བྱེད་སྟངས་འདི་དྲུག་གིས་ཀླད་པ་རྒས་པ་སྔོན་འགོག་བྱེད་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-19   རྩོམ་ཁུངས།    极地科普

ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་ཀླད་པ་རྒས་པའི་ཚད་ཇེ་མགྱོགས་སུ་འགྲོ་ལ། རྒས་ཟིན་པའི་ཀླད་པ་སླར་གསོ་བྱ་རྒྱུ་ཧ་ཅང་དཀའ། ཡིན་ནའང“ཀླད་པ་ནི་ཇི་ལྟར་སྤྱད་ན་དེ་ལྟར་རྒོད”ཅེས་པའི་བཤད་སྟངས་རྙིང་བ་འདི་ལ་གནས་ལུགས་ངེས་ཅན་ལྡན། དེ་བས་ང་ཚོས་ལོ40ཡི་སྔོན་དང་དེ་ལས་སྔ་བའི་དུས་ནས་བཟུང་ཀླད་པའི་བདེ་ཐང་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། འཚོ་བའི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་ན་ཀླད་པ་ན་གཞོན་བྱས་ཏེ་འདུག་པར་ཕན་ཐོགས་ཆེ་བར་མ་ཟད། རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀའང་ཇེ་བཟང་དུ་འགྱུར་ཐུབ། མི་དར་མ་དང་རྒན་པ་རྣམས་ཀྱིས་གཤམ་གྱི་ཐབས་ཤེས་འདི་དག་སྤྱད་དེ་ཀླད་པའི་བདེ་ཐང་ལ་སྲུང་སྐྱོབ་དང་ཀླད་པའི“ལོ་ཇེ་ཆུང་དུ་བཏང”ཆོག

图片


01

ཀླད་པར་ཕན་པའི་བཟའ་བཏུང་བསྟེན་པ།

རྒན་པ་རྣམས་ཀྱིས་ས་དབུས་རྒྱ་མཚོའི་བཟའ་བཏུང་བྱེད་སྟངས་ལྟར་འབྲུ་རིགས་དང་རྩི་ཤིང་སོགས་བཟའ་བཅའ་གཙོ་བོར་བྱེད་པ་དང་བཟའ་བཅའ་ལ་ཚད་ལས་བརྒལ་བའི་བཟོ་སྣོན་མི་བྱེད་པ། འོ་བཟོས་ཐོན་རྫས་དང་སྒོ་ངའི་རིགས། ཉ་ཤ མཚོ་སོས་སོགས་གཙོར་བྱས་ཏེ་སྤྲི་དཀར་རྒྱུ་ཁ་གསབ་བྱེད་པ། ཤ་སྣག་དང་སྣུམ་བསྲེགས་སོགས་ཚིལ་དང་མངར་ཆ་མཐོ་བའི་བཟའ་བཅའ་མི་བསྟེན་པ་བཅས་བྱ་དགོས། 

图片

ས་དབུས་རྒྱ་མཚོའི་བཟའ་བཅའ་བསྟེན་སྟངས། 

02

ཉིན་རེར་ཐེམ་སྐས་ལ་འཛེག་པ། 

ཁ་ན་ཏ་རྒྱལ་ཁབ་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཉིན་རེར་ཐེམ་སྐས་ལ་འཛེགས་ན་ཀླད་པའི་ན་ཚོད་ལོ0.58ཀྱིས་ཇེ་ཆུང་དུ་འགྱུར་ཐུབ། དེ་བས་བདེ་ཐང་གི་མི་དར་མ་རྣམས་ཀྱིས་གཟའ་ཁོར་རེར་སྐར་མ150རེ་བེད་སྤྱད་དེ་གཞུང་སྒྲུབ་ཁང་དང་ཁྱིམ་དུ་ཐེམ་སྐས་ལ་འཛེགས་ན་ལེགས། རྐང་ལག་བདེ་བའི་རྒན་པ་རྣམས་ཀྱིས་གཟའ་ཁོར་རེར་ཉུང་མཐར་ཐེངས3དང་། ཐེངས་རེར་དུས་ཚོད་ཕྱེད་ཀའི་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ན་འགྲིག་སྟེ། དཔེར་ན་དལ་རྒྱུག་དང་མགྱོགས་འགྲོ། ཡོ་ག་སོགས་ལྟ་བུའོ། །

