དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-17   རྩོམ་ཁུངས།    རྔ་སྒྲ།

        གཅིག སྐྱ་འགྲིབ་གཤག་བཅོས། སྐྱ་འགྲིབ་ཞེས་པ་ཅི་ཞིག་ཡིན་ནམ།

        རྒྱུན་ལྡན་གྱི་མིའི་མིག་གི་ནང་ལོག འཇའ་སྐྱིའི་རྒྱབ་ཕྱོགས་སུ་ཕྱི་ནང་གསལ་བའི་འབུར་གཟུགས་གཉིས་ཡོད། དེ་ནི་ཆུ་ཤེལ་གཟུགས་ཞེས་པ་དེ་ཡིན། ཆུ་ཤེལ་གཟུགས་སུ་མངོན་གསལ་གྱི་འབྲུམ་པའམ་རྙོག་གཟུགས་བྱུང་བའམ་མཐོང་བྱེད་ནུས་པར་གནོད་འཚེ་ངེས་ཅན་བྱུང་ཡོད་པ་ལ་སྐྱ་འགྲིབ་ཟེར།
        སྐྱ་འགྲིབ་འབྱུང་བར་ཕྱོགས་མང་པོའི་རྒྱུ་རྐྱེན་ཡོད་པ་རེད། དེ་ལས་རྨས་སྐྱོན་དང་འོད་འཕྲོ། སྔོན་ལས།གཅིན་སྙི་རང་བཞིན་གྱི་སྐྱ་འགྲིབ་སོགས་ནད་རྐྱེན་མངོན་གསལ་བ་ཕུད། སྐྱ་འགྲིབ་འབྱུང་བའི་བརྒྱུད་རིམ་སོགས་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་པས་རྒྱུ་རྐྱེན་གསལ་བོ་ད་དུང་རྙེད་མེད་པ་རེད། ནད་ཐོག་ལག་ལེན་ཐོག་སྐྱ་འགྲིབ་ནི་རྒས་པའི་སྐྱ་འགྲིབ་དང་སྔོན་ལས་ཀྱི་སྐྱ་འགྲིབ། མཚོན་རྨས་ཀྱི་སྐྱ་འགྲིབ། འདུས་ནད་རང་བཞིན་གྱི་སྐྱ་འགྲིབ་བཅས་ལུས་ཀྱི་ནད་གཞིས་བསྐྱེད་པའི་སྐྱ་འགྲིབ་ལ་རིགས་འགའ་ཡོད་པ་རེད། སྐྱ་འགྲིབ་ཀྱིས་མཐོང་བྱེད་ནུས་པ་སྐྱོན་ཅན་དུ་གཏོང་སྲིད། འོན་ཀྱང་གཤག་བཅོས་བྱས་ན་མཐོང་བྱེད་ནུས་པ་ཚད་ངེས་ཅན་གྱི་སླར་སོས་ཡོང་ཐུབ་པ་རེད།

