བོར་བརླག་ཏུ་སོང་བའི་མཆོད་རྟེན་དང་སྐུ་འདྲ་སོཊ་ཨ་རི་ནས་ཚུར་རག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-19   རྩོམ་ཁུངས།    西藏日报藏文媒体

  ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན། བོར་བརླག་ཏུ་སོང་བའི་རིག་དངོས་38རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཨ་རི་ནས་གྲུབ་འབྲས་ཐོབ་པའི་ངང་འདེད་ལེན་ཐུབ་པ་དང་། ཕྱིར་སློག་མཛད་སྒོ་ཉིའུ་གཡོད་དུ་བཅའ་བཞུགས་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཁང་དུ་འཚོགས་ཤིང་། ཨ་རིའི་ཉིའུ་གཡོད་མན་ཧ་ཏུན་ཆུས་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་གཞུང་བཞེས་བཏང་བའི་ཀྲུང་གོའི་རིག་དངོས་38ཀྲུང་གོ་སྲིད་གཞུང་ལ་རྩིས་སྤྲད་པ་རེད། 
    གསལ་འབྱེད་རགས་ཙམ་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་གྱིས་རིག་དངོས་མང་ཆེ་བ་ནི་མིང་ཆིང་རྒྱལ་རབས་ཀྱི་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཡིན་པ་དང་། དེའི་ཁོངས་སུ་ཟངས་དང་། འདམ་པ། བ་སོ། ཤིང་སོགས་ལས་གྲུབ་པའི་མཆོད་རྟེན་དང་སྐུ་འདྲ་སོགས་ཡོད་ཅིང་། རིག་དངོས་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ཤིང་ཉར་ཚགས་ཡག་པོ་བྱས་ཡོད་པས། ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པའི་ཁ་ཚོན་བཅད་འདུག