ཁྲག་ཤེད་མཐོ་བའི་ནད་གློ་བུར་འཕར་ན་ཇི་ལྟར་མྱུར་སྐྱོབ་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-17   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

        01ནད་པར་གློ་བུར་དུ་སྙིང་གཡུགས་ཏེ་དབུགས་ཆད་ལ་ཁད་བྱེད་པ་དང་ཀེར་སྡོད་འབྱིན་རྔུབ་བྱེད་པ། ཁ་ཤ་སྨུག་པོར་འགྱུར་བ། རྐང་ལག་གི་གྲུང་ཤ་ཉམས་པ། ལུད་པའི་ནང་ཝུ་བ་དམར་པོ་འདྲེས་པ་སོགས་བྱུང་ན་དོས་དྲག་རང་བཞིན་གྱི་སྙིང་གཡོན་པ་ཉམས་པའི་ནད་རྟགས་ཡིན་པས། ནད་པར་རྐང་པ་གཉིས་མར་དཔྱངས་ཏེ་ཙོག་ཏུ་འཇུག་པ་དང་། གལ་ཏེ་དབྱང་སྒྱེ་གྲ་སྒྲིག་བྱས་ཡོད་ཚེ། ནད་པར་དུས་ཐོག་ཏུ་དབྱང་རླུང་རྔུབ་ཏུ་བཅུག་རྗེས། མགྱོགས་མྱུར་སྒོས་མྱུར་སྐྱོབ་ལྟེ་གནས་ལ་བརྡ་བརྒྱག་དགོས།

        病人突然心悸气短,呈端坐呼吸状态,口唇发绀,肢体活动失灵,伴粉红泡沫样痰时,要考虑有急性左心衰竭,应吩咐病人双腿下垂,采取坐位,如备有氧气袋,应及时吸入氧气,并迅速通知急救中心。

        02ཁྲག་ཤེད་གློ་བུར་དུ་ཇེ་མཐོར་སོང་སྟེ་ཞེ་མེར་ལངས་པ་དང་སྐྱུག་པ། མགོ་ན་བ། སེམས་འཚབ་པ། གཅིན་ཡང་ཡང་གཏོང་དགོས་པ། མཐོང་ལམ་རབ་རིབ་ཏུ་གྱུར་པ་སོགས་བྱུང་ན་ཁྲག་ཤེད་མཐོ་བའི་ཀླད་ནད་བྱུང་བའི་རྟགས་ཡིན་པས། ནད་པར་སེམས་གསོ་བྱས་ཏེ་འཚུབ་ཆ་མི་ལངས་པར་མར་ཉལ་ནས་ངལ་གསོ་རུ་འཇུག་པ་དང་། དུས་ཐོག་ཏུ་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་བསྟེན་དགོས། ལོ་ན་མཐོ་བའི་ནད་པར་གཅིན་ཤོར་སླ་བས་གཅིན་འབེབས་སྨན་དང་ལྷོད་གཏོང་སྨན་སོགས་ཀྱང་བསྟེན་འོས།

        血压突然升高,伴有恶心、呕吐、剧烈头痛、心慌、尿频,甚至视线模糊,即已出现高血压脑病。家人要安慰病人别紧张,卧床休息,并及时服用降压药,还可另服利尿剂、镇静剂(高龄患者禁服)等。

        03ནད་པས་ངལ་རྩོལ་བྱས་པའི་རྗེས་དང་དགའ་དྲགས་པའི་རྗེས་སུ་སྙིང་གཟེར་བ་དང་། ཐ་ན་སྙིང་རྩ་འགག་པའམ་དོས་དྲག་རང་བཞིན་གྱི་སྙིང་ནུས་ཉམས་པ། སྙིང་ཁ་ན་བ་དང་སྙིང་ཁ་བསྡམས་པ། སྐེ་དང་ཕྲག་པ་གཡོན་པ། ལག་པ་སོགས་ན་བ། ངོ་མདོག་སྐྱ་བོར་གྱུར་པ། རྔུལ་ཆུ་ཐོན་པ་སོགས་བྱེད་ན་དེ་མ་ཐག་ནད་པའི་རྐང་པ་གཉིས་མར་དཔྱངས་ཏེ་ཙོག་ཏུ་འཇུག་པ་ལས་ལོག་ཏུ་འཇུག་མི་རུང་བ་དང་། ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་དང་གཅིན་འབེབས་སྨན་སོགས་བསྟེན་དགོས།

        病人在劳累或兴奋后,发生心绞痛,甚至心肌梗塞或急性心力衰竭,心前区疼痛、胸闷,并延伸至颈部、左肩背或上肢,面色苍白、出冷汗,此时应叫病人双腿下垂,采取坐位,避免平躺,并可以服用降压药、利尿剂。

        04ཁྲག་ཤེད་མཐོ་བའི་ནད་པར་ནད་འཕར་ཚེ་ཀླད་རྩར་ཉེན་ཁ་ཆེ་ལ། མགོ་ན་བ་དང་སྐྱུག་པ་ལས་གཞན། ཚབས་ཆེ་ན་འདུ་ཤེས་ཉམས་པ་དང་རྐང་ལག་ཞ་འཁུམས་སོགས་ཀྱང་འབྱུང་སྲིད་པས། འདུ་ཤེས་ཉམས་པའི་གནས་ཚུལ་འོག་སྐྱུག་རོ་དབུགས་ལམ་དུ་མི་རྒྱུག་ཆེད་ནད་པ་དྲང་མོར་ལོག་ཏུ་བཅུག་སྟེ་མགོ་བོ་གཞོགས་ཤིག་ལ་འཁོར་དུ་འཇུག་དགོས་པ་དང་། དེ་རྗེས་མྱུར་སྐྱོབ་ལྟེ་གནས་ལ་བརྡ་བརྒྱག་དགོས།

        高血压病人发病时,会伴有脑血管意外,除头痛、呕吐外,甚至还会出现意识障碍或肢体瘫痪,此时要让病人平卧,头偏向一侧,以免意识障碍或剧烈呕吐时将呕吐物吸入气道,然后通知急救中心。