རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-09   རྩོམ་ཁུངས།    青海藏文法治报
ཉེ་ལམ་ཚན་རིག་དུས་དེབ《དབྱིངས་ཞུགས》ཞེས་པར་ཞིབ་འཇུག་གྲུབ་འབྲས་གསར་པ་ཞིག་སྤེལ་བ་ལྟར་ན། དུ་བ་འཐེན་ནས་ཡུན་རིང་མ་ཕྱིན་པ་དང་ཚེ་གང་བོར་དུ་བ་འཐེན་པ་གང་ཡིན་ཡང་དེས་གསུས་ཁོག་གི་ཚིལ་ཇེ་མཐུག་ཏུ་གཏོང་ངེས་ལ། ལྷག་པར་ནང་ཁྲོལ་གྱི་ཚིལ་ཇེ་མཐུག་ཏུ་འགྱུར་ངེས། ནང་ཁྲོལ་གྱི་ཚིལ་མང་དྲགས་ན་སྙིང་ནད་དང་གཅིན་སྙི་ཟ་ཁུ། གཟའ་ཕོག་པ། ཧོན་ལོག་པ་སོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ།