚན་དང་སྐྱོན་ཆ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-03   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

    ཉི་འབྲུ་ཟ་བར་དབྱིངས་ཞུགས་སླ་བ་ནི་ཉི་འབྲུའི་དམིགས་བསལ་གྱི་བྲོ་བ་ཞིམ་པོ་དེས་མིའི་ལྕེ་སྟེང་གི་རོ་འཛིན་འབུར་མར་ཕོག་ཐུག་བཟོས་པ་དང་། དེ་རྗེས་ཀླད་པའི་ཟ་འདོད་ལྟེ་བ་བརྒྱུད་དེ་མཆིལ་མའི་རྨེན་རྩ་སོགས་འཇུ་བྱེད་དབང་བོར་བརྡ་བཏང་ནས་དེ་ལ་ངར་བསླངས་པས་ཡིན་ལ། ཁྱད་པར་དུ་ཁྲོམ་རའི་ཐོག་གི་ཉི་འབྲུ་སྣ་ཚོགས་ནི་དེ་བས་ཀྱང་ཁ་ལ་ཞིམ་ཞིང་ཟ་འདོད་ཀྱི་འགྲམ་ཆུ་ལྡང་བར་བྱེད། འོན་ཀྱང་ཉི་འབྲུ་ལའང་དགེ་མཚན་དང་སྐྱོན་ཆ་གཉིས་ཀ་ཡོད་པས་གཤམ་ནས་རེ་རེ་བཞིན་གླེང་བར་བྱ།
༡ ཉི་འབྲུ་ཟ་སྐབས་མཆིལ་མ་མང་པོ་འཛད་སླ་བ།
       ཉི་འབྲུ་བཟའ་རྒྱུ་མང་དྲགས་ན་ཟགས་ཆུར་གནོད་དེ། བསྡོམས་རྩིས་བྱས་པ་ལྟར་ན་ཉིན་རེར་ཉི་འབྲུ་ཁེ125ཟོས་ན་མཆིལ་མ་ཧའོ་ཧྲིན10ཟགས་ཐོན་བྱེད་པ་དང་། དེ་ལྟར་བྱས་ན་མཆིལ་མ་ཟགས་ཐོན་གཤེར་རྨེན་གྱི་ཁུར་བོ་ཇེ་ལྕིར་འགྲོ་བར་མ་ཟད་ལུས་ནང་གི་དངོས་པོ་མང་པོ་ཟད་གྲོན་གཏོང་བ་ཡིན། ཡུན་རིང་བོར་དེ་ལྟར་བྱས་ན་རོ་འཛིན་རྟུལ་བར་འགྱུར་ཞིང་ཡི་ག་ཇེ་ཞན་དུ་འགྲོ་བ་དང་། ཐ་ན་ཕོ་བ་འཁུམ་ཡང་སྲིད། མི་མང་པོ་ཞིག་གིས་ཉི་འབྲུ་ཟས་རྗེས་ཁ་ལྕེ་སྐམ་པ་ནི་མཆིལ་མ་འཛད་དྲགས་ཏེ་ཟགས་ཆུར་གནོད་སྐྱོན་བཟོས་པས་ཡིན། གལ་ཏེ་ཉི་འབྲུ་ཟ་སྐབས་ཇ་ལྗང་ཞིག་སྦངས་ཏེ་ཁམ་ཆུང་ངུས་དལ་ལྷོད་ངང་འཐུངས་ན་གནད་དོན་དེ་སེལ་བར་ཕན།
༢ ཉི་འབྲུར་ལས་སྣོན་བྱེད་སྐབས་རྫས་སྣ་ཚོགས་བཏབ་ཡོད་པ།