        གཉིས། འོན་པའི་ཐོས་བྱེད་ནུས་པ་སྦྱོང་བརྡར་བྱེད་པ།

        ཐོས་བྱེད་ནུས་པ་སྐྱོན་ཅན་ནི་རྐྱེན་སྣ་ཚོགས་ཤིག་གི་དབང་གིས་ཐོས་བྱེད་ནུས་པ་ཉམས་པར་གྱུར་བ་མ་ཟད་རྒྱུན་ལྡན་ལྟར་སྐད་ཆར་ཉན་ནས་འབྲེལ་འདྲིས་བྱེད་དཀའ་བ་ཡིན།
        ཐོས་བྱེད་ནུས་པ་གསོ་ཐབས།
        1. སྔོན་ནས་སྐྱོན་བྱུང་བ་རྟོགས་ན་ཐོས་བྱེད་ནུས་པ་ཉམས་མེད་པས་དཔྱད་ཞིབ་བྱས་པ་བརྒྱུད་ཐོས་བྱེད་འཕྲུལ་ཆས་བེད་སྤྱད་ནས། ཐོས་བྱེད་ནུས་པ་སྦྱོང་བརྡར་བྱས་ན་ཆོག
        2. ཐོས་བྱེད་ནུས་པ་ཉམས་ནས་འོན་པར(འོན་པ་རིམ་པ་དང་བོ) སྔ་སེ་ནས་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱེད་པ་དང་། མིས་བཟོས་རྣ་འཁྱིལ་བཟོས་ཏེ་སྦྱོང་བརྡར་བྱེད་དགོས།
        3. འོན་པའི་ཁམས་གསོ་སྡེ་ཁག་དུ་སོང་ནས་ཐོས་བྱེད་ནུས་པར་སྦྱོང་བརྡར་བྱེད་པའམ་ཆེད་ལས་མི་སྣས་མཛུབ་སྟོན་འོག་རང་ཁྱིམ་་ནས་སྦྱོང་བརྡར་བྱེད་ཆོག སྦྱོང་བརྡར་བྱེད་པའི་ལོ་ཚོད་ཆེས་བཟང་ཤོས་ནི0--7བར་ཡིན་ལ། ལོ་ཕྱེད་ཡན་ནམ་ཡུནརིང་སྦྱོང་བརྡར་གྱི་རྒྱུན་སྐྱོང་ཐུབ་ན་ཕན་པ་ངེས་ཅན་ལྡན།
        4. འོན་པའི་ཁྱིམ་བདག་གིས་འོན་པའི་ཁམས་གསོ་ཤེས་བྱ་ཁོང་དུ་ཆུད་དགོས་པ་མ་ཟད། འོན་པའི་སྐད་བརྡ་སྦྱོང་བརྡར་བྱེད་ཐབས་ཀྱང་ཡིད་ལ་ངེས་དགོས། ཁྱིམ་བདག་གིས་རྒྱུན་པར་འོན་པར་སྐད་ཆའི་སྦྱོང་བརྡར་བྱེད་པ་རྒྱུན་སྐྱོང་དགོས་པ་ཡིན། ཁྱིམ་བདག་གིས་འགན་ཁུར་ན་འོན་པར་ཕན་འབྲས་ངེས་ཅན་འབྱུང་ཐུབ།
        གསུམ། ཡན་ལག་སྐྱོན་ཅན་གསོ་ཐབས།
        ཡན་ལག་སྐྱོན་ཅན་ནི་ཡན་ལག་མ་ཚང་བའམ་བྱང་ཁོག་བེམ་སྦྲིད་དང་ཡ་མ་གཟུགས་ཅན་ལ་ཟེར་ཞིང་། མིའི་ལུས་པོའི་འགུལ་སྐྱོད་མ་ལག་གི་ནུས་པ་ཉམས་པའམ་སྐྱོན་ཅན་དུ་འགྱུར་བར་བྱེད་པ་ཡིན།
        གསོ་ཐབས་གཙོ་བོ།
        1.གཤག་བཅོས་བྱས་ཏེ་ཡོ་བསྲང་བྱེད་པ་ལས་རྒྱུན་ལྡན་གྱི་ཐབས་ཤེས་ནི། གཟུགས་འགྱུར་བ་ཡོ་བསྲང་བྱེད་པ་དང་། ཤ་རྒྱུས་སྤོར་བ།རུས་ཚིགས་སྒྲིག་པ། རྐང་བའི་རིང་ཐུང་ཆ་སྙོམས་བྱེད་པ་སོགས་ཀྱི་གཤག་བཅོས་བྱེད་དགོས་པ་ཡིན།
        2.ནུས་པ་སྦྱོང་བརྡར་བྱེད་ཐབས།དངོས་ཁམས་འགུལ་སྐྱོད་ཀྱི་བཅོས་ཐབས(PT)དང་(OT)བཅོས་ཐབས་བེད་སྤྱོད་པ།
        རྒྱུན་སྤྱོད་ཐབས་ཤེས་ནི་འགུལ་སྐྱོད་བྱེད་དུ་འཇུག་དགོས(ལག་འཕུར། འཕུར་མཉེད། འཐེན་པ་སོགས་ཀྱི་ལག་ཐབས་བཀོལ་ནས་འཁུམས་རེངས་བྱུང་བ་སེལས་ཐབས་བྱེད་པ)  འགུལ་སྐྱོད(འགུལ་སྐྱོད་རོགས་འདེགས་འཕྲུལ་ཆས་དང་དབྱུག་རྟེན། འདེགས་སྒྲོམ་སོགས་བེད་སྤྱད་ནས་འགུལ་སྐྱོད་བྱེད་དུ་འཇུག་པ)རོགས་འདེགས་བྱེད་པ། རང་འགུལ(རྒྱུན་པར་འགོག་ཤུགས་འཕྲུལ་ཆས་དང་ས་སྒྱེ།འཕར་སོགས་ཤ་རྣག་གི་ནུས་གསོ་ཐབས་བྱེད་པ)འགུལ་སྐྱོད་བྱེད་པ།
        3. དམིགས་བསལ་གྱི་ལག་ཆས་སམ་རོགས་འདེགས་འཕྲུལ་ཆས་བེད་སྤྱད་ན་ཆོག་སྟེ།དཔེར་ན། ཡན་ལག་རྫུན་མ་དང་། བཅོས་བསྲང་ཡོ་ཆས། འདེད་འཁོར་སོགས་སོ།།