图片


ཡོ་ག་སྦྱོང་པ།

03

ཉིན་རེར་ཆུ་ཚོད་བདུན་ལ་གཉིད་པ།

ཉིན་རེར་མ་མཐར་ཡང་ཆུ་ཚོད7ལ་གཉིད་ན་ཀླད་པས་ངལ་གསོ་བ་དང་སླར་སོས་བྱེད་པ་ལ་ཕན་ཞིང་། ཀླད་པའི་ནང་གི་སྙིགས་རོ་དང་དུག་རྒྱུ་གཙང་སེལ་བྱེད་པར་ཡང་ཕན། ལྷིང་འཇགས་དང་འོད་མི་རྒྱག་པའི་ཁོར་ཡུག་སྐྲུན་པ་དང་མ་གཉིད་གོང་ལ་རྐང་པ་སྦོང་བ། འཕུར་མཉེད་བྱེད་པ་སོགས་བྱས་ན་རྒན་པ་རྣམས་མགྱོགས་པོར་གཉིད་ཁུག་པར་ཕན། 

图片


04

གྲོགས་པོ་མང་པོ་སྒྲིག་པ།

སྤྱི་ཚོགས་འབྲེལ་འདྲིས་བཟང་བོས་ཀླད་པའི་ཡིད་འགྱུར་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། གནོན་ཤུགས་དང་ཡི་མུག་སེལ་ཐུབ། གྲོགས་པོ་རྙིང་བ་དང་ཁྱིམ་མི་སོགས་དང་ལྷན་དུ་ཇ་འཐུང་བ་དང་སྒོ་ཕྱིར་བསྐྱོད་དེ་རྩེད་མོར་རོལ་བ་སོགས་བྱས་ན་ཀླད་པའི་ནང་དུ་ཏའོ་པཱ་ཨན་དང་ནེ་ཧྥེ་ཐའེ་སོགས“དགའ་སྤྲོའི་སྐུལ་རྒྱུ”ཟགས་ཐོན་བྱས་ཏེ་ཀླད་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ། 

图片



05

དགའ་ཕྱོགས་སྐྱེད་སྲིང་བྱེད་པ། 

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དགའ་ཕྱོགས་མང་བའི་མི་དང་བསྡུར་ན་དགའ་ཕྱོགས་མི་འདང་བའི་མི་ལ་མངོན་གསལ་གྱིས་ཡི་མུག་ནད་འབྱུང་སླ་བ་ཡིན། དགའ་ཕྱོགས་ཀྱིས་མིའི་གཤིས་རྒྱུད་བསྐུན་ཐུབ་པར་མ་ཟད་ཀླད་པའི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ། དེ་བས་རྒན་པ་རྣམས་ཀྱིས་མེ་ཏོག་གསོ་བ་དང་འགྱིག་འདེད་པ། དཔེ་ཆར་ལྟ་བ་སོགས་བྱས་ཆོག་ལ། གལ་ཏེ་གླུ་གཞས་མཉམ་ལེན་དང་སྐོར་བྲོ་སོགས་སྤྱི་ཚོགས་འབྲེལ་འདྲིས་རང་བཞིན་ཅུང་བཟང་བའི་དགའ་ཕྱོགས་ཡོད་ན་དེ་བས་བཟང་། 

图片


06

རིག་ནུས་རོལ་རྩེད་མང་ཙམ་རྩེ་བ། 

རིག་ནུས་བྱེད་སྒོ་ཡིས་དབང་རྩ་འཚར་སྐྱེ་དང་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་ཐུབ།  དེ་བས་རྒན་པ་རྣམས་ཀྱིས་ཤེས་བྱ་གསར་བ་སློབ་པ་དང་བྱ་དངོས་གསར་བ་ཤེས་རྟོགས་བྱེད་པ། མི་གཞན་དང་འབྲེལ་འདྲིས་བྱེད་པ་སོགས་བརྒྱུད་དེ་ཀླད་པའི་གསོན་ཤུགས་རྒྱུན་འཁྱོངས་བྱ་དགོས། གཞན་དགུ་སྒྲིག་དང་པང་ལེབ་བདུན་མ། ཨ་ལོང་དགུ་མ། ཧཱ་རོང་ཏོ། ལུའུ་པན་ཟྭ་སོགས་རོལ་རྩེད་རྩེ་བ་དང་། འགྱིག་འདེད་པ། མཛུབ་མོའི་རྩལ་སྦྱོང་རྩེ་བ། གླུ་ལེན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀླད་པ་བེད་སྤྱོད་ལེགས་པོ་བྱ་དགོས། 

图片