       ཉི་འབྲུ་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་བྲོ་རྫས་དང་ཚྭ་ཁུ། ཨར་དམར་རྒྱུ་འདུས་པའི་ཟི་ར་དཀར་པོ་དང་ཤིང་ཚ། གཡེར་མ་སོགས་མང་དུ་བཏབ་ཡོད་ལ། ཨར་དམར་རྒྱུ་ཡིས་སྲོག་ཆགས་ཀྱི་འབྲས་སྐྲན་སྐྱེད་པ་ར་སྤྲོད་བྱས་ཟིན་པས། ཡུན་རིང་བོར་ཟ་མཁན་གྱིས་དོ་སྣང་བྱ་འོས། དེར་མ་ཟད་ཚྭ་ཁུ་ཟ་ཚད་མང་དྲགས་ན་ཚྭ་ཁུ་ཁྲག་རྩའི་ཁྲོད་འགག་སྲིད་པ་དང་། དེ་ལ་རྐྱེན་བྱས་ཏེ་ཁྲག་རྩའི་འགོག་ཤུགས་ཇེ་ཆེར་གཏོང་། གཞན་ཕྲ་ཕུང་ཕྱི་ནང་གི་ནཱའི་གར་ཚད་ལ་འགྱུར་བ་ཐེབས་ན་ཁྲག་ཤེད་ཇེ་མཐོར་འགྲོ་ལ་ཉི་འབྲུར་སྣུམ་ཤེད་ཆེ་བས་བཟའ་རྒྱུ་མང་དྲགས་ན་ཚོ་འབུད་པ་དང་ཁྲག་ཞག་མཐོ་བ། མཆིན་ཚིལ་སོགས་ཀྱི་ནད་སློང་སྲིད།
༣ ཉི་འབྲུ་ལས་སྣུམ་བཙགས་ཆོག
       ཉི་འབྲུ་ནི་ཐད་ཀར་ཟས་ཆོག་པ་ལས་གཞན་སྣུམ་བཙགས་ཀྱང་ཆོག ཉི་འབྲུའི་སྣུམ་ནི་དྭངས་ཤིང་གཙང་ལ་བྲོ་བ་ཞིམ་ཞིང་སྤུས་ཀ་དག་པས། “མཐོ་རིམ་བཟའ་རུང་སྣུམ”དང“བདེ་ཐང་སྣུམ”གྱི་མཚན་སྙན་ཡོད། བཟའ་བཅའི་རྫས་འགྱུར་བརྟག་དཔྱད་ཀྱིས་ར་སྤྲོད་བྱས་པ་ལྟར་ན། ཉི་འབྲུའི་སྣུམ་གྱི་སྣུམ་སྐྱུར་ཕལ་བ་འདུས་ཚད་ནི་སྲིང་བལ་སྣུམ་དང་སྲན་སྣུམ། བ་དམ་གྱི་སྣུམ། ཏིལ་སྣུམ་སོགས་ལས་ཀྱང་མཐོ་བས། དུས་རྒྱུན་ཉི་འབྲུའི་སྣུམ་སྤྱད་ན་ཁྲག་ཤེད་མཐོ་བ་དང་འཕར་རྩ་སྲ་འགྱུར། སྙིང་རྩ་རེངས་འཁུམ་སོགས་ལ་ཕན་ཐོགས་ཆེ་བར་མ་ཟད། སྣུམ་སྐྱུར་ཕལ་བ་ཆད་པ་ལས་བྱུང་བའི་འཚོ་བཅུད་ཞན་པའི་ནད་དེ་སྐྱི་ལྤགས་སྐམ་ཐལ་ཆེ་བ་དང་ན་རྒས་སྐྱ་འགྲིབ་མིག་ནད་སོགས་ལའང་ཚོད་འཛིན་གྱི་ནུས་པ་ཐོན་ཐུབ་ཅིང་། བདེ་ཐང་གི་མིའི་གཟུགས་གཞི་ཇེ་སྟོབས་སུ་གཏོང་བ་དང་ནད་འགོག་པ་སོགས་ལའང་ཕན། གཞན་ཉི་འབྲུའི་སྣུམ་གྱིས་མིས་བཟོས་འོ་མ་དང་སྲ་གཟུགས་ཀྱི་སྣུམ་སོགས་བཟོས་ཆོག(图片来源:百度)