        བཞི། སྨྱོ་ནད་འགོག་བཅོས་བྱེད་ཐབས།

        སྨན་རྫས་དང་ལས་འབྲེལ་སྨན་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་ནས། ནད་པའི་ཁྱིམ་གྱི་འཚོ་བ་དང་ལས་རིགས། སྤྱི་ཚོགས་སྟེང་གི་ཤན་ཤུགས་སོགས་སླར་གསོ་བྱས་ཏེ། སྤྱི་ཚོགས་སྟེང་ནས་རང་ཁ་རང་གསོ་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་བྱས་ནས་ནད་པ་རང་ཉིད་དང་ཁྱིམ་ཚང་གི་དཀའ་སྡུག་ཇེ་ཉུང་དུ་གཏོང་ཐབས་བྱེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པ་རེད།
        གསོ་ཐབས་གཙོ་བོ།
        1. སྨན་འཐུང་བར་ལྟ་རྟོགས་བྱེད་པ། ཁྱིམ་བདག་དང་ཞིང་སྡེའི་སྨན་པ། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་སོགས་དུས་བཅད་ལྟར་བཅར་ནས་ནད་ཚུལ་ཟིན་ཐོར་འགོད་པ་དང་དུས་ལྟར་སྨན་འཐུང་བར་ལྟ་རྟོགས་བྱེད་པ། སྨན་བཅོས་ཁམས་གསོ་བྱེད་ཐབས་ཀྱི་སེམས་ཁམས་མཛུབ་སྟོན་བྱེད་པ་དང་དཀའ་ངལ་ཐག་གཅོད་བྱེད་པ། རང་རྨས་དང་གཞན་ལ་གནོད་བྱེད་པ་སོགས་སྔོན་འགོག་བྱེད་དགོས།
        2. ལས་འབྲེལ་སྨན་བཅོས་བྱེད་པ། སྨྱོ་ནད་ཅན་རང་གི་ནུས་པ་ལ་བརྟེན་ནས་ངལ་རྩོལ་ལུ་ཞུགས་ཏུ་འཇུག་པ་དང་སྤྱི་ཚོགས་དང་མཐུན་པའི་སྦྱོང་བརྡར་དང་རིག་རྩལ་བྱེད་སྒོ་སོགས་སྤེལ་དུ་འཇུག་པ་དང་མཉམ་དུ་སྨན་བཅོས་མི་སྣས་ལྟ་སྐྱོང་བྱེད་དགོས། 
        3. སྤྱི་ཚོགས་སུ་ཞུགས་པ། ནད་རྟགས་ཡང་བའམ་ནད་ཚུལ་ཚོད་འཛིན་ཐུབ་པའི་ནད་པར་སྤྱི་ཚོགས་སུ་ཞུགས་པའི་ཆ་རྐྱེན་བསྐྲུན་དགོས་ལ། རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བ་དང་ལས་ཀ། སློབ་སྦྱོང་སོགས་སུ་ཞུགས་ཏུ་འཇུག་དགོས།